Wednesday, December 22, 2010

འཛམ་གླིང་ལོ་རྒྱུས།

 ས་བཅད་དང་པོ།

ཧྥེ་གླིང་ནས་འོང་པ།

མི་ལོ་ས་ཡ་གཉིས་ལྷག་གི་ཡར་སྔོན་ལ་ཁོ་ཚོ་ཧྥེ་གླིང་ཏུ་འཚོ་མྱོང་ཞང་དེ་དུས་མི་འབོར་ཐར་ཐོར་ཙམ་ལས་མེད།ཁོ་ཚོར་འགྲོ་བ་མི་ཞེས་ཕལ་ཆེར་བརྗོད་ཆོག་ལ་གཟུགས་པོའི་བོངས་ཚད་དེ་ད་ལྟའི་འཛམ་གླིང་སྟེང་གནས་པའི་ཁོ་ཚོའི་ཡང་ཚ་རྣམས་ལས་ཅུང་ཆུང་བར་སྣང་།དེ་དག་ཡར་འགྲེངས་ཏེ་འགྲོ་བ་མ་ཟད་ཤིང་དང་རི་ལ་འཛེག་པར་ཤིན་ཏུ་མཁས།
ཁོ་ཚོའི་ཟས་སུ་གཙོ་བོ་ཤིང་ཏོག་དང་།ཚི་གུའབྲུ་གུ།སྐྱེ་ཤིང་གི་རིགས་བརྟེན་ཡོད་མོད་ཤ་ནི་ཟ་མགོ་ཚུགས་ཙམ་ཡིན།དེ་དག་གི་རྒྱུན་སྤྱོད་ཡོ་བྱད་ནི་ཧ་ཅང་རྗེས་ལུས་ཡིན་པ་དང་།གལ་ཏེ་ཁོ་ཚོས་རྡོ་ཆས་ཤིག་བཟོས་རུང་རྒྱུན་གཏན་པ་ཞིག་མིན་པས་ཕལ་ཆེར་དེ་ཚོས་ཤིང་དབྱུག་སྤྱད་དེ་རང་སྲུང་གཞན་རྒོལ་བྱེད་པ་མ་ཟད།རི་བོང་སོགས་སྲོག་ཆགས་ཆུང་ངུའི་མཚང་བརྐོ་འབྲུ་བྱེད་པར་ཡང་སྤྱོད་ཀྱིན་འདུག།འོན་ཏེ་དགུན་གྱི་ཙག་ངར་ལ་གཡོལ་བར་བསྐྲུན་པའི་རྩའི་སྤྱིལ་བུ་ཞིག་ཡོད་མེད་རྟོགས་དཀའ་བའི་གནས་ཞིག་རེད།ཁོ་ཚོས་བྲག་ཕུག་རེ་རྙེད་ཚེ་དེར་གནས་བཅའ་བ་སྨྲོས་ག་ལ་དགོས།དེ་ཡང་འདི་ལྟ་བུའི་གཏན་སྡོད་ཀྱི་གནས་མལ་གྱིས་ལ་ལུང་མྱུལ་ཏེ་བཟའ་བཏུང་འཚོལ་སྒྲུབ་བྱ་བའི་འགྲུལ་བསྐྱོད་ལ་བཀག་རྒྱ་ཤུགས་ཆེན་བཟོས་འདུག།རྒྱུ་མཚན་ནི་ཁོ་ཚོའི་བཟའ་བཏུང་ནི་དུས་བཞིའི་འཕོ་འགྱུར་ལ་རེག་ལས་པས་ཁོ་ཚོའི་ཚེ་སྲོག་གི་རྒྱུན་སྲིང་ཕྱིར་ཟས་སྣ་མོད་པོའི་ཡུལ་ལུང་ཞིག་གསར་རྙེད་བྱ་བའི་རྒྱང་བསྐྱོད་ངེས་པར་ཏུ་བྱ་དགོས།ཁོ་ཚོའི་བཟའ་བཏུང་ནི་ལོ་ངོ་སྟོང་ཕྲག་བརྒྱད་ལྷག་རིང་བསྟུད་མར་བྱུང་བའི་གསར་རྙེད་ཀྱི་ཤེས་རྟོགས་ཡིན་པ་དང་།དེ་དག་ལས་གལ་གནད་ཆེས་ཆེ་བ་ཞིག་ནི་མཐོང་ངོར་མཛེས་པའི་ཤིང་ཟས་རིགས་དུག་ལྡན་ཡིན་མིན་བརྡར་ཤ་གཅོད་རྒྱུ་དེ་རེད།དེ་ཚོས་ཐན་པ་དང་མུ་གེ་ཀློང་ནས་འཚོལ་སྒྲུབ་བྱས་པའི་བཟའ་བཏུང་གསར་པས་མི་རེ་འགར་སྲོག་སྐྱོན་བྱུང་ཏུ་བཅུག་པའམ་ཡང་ན་དུག་ནད་ཚབས་ཆེན་ཕོག་ཏུ་བཅུག་ཡོད་སྲིད།
ལོ་ངོ་ས་ཡ་གཉིས་ཡར་སྔོན་གྱི་མི་འདི་དག་ལ་(hominid)ཞེས་བརྗོད་ལ་དེ་དག་གཙོ་བོ་ཨ་ཧྥེ་རི་ཁའི་ནང་གི་(Kenya)དང་།(Tanzania)(Ethiopia)བཅས་སུ་འཚོ་སྡོད་བྱས་མྱོང་།གལ་སྲིད་ཧྥེ་གླིང་འདི་འཕྲེད་ཐིག་གསུམ་གྱི་ཁྱབ་ཁོངས་ནང་བགོ་བྱ་བརྒྱབ་ཚེ་འགྲོ་བ་མིའི་རིགས་ཀྱིས་འཕྲེད་ཐིག་དཀྱུས་མའམ་ཚ་བ་ཆེ་བའི་ཁུལ་བཟུང་ཡོད་ལ་ས་ཁོངས་དེ་ནི་ཧ་ལམ་བདེ་བའི་ཐང་ཡིན།ལོ་ངོ་ཆིག་སྟོང་ངམ་ཉིས་སྟོང་ཡར་སྔོན་གྱི་གནམ་གཤིས་འགྱུར་ལྡོག་གིས་ནགས་ཚལ་ཐང་ལ་བསྒྱུར་ཏེ་འགྲོ་བ་མིའི་རིགས་སྤྲ་མི་ལས་རིང་ཏུ་གྱེས་པར་སྐུལ་འདེད་ཤུགས་ཆེན་ཐེབས་པས་ཁོ་ཚོས་དུས་ཡུན་རིང་པོའི་ལོ་ཟླ་ཡངས་བའི་ཐང་ནས་སྐྱེལ་མགོ་ཚུགས།
འགྲོ་བ་མི་དེ་དག་ལ་ལོ་རྒྱུས་ཡུན་རིང་ལྡན་ཡང་དེ་དག་ལ་དྲན་ཤེས་དབེན་པ་མ་ཟད་།ཟིན་ཐོའང་བྲལ་བས་ང་ཚོས་གླེང་བའི་ལོ་ཟླ་འདི་(Egypt)ཡི་སྙུང་གཟུགས་མཆོད་རྟེན་(Pyrimid)་བརྩིགས་པ་ནས་དབུ་ཚུགས་པ་ཡིན།དུས་ཡུན་དེ་འགྲོ་བ་མིའི་རིགས་བརྒྱུད་མྱོང་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་བསྡུར་ཚེ་མིག་རྡེབ་ཡུན་ཙམ་ཞིག་རེད།གནའ་བོའི་རྗེས་ཤུལ་ཞིག་(Tanzmania)རུ་གསར་རྙེད་བྱུང་ཡོད་ལ་དེ་ནི་ཆར་ཟིམ་གྱིས་བརླན་པའི་མེ་རིའི་རྡུལ་ཕུང་སྟེང་སྐྱེ་བོ་དར་མ་གཉིས་དང་བྱིས་པ་གཅིག་བཅས་ཀྱིས་བཀོད་པའི་རྐང་རྗེས་རེད།དེ་ཉིད་ཉི་འོད་ཀྱིས་སྐམ་བསྲེགས་བཏང་རྗེས་ས་རྡུལ་རིམ་པ་དུ་མས་གཡོགས་འདུག་ལ་དེ་ནི་ཉུང་མཐར་ཡང་ལོ་ངོ་༣༦༠༠༠༠༠་ལྡན་པའི་རྐང་རྗེས་ཏག་ཏག་ཞིག་ཡིན་ཡང་འཚོ་བཞིན་པའི་འཛམ་གླིང་གི་ལོ་རྒྱུས་ཁྲོད་ད་དུང་ལོ་ན་ཧ་ཅང་ཕྲ་སྟེ།ཆེས་མཐའ་མཇུག་གི་ཁུང་འབྲུག་དེ་ལོ་ངོ་༦༩༠༠༠༠༠༠་ཡར་སྔོན་ལ་རྩ་སྟོང་དུ་ཕྱིན་ཚར་ཡོད།
གནའ་མི་དེ་དག་ཧྥེ་གླིང་ཤར་མའི་མཚེའུ་འགྲམ་དང་བྱེ་ཁུག་གམ་ཡང་ན་ཡངས་བའི་རྩ་ཐང་བཅས་སུ་གནས་བཅའ་བར་སྤྲོ་བ་སྟེ་དེ་དག་གི་རྗེས་ཤུལ་རེ་འགའ་གནས་འདི་འདྲར་རྙེད་སོན་བྱུང་ཡོད།མི་དེ་དག་མཚོི་ངོས་ལས་སྨི་ཁྲི་(Hominid)ཆིག་སྟོང་དྲུག་བརྒྱའམ་ཉིས་སྟོང་ལས་མཐོ་བའི་(Hominid)མཐོ་སྒང་གི་གནམ་གཤིས་གྲང་མོར་ཡང་གོམས་ནུས་པ་མ་ཟད།དུས་བཞིར་ལྗང་ལྡེམ་མེར་གནས་པའི་སྟོད་ཕྱོགས་ཀྱི་ནགས་ཀློང་ཏུ་འང་འཚོས་འདུག།གནས་ཡུལ་གང་ལའང་གོམས་པར་ནུས་པའི་ཁོང་ཚོའི་ཁྱད་ཆོས་དེ་རྨད་དུ་བྱུང་བ་ཞིག་རེད།
ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དྲག་པོའི་ནང་རང་ཉིད་ཀྱི་སྲོག་གི་རྒྱུན་བསྲིང་ཞིང་རིགས་ཀྱི་རྒྱུན་སྤེལ་བར་འགྲོ་བ་མི་འདི་ནི་ནམ་ཡང་ཟླ་མེད་པ་ཞིག་ཡིན།ཁོ་ཚོ་གནས་བའི་ཧྥེ་གླིང་གི་ས་ཆ་རུ་སྟོབས་ལྡན་གྱི་གཅན་གཟན་རེ་འགའ་གདུག་ཅིང་རྩུབ་ན་ཡང་འགྲོ་བ་མིའི་གྲངས་འབོར་དེ་དག་ལས་ལྡབ་གྱིས་འཕེལ།ས་ཆའི་ཐོན་ཁུངས་ལས་བརྒལ་བའི་མིའི་གྲངས་འབོར་རམ་ཡུན་རིང་གི་ཐན་པས་ཁོ་ཚོ་བྱང་རྒྱུད་དུ་དེད་ཅིང་ལོ་ངོ་ས་ཡ་གཉིས་ཡས་མས་ཀྱི་གོང་ཏུ་བྱང་རྒྱུད་ལ་གནས་སྤོར་བྱེད་མགོ་ཚུགས་པའི་དཔང་པོ་ཤིན་ཏུ་ཁུངས་བཙུན།འོན་ཏེ་བྱང་ནུབ་ཨ་ཧྥེ་རི་ཁ་ནས་མཆེད་དེ་ཨེ་རབ་བརྒལ་བའི་འཛམ་གླིང་གི་བྱེ་ཐང་ཆེན་མོ་སྟེ།ས་ཧ་རས་ཁོ་ཚོའི་བགྲོད་ལམ་རིང་མོ་དེ་གནས་སྐབས་ཙམ་ལ་བཀག་ཡོད་སྲིད་ཀྱང་ཧྥེ་གླིང་དང་ཨེ་ཤེ་ཡ་ཆུང་བ་(Hominid)གཉིས་བར་གྱི་སྐམ་སའི་ཟམ་ཆུང་དོགས་མོ་དེ་ཚེགས་མེད་ངང་བརྒལ།

ཡ་གླིང་ཕྱོགས་སུ་བསྐྱོད་པ།

ཁོ་ཚོ་རུ་ཚོ་ཆུང་ངུ་བྱས་ཏེ་གནས་སྤོར་བྱེད་ཅིང་དེ་དག་ནི་འཚོལ་ཞིབ་པ་ཡིན་ལ་གཏན་སྡོད་མཁན་ཡང་ཡིན།ཁོ་ཚོ་རྒྱུས་མངའ་བྲལ་བའི་ཡུལ་ཁམས་སུ་འབྱོར་དུས་དེའི་བཟའ་བཏུང་གསར་བར་གོམས་དགོས་པ་མ་ཟད།གཅན་གཟན་དང་།དུག་སྦྲུལ།དུག་སྲིན་གྱི་རིགས་སོགས་ལ་བག་ཟོན་བྱ་དགོས།ལམ་སྣ་ཁྲིད་པའི་མདུན་བསྐྱོད་པ་ཚོ་དགེ་ཕན་ཤིན་ཏུ་ཆེ་སྟེ་ཁོ་ཚོ་དོ་ཟླར་མི་འོང་བའི་སིལ་འཛུལ་བ་ཐོན་ཚེ་གདོད་གཏད་དེ་དམར་འཛིང་བྱ་མི་དགོས།
གནས་སྤོར་འདི་འགྲུལ་སྐྱོད་ལས་མཐུད་རྒྱུག་འགྲན་སྡུར་ཞིག་དང་འདྲ་སྟེ(relayrace)དེ་དག་ཚོགས་མི་དྲུག་ནས་བཅུ་གཉིས་བར་གྲུབ་པའི་རུ་ཚོ་ཆུང་ངུར་བགོས་ཏེ་ཐག་མི་རིང་སར་འགྲོ་ཞིང་ཡང་ཐག་མི་རིང་བར་གནས་བཅོལ།རུ་ཚོ་རྗེས་མ་དག་འོང་ནས་ཁོ་ཚོའི་མདུན་དུ་མཆོང་བའམ་ཁོ་ཚོ་སྔོན་འདེད་བྱེད་པ་སོགས་བྱེད་པ་དེས་ཨེ་ཤེ་ཡ་སྐམ་ས་ཆེན་མོ་འདི་རྒལ་བར་ལོ་ངོ་༡༠་༠༠༠ངམ་༢༠༠་༠༠༠ཡས་མས་ཕྱིན་ཡོད།དེ་དུས་ཁོ་ཚོ་རི་བོའི་ལ་འཛེགས་ཤིང་དམའ་བའི་ན་བརྒལ་དགོས་པ་མ་ཟད།གཞུང་ཆེ་གཞུང་ཡངས་ཤིང་གྲང་ངར་ཆེ་ལ་དྲག་ཏུ་བཞ༧ར་བའི་ཆུ་བོའང་གྲངས་མེད་བརྒལ་དགོས།་འོན་ཀྱང་ཁོ་ཚོ་ཆར་ཆུ་དཀོན་པའི་དུས་ཚིགས་ནང་ཆུ་གཞུང་བརྒྱུད་དེ་བརྒལ་བའམ་ཡང་ན་ཆུ་མོ་མ་འདུས་པའི་ལུང་ཕུག་བརྒལ་ཏེ་ཆུ་བོའི་ཕ་རོལ་དུ་ཕྱིན་པ།ད་དུང་དེ་དག་ཆུ་མོར་རྐྱལ་རྒྱག་ཐུབ་མིན་བཅས་སུས་ཀྱང་རྟོགས་མ་ནུས།སྨུག་ནག་པའི་མཚན་མོ་ས་རྩུབ་སར་སྐྱེལ་དུས་ཁོ་ཚོས་འཚེ་བ་མི་འབྱུང་བའི་གནས་མལ་ཞིག་གདམས་དགོས་ལ།དེར་ཁྱི་སོགས་ཀྱི་སྡོང་གྲོགས་མེད་པར་མཚན་ཞག་གང་བོར་གཅན་གཟན་གཏུམ་པོའི་འཇབ་རྒོལ་མི་ཡོང་བའི་བྱ་ར་བྱ་དགོས།
དལ་ལ་རིང་བའི་འགྲུལ་སྐྱོད་འདི་མིའི་ལོ་རྒྱུས་ཀྱི་ཤོག་ངོས་སུ་རྒྱང་བཞུད་ཐོག་མ་དེ་ཆགས་ཡོད་ཅིང།མི་འདི་དག་ཚ་བ་ཆེ་བའི་ཁུལ་ནས་ཁོ་ཚོའི་ཡང་མེས་ཚོས་མྱངས་མ་མྱོང་བའི་གྲང་བའི་ས་ཆར་འོངས་ཏེ་ཚ་གྲང་རན་པའི་ཁུལ་ལ་ཡོངས་སུ་གནས་བཅས་ཡོད་སྲིད།དེའི་གནམ་གཤིས་དང་ཟས་རིགས་སོགས་གོམས་མྱོང་མེད་པ་ཞིག་མིན།དུས་ཡུན་གང་མང་གི་རིང་ལ་ཐ་ན་གནམ་གཤིས་ཇེ་འཁྱག་ཏུ་སོང་སྟེ་འཁྱག་རོམ་གྱི་བམ་པོ་ལྷོ་ཕྱོགས་སུ་གཡོའང་ཐ་ན་ཡོ་རོབ་ལྷོ་མ་དེ་ད་དུང་འགྲོ་བ་མི་རིགས་དང་ཁ་ཐག་རིང།
གྲང་ངར་ཆེ་བའི་མཚན་ངོགས་སུ་ཁོ་ཚོ་མེ་ལ་སྲོས་ཏེ་དྲོད་འབྱིན་གྱིན་ཡོད་མེད་བློས་དཔོག་དཀའ་མོད་གློག་ཞགས་མཆེད་དེ་ཉེ་འགྲམ་གྱི་རུ་ཁུལ་དུ་མེ་བསླངས་ཚེ་ཁོ་ཚོས་ཤིང་དབྱུག་གི་དཔལ་འབར་སྒྲོན་ཏེ་མེ་བསྒྲིལ་བ་མ་ཟད།ཁོ་ཚོ་དང་མཉམ་དུ་ཁྱེར་བཞིན་ཡོད།ཤིང་སྐམ་རྫོགས་ཤིང་མེ་དལ་ལ་ཉེ་དུས་ཤིང་སྐམ་སྒྲོན་དེ་བསྐྱར་དུ་མེ་གསོ་ལ་སྒྲིལ་ཟིན་པའི་མེ་དེ་ཤིན་ཏུ་རྩ་ཆེན་དུ་རྩིས་ཏེ་གཟབ་ནན་ངང་ཉར་ཚགས་བྱེད།འོན་ཀྱང་ཉར་ཚགས་ཀྱི་མ་འདང་བ་དང་།ཆར་ཞོད་ཆེན་པོ།བུད་ཤིང་དཀོན་པའི་རྐྱེན་གྱིས་མེ་དེ་ཤི་འགྲོ་བ་ཡིན།ཏག་ཏག་གནའ་བོའི་ཨོ་སི་ཁྲོ་ལི་ཡའི་(Hominid)ས་སྐྱེས་རྡོ་སྐྱེས་ཀྱི་མི་རྣམས་མེ་དང་འགྲུལ་བཞུད་བྱེད་པ་བཞིན་ཁོ་ཚོས་མེ་གསོས་ཡོད་ཚེ་བཞུད་ལམ་ཧྲིལ་བོར་དེ་ཉིད་ཤིན་ཏུ་རྩ་ཆེར་རྩིས་ཡོདསྲིད།གལ་ཏེ་མེ་ཤི་ཚེ་གློག་ཞགས་སམ་མེ་ཉར་བའི་རུ་ཚོ་གཞན་ཞིག་ལ་འཕྲད་པར་ངང་སྒུག་མི་བྱེད་ཐབས་མེད་རེད།
མིའི་རིགས་ཀྱི་ལོ་རྒྱུས་ནང་མེ་གསོ་བའི་ནུས་པ་དེ་སྤར་ཟིན་པའི་མེ་འཐུལ་བསྒྲིལ་བྱེད་པ་ལས་བྱུང་འཕྱིས་ནའང་མཇུག་མཐར་ཤིང་སྐམ་ཕན་ཚུན་རྩུབ་ཏེ་མེ་གསོ་བའམ་མུ་གཟི་སེར་བོ་དང་ཡང་ན་འོས་འཚམ་གྱི་རྡོ་ཕན་ཚུན་བརྡབ་དེ་མེ་སྟག་འབྱིན་ཐུབ་ཡོད།བརྒྱུད་རིམ་འདི་གཉིས་ནང་བུད་ཤིང་སྐམ་པོ་དང་བུད་ཤིང་སྐམ་པོའི་སྟེང་དལ་གྱིས་གཞུས་པའི་རྩལ་གཉིས་ངེས་པར་དུ་མཁོ།དུས་རབས་བཅུ་དགུ་བའོ་སྔོན་ཞིག་ནས་ཤེས་རྟོགས་བྱུང་པ་ལྟར་ཐ་ན་(Tasmanians)རང་མི་ཚོས་ཁོ་ཚོ་གང་དུ་ཕྱིན་ཀྱང་དཔལ་འབར་ཁྱེར་དེ་འགྲོ་ལ་མེ་ཤི་ཚེ་ཤིན་ཏུ་བློ་ཕམ་བྱེད་བཞིན་འདུག།དེ་བས་ཁོ་ཚོས་མེ་ཁ་གསར་བ་གསོ་བའི་ཚེགས་ཅན་གྱི་ལས་དེ་རྒྱུན་ལྡན་བཞིན་སྒྲུབ་ཐུབ་མིན་བློ་ལ་ཤར་དཀའ་བ་ཞིག་མེད།
བྱང་ཆ་དོད་པོའི་ངང་མེ་བེད་སྤྱོད་བྱེད་པ་ནི་མིའི་ལོ་རྒྱུས་ཁྲོད་ཀྱི་རྒྱལ་ཁའི་རྡོ་རིང་ཅིག་སྟེ།དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་མྱོང་བ་དང་ཀླད་པ་རྩལ་སྤྲུགས་བྱས་པའི་གཡུར་ཟའི་འབྲས་བུ་ཞིག་ཡིན།དེ་ཉིད་ཇི་ལྟར་བཀོལ་སྤྱོད་བྱས་ཡོད་མེད་དུས་རབས་ཉི་ཤུ་བར་དུ་གནས་བའི་(Australia)་མཐབ་འཁོབ་ཀྱི་གནས་འགའི་འཚོ་སྟངས་ལས་མཐོང་ཐུབ།ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་དུས་མཚོ་མོ་དང་ཁ་ཐག་རིང་བའི་གནས་སུ་ས་སྐྱེས་རྡོ་སྐྱེས་ཀྱི་མི་སྟེ་(Aborigines)་མེ་དཔུང་ཆུང་ངུ་སྒྲོན་དེ་དུ་བའི་བརྡ་རྟགས་གཏོང་ལ་དེ་མི་སྣང་ངོར་ཤར་བའི་དར་འཕྲིན་རེད།འཚོལ་རྟོགས་པ་གང་མང་ཞིག་གིས་(Australia)་ས་སྐྱེས་རྡོ་སྐྱེས་ཀྱི་མི་(Aborigines)རྣམས་མི་མངོན་པའི་གནས་སུ་ཡིབ་ཏེ་ཕན་ཚུན་ལ་དུ་བའི་བརྡ་བཏང་སྟེ་ཁོང་ཚོར་གཟིག་བཞིན་པ་རྟོགས་ཡོད།(Aborigines)་ས་སྐྱེས་རྡོ་སྐྱེས་ཀྱི་མི་རྣམས་ཀྱིས་མེ་འདི་བཟའ་བཏུང་གཡོས་སྦྱོར་དང་དྲོད་སྐྱེད་པ།རི་དྭགས་རྣམས་ལ་དུད་པ་བདུག་པ་སོགས་བཀོལ་སྤྱོད་རྒྱ་ཆེར་བྱེད།རྔ་སྦུག་གི་ལྔིར་སྒྲའི་ཀློང་ནས་དུས་སྟོན་ལ་བསུ་བ་བྱེད་དུས་ཚེས་ཆེན་བཅོ་ལྔའི་ཟླ་བ་མ་གཏོགས་མེ་དཔུང་ནི་མཚན་མོའི་མུན་སེལ་གྱི་སྒྲོལ་མེ་གཅིག་པུ་རེད།མེ་ལ་བརྟེན་ནས་རི་དྭགས་རྔོན་བྱེད་ཀྱི་མདའ་དང་མདུང་སོགས་བཟོ་བ་མ་ཟད།བེམ་པོ་མེས་བསྲེག་གཏོང་བ།མིའི་ལུས་སྟེང་ལ་དམིགས་བསལ་གྱི་ཁྲ་ཐོག་འགོད་པ།ད་དུང་མཚེར་ཤུལ་གྱི་རྩ་ཕུང་ཁྲོད་ཀྱི་དུག་སྦྲུལ་གདའ་འདེད།འབུ་སྲིན་གཙང་གཟོ།རྔོན་པས་རྩ་ཕུང་བསྲེག་སྟེ་རི་དྭགས་རྣམས་ཕྱོགས་ངེས་ཅན་ཞིག་དུ་ཁ་ལོ་བསྒྱུར་བ།ལོ་ཟླ་ངེས་ཅན་ཞིག་གི་ནང་དུ་རྩ་ལྡུམ་གྱི་སྐྱེ་སྟོབས་སྤེལ་བར་རྙིང་བསྲེག་གསར་སྐྱེས་བྱ་བའི་ཐབས་ལམ་སྤྱད་དེ་རི་ལུང་མེ་བསྲེག་གཏོང་བ་སོགས་བྱེད།འདི་དག་ཡོད་ཚད་མེ་ཡི་སྤྱོད་ཀོ་སྟེ་ཉེ་ལམ་བར་འགྲོ་བ་མིའི་རིགས་ཀྱིས་བདག་དུ་བཟུང་བའི་སྤྱོད་སྒོ་ཆེས་ཆེ་བའི་ཡོ་བྱད་ཅིག།
དེ་རིང་མིའི་རིགས་ཀྱིས་བཟུང་བའི་མཚོན་ཆས་མཆེ་བ་གཙིག་ཅིང་སྡེར་མོ་བགྲད་པའི་སྲོག་ཆགས་ཚོ་ཉམས་དམས་པར་བྱས་ཡོད།གང་ལྟར་ལོ་ནག་རིང་མོ་ཞིག་གི་ནང་འགྲོ་བ་མིའི་རིགས་ནི་སྙིང་རྗེ་སྐྱེ་སའི་གནས་ཡིན།་གཟུགས་གཞིའི་བོངས་ཚོད་ཀྱི་ཐད་ནས་དེ་དག་ཉེ་འཁོར་གྱི་སྲོག་ཆགས་མང་བོ་ལས་ཉམ་ཆུང་ཞིང་སྟོབས་ཞན།སྟོབས་ལྡན་གྱི་སྲོག་ཆགས་དེ་ཚོ་རང་དབང་མེད་པར་མིའི་གྲངས་ལས་བརྒལ་བ་མ་ཟད།ས་ཁུལ་ཡོངས་ཀྱི་མི་འབོར་ཧྲིལ་བ་དེའང་གཅན་གཟན་གཏུམ་པོ་གཞན་དག་དང་བསྡུར་ཚེ་རྩིས་རིན་མེད་པ་ཞིག་རེད།་ད་དུང་མིའི་རྐང་རྗེས་ཕབ་མ་མྱོང་བའི་བྱང་ཨ་མི་རི་ཁར་འབྲོང་ཁྱུའི(bison)གྲངས་འབོར་འབུམ་ཁར་བུད་ནས་རྒྱུད་པ་བ་སོ་གཞུ་ལྟར་བཀུག་པའི་སྤུ་གླིང(mammoth)་སྟེ་གླིང་ཆེན་རིགས་དེ་མིའི་གྲངས་འབོར་ལས་ལྡབ་ཀྱིས་འཕེལ་ཡོད་སྲིད།
གཅན་གཟན་གཏུམ་པོ་ཚོས་རྒོལ་བའི་འཇིགས་ཉེན་ཤིན་ཏུ་ཆེ་སྟེ་ཐ་ན་དུས་རབས་བཅུ་དགུ་བའི་རྒྱ་གར་ནང་དུའང་སྡེ་མི་ཚོས་བཟུང་བའི་ལྕགས་མཚོན་དང་།ཁོ་ཚོའི་སྒྲིག་འཛུགས་ལྡན་པའི་ནུས་པ།དེ་མིན་གྱི་འགོག་སྲུང་ཡོ་བྱད་སོགས་གནའ་མིས་བཟུང་བའི་མཚོན་ཆ་ལས་མཆོག་ཏུ་གྱུར་ནའང་སྟག་གི་འཇིགས་པ་དེ་ད་དུང་སྐྱི་གཡའ་བ་ཞིག་རེད།དུས་རབས་དེའི་ནང་དཔག་རྩིས་ལྟར་ན་སྟག་གིས་རྒྱ་གར་བ་༣༠༠་༠༠༠ལྷག་དང་རྣང་མའི་ནང་སྒོ་ཕྱུགས་འབུམ་ཕྲག་དུ་མ་ཉེ་བ་ཁྱུར་མིད་བཏང་འདུག་་རྒྱ་གར་བྱིས་པ་ཚོར་སྤྱང་ཀིས་འཇབ་རྒོལ་བྱེད་པའི་ཉེན་ཡང་ཧ་ཅང་ཆེ་སྟེ།སྤྱི་ལོ་༡༩༩༦ལོའི་ནང་དུའང་བྱིས་པ་རྒྱ་གར་གྱི་མངའ་སྡེ་ཞིག་གི་ནང་དུ་བྱིས་པ་༣༣ལ་ཉེན་ཚབས་ཆེ་བའི་རི་སྤྱང་གི་འཇབ་རྒོལ་ཐེབས་ཡོད།ཡིན་ཡང་ཧྥེ་གླིང་གི་ཕ་གཞིས་དྲོན་མོ་རུ་མིའི་རིགས་ཀྱིས་སེང་གེ་དང་གཟིག་སོགས་སྤ་བཀོང་བར་བྱས་ཡོད་སྲིད།འུ་ཅག་འགྲོ་བ་མིའི་སྒྲིག་འཛུགས་ཀྱི་ནུས་པ་དེ་སྤྱིར་རང་སྲུང་བྱེད་པར་འགངས་ཆེ་བ་སུས་ཀྱང་བསྙོན་དུ་མི་ནུས་པ་ཞིག་རེད།སྲོག་གི་གཤེད་དུ་གྱུར་བའི་དགྲ་བོར་རྒོལ་བའི་ནུས་པ་མེད་པར་གནའ་མི་ཚོ་ཚ་བ་ཆེ་བའི་ས་ཁུལ་གསར་བར་བསྐྱོད་པས་དེ་ཚོ་སྐད་ཅིག་དེ་ཉིད་ལ་ཤ་གཟན་ཚོའི་ཟན་དུ་གྱུར་ཡོད་སྲིད།ས་ཆ་རེ་འགར་མི་གྲངས་བཅུ་གཉིས་ཙམ་ཡང་མེད་པའི་སྔོན་སྐྱོད་རུ་སྲུང་བ་ཚོའང་རྨེག་མེད་དུ་བཟོས་ཡོད།
ལོ་ངོ་༡༨༠༠་༠༠༠ལྷག་གི་ཡར་སྔོན་ལ་སྔོན་སྐྱོད་རུ་སྲུང་གི་ལས་འགུལ་འདི་མ་ཧཱ་ཙི་ཎའི་ཡུལ་དང།་ལྷོ་ནུབ་ཨེ་ཤ་ཡའི་གླིང་དུ་འབྱོར་ཡོད།་ཁོ་ཚོ་སྐམ་ས་བརྒྱུད་ནས་ཇ་བ(Java)རུ་ཐོན་ལ་དེ་རུ་གནས་སྡོད་པ་ཞིག་གི་རུས་པ་རྙེད་སོན་བྱུང་སྟེ་ཞིབ་ཚགས་པའི་ཞིབ་འཇུག་བྱས་འདུགའདི་ནི་མཚོ་མོའི་ངོས་ཚད་ལ་འཕེལ་འགྲིབ་མང་བའི་ལོཞིག་ཡི་མོད།ཇ་བ(Java)དང་སོ་མ་ཁྲུ་རི་གཉིས་ཀྱིས་ཡ་གླིང་སྐམ་ས་ཆེན་མོའི་ཚད་ལྟ་བུའི་སྐམ་ས་ཞིག་གྲུབ་ཡོད།དེ་བས་གནའ་མི་ཚོ་ཚ་དབུས་ས་ཁུལ་དང་ཧྥེ་གླིང་ནུབ་མ་ནས་དྲོད་གྲང་རན་པའི་ཡ་གླིང་དབུས་མ་ཁུལ་དང་དེ་ནས་ཚ་དྲོད་ཆེ་བའི་ལྷོ་ནུབ་ཨེ་ཤ་ཡ་བཅས་སུ་དལ་ལ་རིང་བའི་ཟླུམ་གཟུགས་ཨ་ལོང་འདྲ་བའི་ལམ་བུ་བརྒྱུད་ནས་གནས་སྤོར་བྱས་པ་དང་ཁོ་ཚོའི་འགྲུལ་བཞུད་ཀྱི་ལམ་བུ་དེ་ས་ཁྲའི་སྟེང་ཁ་མ་བཀང་བའི་ཟླུམ་གཟུགས་ཤིག་དུ་གྲུབ་ཡོད།
དེ་བས་གནའ་མི་ཚོས་ཚ་དབུས་ས་ཁུལ་དང་ཧྥེ་གླིང་ནུབ་མ་ནས་དྲོད་གྲང་རན་པའི་ཡ་གླིང་དབུས་མའི་ཁུལ་དང་དེ་ནས་ཚ་དྲོད་ཆེ་བའི་ལྷོ་ནུབ་ཨེ་ཤ་ཡ་བཅས་སུ་དལ་ལ་རིང་བའི་ཟླུམ་གཟུགས་ཨ་ལོང་འདྲ་བའི་ལམ་བུ་བརྒྱུད་ནས་གནས་སྤོར་བྱས་པ་དང་།ཁོ་ཚོའི་འགྲུལ་བཞུད་ཀྱི་ལམ་བུ་དེ་ས་ཁྲའི་སྟེང་ཁ་མ་བཀང་བའི་ཟླུམ་གཟུགས་ཁ་ཤོ་མ་ཞིག་གྲུབ་འདུག
མུ་འབྲེལ་བའི་མིའི་རིགས་ཀྱི་འགྲུལ་བཞུད་རིང་མོ་འདིའི་གསང་བ་ཕྲན་བུ་ཞིག་བརྟོལ་ཟིན་ཡང་དེ་ལས་ཀྱང་མང་བའི་གསང་བ་གང་མང་ཞིག་དུས་རབས་རྗེས་མའི་གནའ་རབས་ལོ་རྒྱུས་མཁས་པ་དང་གནའ་རྫས་རྟོག་དཔྱོད་པས་དམར་རྗེན་དུ་འདོན་པར་ངེས།འབུམ་ལོ་དང་པོའི་དས་སུ་ཡ་གླིང་གི་ས་ཁྱོན་ཅི་ཙམ་ཞིག་བདག་བཟུང་བྱས་ཡོད་པ་བློས་དཔྱོད་དཀའ།གལ་ཆེ་བ་ཞིག་ནང་ལོགས་ས་ཁུལ་གྱི་མི་སྟེ་འདི་དག་མཚོ་འགྲམ་བརྒྱུད་རྟེན་གཞི་བྱས་པ་འཕྱི་བ་མ་ཟད་ཐ་ན་གཏིང་མི་ཟབ་པའི་མཚོ་མོ་འདུལ་བར་ཡང་ཤིན་ཏུ་འཕྱི།ལོ་ངོ་༡༠༠་༠༠༠ཁོ་ན་ཙམ་གྱི་ཡར་སྔོན་དུ་ཧྥེ་གླིང་མཚོ་འགྲམ་ཁུལ་དུ་ཐ་ན་ཁོ་ཚོས་ཉའང་འཛིན་བཟུང་བྱེད་ཀྱིན་མེད།འོན་ཀྱང་ཐར་ཐོར་ངང་མཚོ་རྒྱུད་ཁུལ་དུ་འདུས་ཏེ་སྐབས་ལ་རེར་ཉེན་ཆེ་བའི་མཚོ་ལ་འཐབ་ཞིང་མཚམས་ལ་རེར་དེའི་རླབས་རྩེར་ཡང་བཅིབས་པར་བྱེད།
མི་ལོ་༨༠༠་༠༠༠ལྷག་ལྡན་པའི་ཡ་ཐོག་མི་ཡི་གནས་ཤུལ་ཞིག་(Indonesian)ཧིན་རྡུ་ཉི་ཞི་ཡའི་གླིང་ཕྲན་ཞིག་གི་སྟེང་རྙེད་སོན་བྱུང་ཡོད།(Flores)ཧྥིལོ་རུ་རི་ཡི་གླིང་ཕྲན་སྟེང་གི་(MataMenges)མན་ཁྲ་མན་གྷི་ཡི་གནའ་བོའི་མཚོའུ་མཐིལ་ནས་རྙེད་པའི་རྗེས་ཤུལ་ཞིག་གིས་གནའ་མི་དེ་ཚོས་སྡོང་གཟིངས་བཟོས་ཏེ་ཐག་རིང་རྒྱ་མཚོར་བགྲོད་ཤེས་པ་བདེན་དཔར་བྱས་འདུག་མོད།འགྲུལ་སྐྱོད་ཉིད་ད་དུང་མ་འོངས་པར་བག་ལ་ཉལ་འདུགཧྥི་ལོར་གླིང་ཕྲན་དུ་འབྱོར་བར་སྙིང་སྟོབས་ལྡན་པའི་མཚོ་སྐྱོད་དེ་ཆེ་ཉེ་བའི་གླིང་ཕྲན་ནས་བགྱིས་ཡོད་པ་རེད།སྐབས་དེར་མཚོ་མོའི་ངོས་སྙོམས་ཀྱི་ཚད་དེ་ཆེས་དམའ་བའི་སྐབས་སུ་ཡོད་ཀྱང་གྲུ་འམ་གཟིངས་ཆུང་བརྒལ་ནས་སོང་བའི་བར་ཐག་དེ་ཉུང་མཐར་ཡང་སྤྱི་ལེ་བཅུ་དགུ་ཙམ་རེད།འདི་ནི་དུས་སྐབས་དེའི་བར་དུ་ཆེས་རིང་བའི་མཚོ་སྐྱོད་འགྲུལ་བཞུད་ཅིག་ཏུ་རྩིས་ཆོག་ལ་དེ་ནི་དུས་རབས་ཉི་ཤུ་པའི་ནང་ཟླ་བའི་ཐོག་མིའི་ཞབས་རྗེས་ཕབ་པ་བཞིན་གདོད་མའི་འགྲུལ་བཞུད་ངག་གི་ཟིན་ཐོ་ལས་ཡོངས་སུ་བརྒལ།དེ་ནི་ཡུ་རོབ་གླིང་དེར་ཐོག་མར་མི་ཆགས་པའི་དུས་སུ་བྱུང་བ་མིན་ནམ་སྙམ།
ང་ཚོས་ས་ཕྱོགས་ཀུན་ནས་ད་དུང་འཚོལ་ཞིབ་པ་དང་སྔོན་སྐྱོད་པ་དེ་དག་གི་ཉིན་རྒྱུན་འཚོ་བའི་རྗེས་ཤུལ་རྙེད་ནུས་ཏེ་ཉེ་ཆར་པེ་ཅིང་གི་ཉེ་འགྲམ་དུ་གསར་དུ་བརྐོས་པའི་གནའ་མིའི་མཁར་ཤུལ་འོག་ཐལ་དང་དྲེགཔའི་བང་རིམ་ཞིག་རྙེད།མཁར་ཤུལ་འདི་དག་ལོ་ངོ་༤༠༠་༠༠༠རིང་གཉིད་དུ་ཡུར་ཀྱང་དེས་ཚིག་ཟིན་པའི་ཤ་བའི་རུས་པ།ཁམས་སྟག་གི་ཤུན་སྐོགས་སོགས་འདི་ལྟར་ཉར་འདུག
མེ་འོད་འོག་སྡོད་པའི་མི་འདི་དག་གི་གདོང་དབྱིབས་གཞན་དང་མི་མཚུངས་པ་ཞིག་སྟེ་དེ་དག་གི་མཆུ་ཏོ་འབུར་དུ་ཐོན་ཏེ་སྣའི་དཔངས་དང་ཧ་ལམ་མཉམ་ཞིང་དམའ་ལ་རིང་བའི་དཔྲལ་བ་དེ་རིམ་གྱིས་སྤྱི་གཙུག་ཏུ་འདྲེས་ཏེ་དེ་གཉིས་བར་ལ་གསེག་ཐིག་ཅིག་གྲུབ་ལ་སྨིན་མའི་དབྱིབས་ཀྱང་མ་འདྲ་བ་གཉིས་མ་གྲུབ་བར་གཅིག་ཏུ་འདྲེས་འདུག་ཅིང་མིག་ཕོར་ཁང་བའི་བྱ་འདབ་ལྟར་ཅུང་འབུར་དུ་ཐོན་པའི་རིགས་དེ་ལ་པེ་ཅིང་གྱི་ཞེས་ བརྗོད།

རྟོགས་སད་ཅིག

ལོ་ངོ་ས་ཡ་དུ་མའི་ནང་རོལ་ལ་འགྲོ་བ་མིའི་རིགས་སྐབས་དང་བསྟུན་མཁས་ལ་དྲན་རྒྱུ་རྒོད་པོ་ཞིག་དུ་གྱུར་ཞིང་ཚབ་མཚོན་རང་བཞིན་ཅན་གྱི་མིའི་ཀླད་པ་དེའང་བོངས་ཇེ་ཆེར་གྱུར་ཏེ་གདོད་མིའི་འགྲོ་བ་མའི་ཀླད་པ་དེ་ཤོ་གཟུགས་གྲུ་བཞི་མ་ལི་སྨི་ལྔ་བརྒྱ་དང་།དེ་ལས་ལྡོག་སྟེ་(Homo,erectus)ཞེས་པའི་འགྲོ་བ་མིའི་རིགས་ཀྱི་ཀླད་པའི་ཆེ་ཆུང་དེས་ལི་སྨི་ལྔ་བརྒྱ་ཟིན་འདུག་ལ་འདིའི་རིགས་ཀྱིས་གནས་སྤོར་གྱི་འགྲུལ་བཞུད་རིང་མོ་འདི་ལ་དབུ་ཁྱུད་བྲིས།གང་ལྟར་བགྲང་བྱ་༥༠༠༠༠༠་དང་༢༠༠༠༠༠་ཡས་མས་ཀྱི་སྔོན་ལ་ཀླད་པ་འདི་ཡང་བསྐྱར་ཚད་ངེས་ཅན་ཞིག་ཆེ་རུ་ཕྱིན་ཅིང་ཀླད་པའི་སྐྱེ་འཕེལ་འདི་ནི་སྐྱེ་ཁམས་འགྱུར་ལྡོག་གི་ལོ་རྒྱུས་ཁྲོད་རྨད་དུ་བྱུང་བའི་གོ་རིམ་ཞིག་རེད།
ཀླད་པའི་ཆགས་གྲུབ་ཀྱང་འགྱུར་བ་མ་ཟད།སྒྲ་འབྱིན་མ་ཁོངས་ཀྱང་བྱུང་ལ་ཅུང་ཆེ་བའི་ཀླད་པ་འདི་འཕེལ་རྒྱས་སུ་འགྲོ་བའི་ལག་ཟུང་གཉིས་དང་།དཔུང་བའི་རྩལ་དང་།རིམ་གྱིས་འབྱུང་བའི་སྐད་ལའང་འབྲེལ་བར་སྣང་སྟེ།རིགས་གང་ཡིན་རུང་ཀླད་པའི་ཆེ་ཆུང་ལ་འདི་ལྟ་བུའི་འཕེལ་འགྱུང་ཆེན་པོ་བྱུང་བ་ནི་ངོ་མཚར་བའི་དོན་ཞིག་ཡིན་ལ་འཕེལ་འགྱུར་དེ་ཅི་ལྟར་བྱུང་བ་ནི་སུས་ཀྱང་རྟོགས་དཀའ་བའི་ལྐོག་གྱུར་ཞིག་རེད།ཅུང་ཡིད་རྟོན་འཕེལ་བའི་རྒྱུ་གཅིག་ནི་དམར་ཟས་ཟ་རྒྱུ་ཇེ་མང་དུ་སོང་བ་དེ་རེད།འོན་ཀྱང་དུས་སྐབས་འདིའི་འགྲོ་བ་མིའི་རིགས་ལ་རི་སྐྱེས་སྲོག་ཆགས་ཆེ་ཆུང་གང་ཡིན་རུང་དམར་གསོད་བྱས་ཏེ་དེ་དག་གི་ཤ་ཁྲག་ལོངས་སུ་སྤྱོད་པའི་མཚོན་ཆ་དང་སྒྲིག་འཛུགས་ཀྱི་ནུས་པ་མེད་པ་འདྲ་སྟེ།ཤ་གཟན་ནི་ཤི་ནས་ཡུན་རིང་མ་འགྱངས་བའི་སྲོག་ཆགས་ཀྱི་རོ་དེ་ཕྱུགས་ཁྱུའི་གམ་ནས་འཐུ་སྒྲིལ་བྱེད་པའི་སྙིང་སྟོབས་སམ་ཡང་ཉེན་ཆུང་ལ་ཟིན་དཀའ་བའི་སྲོག་ཆགས་ཆུང་དུ་རིགས་རྔོན་པའི་མཐུ་རྩལ་ཇེ་ཆེར་ཕྱིན་པ་ལས་བྱུང་སྲིད་སྙམ།ལོ་ཟླའི་འཁོར་འགྲོས་ཁྲོད་ཤའི་ནང་གི་ཞག་ཚིལ་སྐྱུར་རྫས་ཀྱིས་ཀླད་པ་དང་དེའི་བྱེད་ནུས་ཇེ་ལེགས་སུ་ཕྱིན་ཡོད་སྲིད་ལ་དེ་ཡང་དགེ་ཕན་དེས་འགྲོ་བ་མི་ལ་དེ་ལས་ཀྱང་ལེགས་པའི་རི་དགས་རྔོན་ཐབས་ཤིག་རྙེད་དུ་བཅུག་པས་དེ་ཚོའི་ཤ་ཟ་ཚད་ཀྱང་ཇེ་མང་དུ་ཕྱིན།མདོར་འདྲིལ་ན་འདི་ཚང་མ་ཚོད་དཔག་ཉག་ཅིག་རེད།
ཁ་སྐད་ཀྱི་ཚིག་ཕུན་སུམ་ཚོགས་ཤིང་བརྗོད་བྱེད་ཀྱི་ནུས་པ་འཐུས་ཚང་དུ་སོང་བ་དང་བསྟུན་ནས་རི་མོ་འབྲི་བའི་སྒྱུ་རྩལ་་སོགས་ཀྱང་དར།རི་མོ་འབྲི་བའི་སྒྱུ་རྩལ་དང་སྐད་ཆའི་རྣམ་པས་འབྲེལ་འདྲིས་བྱེད་པ་གཉིས་མཚོན་བྱེད་ཀྱི་རྟགས་ལ་རག་ལས་ཕྱིར་དེ་དག་མིག་དང་རྣ་བ་གང་གིས་རྟོགས་དགོས་རུང་མཚོན་རྟགས་གསར་བཟོའི་ནུས་པ་དང་དེ་དག་ངོས་འཛིན་བྱ་རྒྱུ་ནི་ཀླད་པ་རིམ་གྱིས་འཕེལ་འགྱུར་བྱུང་བའི་གྲུབ་འབྲས་ཤིག་རེད།འགྲོ་བ་མིའི་སྒྲ་འབྱིན་སྒྲོན་བུའི་ཆགས་འཕེལ་དེ་ཡང་ཕལ་ཆེར་མཚོན་རྟགས་འདི་དག་སྒྲའི་ལམ་ནས་མཚོན་པར་བྱེད་པའི་རམ་འདེགས་ཤིག་རེད།མཁས་པ་འགས་བརྗོད་པ་ལྟར་ན་འགྲོ་བ་མིའི་སྐད་བརྡ་ནི་བུ་ཕྲུག་གཉོར་སྐྱོང་བྱེད་པ་ལྟ་བུའི་སྤྱི་ཚོགས་ལས་འགུལ་སོགས་ལས་མགོ་ཚུགས་པར་འདོད་ལ་རྗེས་སུ་དེ་ཉིད་ཟས་རིགས་འཚོལ་སྡུད་དང་།རང་ཉིད་ཀྱི་དགྲར་གྱུར་བའི་མི་དང་སྲོག་ཆགས་ལ་རྒོལ་བའི་ལས་འགུལ་གཞན་གྱི་ཐད་དུའང་སྤེལ་བར་མངོན།
འདས་པའི་དུས་རབས་ཕྱེད་རིང་གི་སེམས་སམ་འདུ་ཤེས་ལ་ཞིབ་འཇུག་བྱས་པ་དེ་ཚད་ཧ་ཅང་མཐོ་ནའང་སྐད་ཆ་ནི་ད་དུང་རྟོགས་དཔྱོད་ཀྱི་ཡུལ་ཏུ་ད་དུང་སླེབས་མེད།གསོ་རིག་ཆེད་མཁས་པ་ཞིག་གིས་ཆེས་རྙོག་འཛིང་ཆེ་བའི་ལས་འགུལ་ཏེ།སྐད་ཆ་ལྟ་བུ་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་བྱེད་པའི་ཀླད་པའི་ཆ་ཤས་ནི་སྒྲིག་གཞི་ཅན་གྱི་འཕྲུལ་ཆས་ཤིག་དང་གཏན་ནས་མི་འདྲ་བར་དེ་ལས་གོ་རིམ་འཆོར་བའི་ཉལ་ཐུབ་དང་མཚུངས་ཞེས་བརྗོད་མྱོང་ལ་སྐད་ཆའི་འབྱུང་ཁུངས་ཅི་ཞིག་ཡིན་རུང་དེ་ནི་གསར་གཏོད་ཁྲི་མ་འབུམ་གྱི་ཉིང་བཅུད་ཡིན།
ལོ་ངོ་༦༠༠༠༠་འགའི་ཡར་སྔོན་ལ་འགྲོ་བ་མིའི་རྟོགས་སད་ཀྱི་རྣམ་པ་དེ་མངོན་ཡོད་ལ་ཕྱིས་ཀྱི་མི་ལོ་༣༠༠༠༠་ནང་མཆོང་བསྐྱོད་ཆེན་མོ་འམ་རིག་གཞུང་འགས་གཏོར་ཅེས་སུ་བསྔགས་པའི་འགྲོས་དལ་བའི་འཕེལ་འགྱུར་དེ་ཡ་ཐོག་ལོ་རྒྱུས་མཁས་ཅན་རྣམས་དང་གནའ་རྫས་རྟོག་དཔྱོད་པ་ཚོས་བདེན་པར་སྒྲུབ་ཡོད་མོད་ཀྱང་སུ་ཞིག་གིས་མཆོང་བསྐྱོད་དམ་འགས་གཏོར་བྱས་པ་ནི་རྩོད་གཞི་ཞིག་སྟེ།གཅིག་བྱས་ཚེ་འཕེལ་འགྱུར་དེ་ནི་ཧྥེ་གླིང་ནས་གསར་དུ་བྱུང་བའི་འགྲོ་བ་མིའི་རིགས་དེ་རྗེས་སུ་ཨེ་ཤ་ཡ་དང་ཡོ་རོབ་ནང་གནས་སྤོར་བྱས་ཏེ་ཕྱིས་སུ་རྩ་ཆད་དུ་སོང་བའི་རིགས་ཤིག་སྟེ།ནེ་ངྷི་ཐོལ་(Neaderthal)ཞེས་པ་དང་དཔུང་པ་མཉམ་གཤིབ་ངང་འཚོ་བ་དེའི་གྲུབ་འབྲས་ཡིན་སྲིད།གང་ལྟར་ང་ཚོའི་མཐོང་ལམ་དུ་གཅལ་མེར་བཀྲམ་པ་ནི་ཕྱོགས་གང་ཅིའི་ཐད་ནས་འགྲོ་བ་མིའི་གསར་གཏོད་ཀྱི་བློ་གྲོས་དེ་གསོར་པོར་གནས་པ་དེ་རེད།
རྟོགས་སད་ཀྱི་སྐབས་སུ་གསོར་པོར་གནས་པའི་མི་རབས་བརྒྱ་ཕྲག་རིང་གི་སྐད་ཆ་དེ་གྲགས་འགུལ་མེད་ཉམས་དམས་སུ་ཕྱིས་ནའང་ཁོ་ཚོའི་སྒྱུ་རྩལ་དང་ལག་རྩལ་མཚོན་པའི་ཡོ་བྱད་རྣམས་ཁ་ཤོ་སྣ་རལ་ངང་གནས་ཡོད་དེ།སྒྱུ་རྩལ་ནི་ལོ་ངོ་༧༥༠༠༠་སྔོན་གྱི་འཁྱག་རོམ་དུས་སྐབས་སུ་ཡོ་རོབ་ནང་དུ་དར་འཕེལ་བྱུང་།ཅུང་ཁུངས་བཙུན་པའི་དཔང་པོ་འགར་གཞིག་ཚེ་འགྲོ་བ་མི་མང་པོས་ཕྱི་མའི་ཡུལ་ནས་ཁོང་ཚོ་རང་ཉིད་ཀྱི་ཚེ་སྲོག་དེ་སླར་གསོ་བྱ་བའི་རེ་སྒུག་བྱ་བའི་རེ་སྒུག་བྱེད།ཚེ་རབས་གསར་བར་རྒྱང་བཞུད་བྱ་བར་སྒྱུ་རྩལ་གྱི་མཆོད་རྫས་དང་།མི་ཞིག་གི་སྤྱི་ཚོགས་གནས་བབ་མཚོན་པའི་ཞོར་རྟོགས་དངོས་པོ་སོགས་མཁོ་ལ་གདམས་ཟིན་པའི་མཁོ་ཆས་རྣམས་བང་སོའི་ནང་གི་བེད་པོའི་སྟེང་ངམ་འགྲམ་དུ་ལེགས་པོར་བསྟར་འདུག།བགྲང་བྱ་༧༠༠༠༠་འགའི་སྔོན་དབུས་ཨེ་ཤ་ཡའི་ནང་གི་ཡོ་ཟི་བྷེ་གི་སི་ཐན་(Uzbakistan)དུ་བྱིས་པ་ཞིག་དུར་འཇུག་བྱས་པ་དེ་ནི་རྣམ་པ་གསར་བའི་དུར་འཇུག་གི་བྱེད་སྒོ་ཞིག་སྟེ།དེ་འདྲ་གཏིང་རྒྱུ་མེད་པའི་བང་སོ་ནང་གཞུ་ལྟར་ཀུག་བའི་རའི་ར་ཅོ་ཞིག་མཆོད་རྫས་སུ་འབུལ་འདུག།དེ་ཡང་ཕལ་ཆེར་བགྲང་བྱ་༢༨༠༠༠་ལྷག་གི་ཡར་སྔོན་ལ་ཨུ་རུ་སུའི་སམ་གུར་(Sunghir)ཞེས་པའི་ནང་ན་སོ་༦༠་ལྷག་སོན་པའི་རྒད་པོ་ཞིག་དུར་འཇུག་བྱས་འདུག་སྟེ།ཁོའི་བེམ་པོ་དེ་བ་སོའི་ཕྲེང་བ་ཉིས་བརྒྱ་ལྷག་དང་དེ་མིན་གྱི་རྒྱན་ཆས་སྤྲས་འདུག།མི་དར་མ་མང་ཆེ་བ་གཞོན་དུས་ནས་ལྔ་མལ་དུ་གཤེགས་འགྲོ་བས་ལོ་རྒན་དྲུག་ཅུ་ཐོན་པ་ནི་བསོད་ནམས་ཤིན་ཏུ་ཆེ་བར་འདོད་པས་བགྲེས་སོང་དེ་དཔུང་བ་དང་ལག་ངར་གཉིས་ཀྱི་སྟེང་བརྡར་ཏེ་འོད་འཁྱུག་པའི་སྤུ་གླང་གི་བ་སོའི་ལག་གདུབ་གཉིས་བསྐོན་འདུག
དེ་ཡང་གཞན་སྐྱེས་པ་ཞིག་གི་གམ་དུ་བུད་མེད་གཞོན་ནུ་མ་ཞིག་དུར་སྦས་བྱས་ཡོད་དེ།མོས་ཞིག་རལ་ཏུ་གྱུར་བའི་ཞ་མོ་ཞིག་གྱོན་ཞིང་ཕར་བལྟས་ཚོད་ལ་ཟླ་གམ་རེད་སྙམ་པའི་གྱོན་ཆས་ཤིག་ཡོད་པ་དེ་བ་སོའི་ཁབ་ཀྱིས་གོང་ཁའི་མཚམས་ནས་བཙེམ་འདུག་ལ་མོའི་བེམ་པོ་དེ་ཕྲེང་རྡོག་ལྔ་བརྒྱ་ལྷག་དང་དེ་མིན་གྱི་རྒྱན་ཆ་ཙག་ཙིག་མང་པོས་གཡོགས་ཡོད་པ་མ་ཟད།རྒྱན་གྱིས་སྤྲས་པའི་ཡུ་མོའི་ར་ཅོ་དང་བ་སོའི་སྡེར་མ་བཅས་ཁོ་མོའི་འགྲམ་དུ་བཞག་འདུག།རྒྱན་ཆ་འདི་དག་བཟོ་བར་ཉེ་བའི་གྲོགས་སམ་རུས་རྒྱུད་ཚོ་བས་དུས་ཡུན་རིང་བོ་སྤྱད་ཡོད་པས་ཁོ་ཚོས་བང་སོའི་ནང་གཟབ་ཞིབ་ངང་འཇོག་པ་ནི་འཆི་བའང་འཚོ་བ་ལྟར་གལ་འགངས་ཆེ་བའི་མཚོན་རྟགས་ཤིག་རེད།
འབྲོག་ཁུལ་གྱི་མི་དམངས་ཚོས་འཚོ་བ་ནི་མི་རྟག་པའི་རླུང་ཁའི་མར་མེ་ལྟ་བུ་ཡིན་པ་ཐེངས་མང་པོར་ཚོར་ཡོད་སྲིད་དེ་མུ་གེའི་ཐང་ཆེན་བརྒལ་བའི་རྒྱགས་ཕྱེ་སྟེ།འབྲུ་རིགས་དང་།ཚི་གུ།དེ་མིན་གྱི་བཟའ་བཏུང་སོགས་གསོག་འཇོག་བྱས་མེད་ཕྱིེར་ཁོ་ཚོ་དུས་བཞིའི་འགག་ཕྲེང་བཙན་པོར་ཡིད་སྐྱོ་བའི་ངང་འཚོ་ཡོད།འགྲོ་བ་མི་འདི་རྣམས་ཡིབ་སྡོད་བྱེད་ས་ནི་བརྟན་པོ་ཞིག་མིན་དེ།ས་ཁུལ་ཁ་ཤས་སུ་ཁོ་ཚོ་སྟོབས་དང་གདུག་རྩུབ་ཤིན་ཏུ་ཆེ་བའི་གཅན་གཟན་དང་རི་དགས་ཏེ།སྟག་གཟིག་དོམ་དྲེལ་དང་།སེང་གེ།གླང་ཆེན་སོགས་དང་མཉམ་གཤོབ་ངང་འཚོ་དགོས་པས་ཚེ་སྲོག་གི་ཆགས་འཇིག་ནམ་བྱུང་མི་ཤེས་ལ་ཅི་ལྟར་བྱུང་བའང་ཆ་མ་འཚལ་བས་ཁོ་ཚོས་ཆོས་ལུགས་གསར་དུ་བཟོས་པ་མ་ཟད།སྐྱབས་དང་དད་པ་བྱེད་སའི་ལྷ་དང་དཀོན་ཅོག་ཀྱང་བསྐྲུན།ད་དུང་ཁོ་ཚོའི་ཉེ་འཁོར་གྱི་འཇིག་རྟེན་རྣམས་བཞེངས་འབྲི་བྱེད་མགོ་བརྩམས་ཏེ།སེམས་གསོ་དང་ཡིད་ཆེས་བཙལ།
ལྷོ་ནུབ་ཧྥ་རན་སིའི་ནང་མི་རྣམས་ཀྱིས་གླང་ཆེན་གྱི་བ་སོ་འཐུ་སྟེ།དེ་དག་དུམ་བུར་བགོས་ནས་དེ་དག་གིས་སྟེང་ཉ་ཕྱིས་སོགས་མཚོ་གནས་སྲོག་ཆགས་བརྐོས་འདུག།ཉེ་བའི་༡༩༩༤་ལོར་ཧྥ་རན་སིའི་ནང་གསར་རྙེད་བྱུང་བའི་ཞོ་བེད་ཐུ(Chauvet)་བྲག་ཕུག་ནང་གི་སེང་གེ་དང་།རྟ།ཤ་བ།བསེརུ་བཅས་ཀྱི་བརྙན་རིས་ནི་ཤིན་ཏུ་གསོན་ཉམས་དོད་པོ་ཞིག་སྟེ།དེ་དག་ནི་ལོ་ངོ་༣༠༠༠༠་འགའི་སྔོན་ལ་བྱང་ཆ་ལྡན་པའི་ངང་བྲིས་པ་ཤ་སྟག་རེད།ལྷོ་ཕྱོགས་འཇར་མན་དུ་སྤུ་གླང་ཞིག་མཆེ་བ་དུམ་བུར་གཏུབ་ཞིང་དེ་ནས་འོས་འཚམ་གྱི་དུམ་བུ་ཞིག་གིས་མི་གཟུགས་སེང་མགོ་ཅན་ཞིག་བརྐོས་འདུག།
སྐུ་བརྙན་ཆུང་དུ་བཟོ་བའམ་ཡང་ན་རྡོ་ལ་རི་མོ་འབྲི་བའི་ལག་རྩལ་དེ་རྡོ་བཟོའི་ལས་ཀའི་ཁྲོད་ཀྱང་དེ་ག་བཞིན་མངོན་ཡོད་དེ།རྡོ་བརྡར་ནས་བཟོས་བའི་མདུང་རྩེ་དང་།གྲིའི་དབལ།དེ་མིན་གྱི་འབུག་ཅིག་གཏུབ་བར་བྱེད་པའི་མཚོན་ཆ་སོགས་ལོ་རེའི་ནང་དུ་སྟོང་ཁར་ལོན་པ་ཙམ་ལས་སྣོན་བྱེད་ཅིད་དེ་དག་ནི་གདོད་མའི་དུས་སུ་སྤྱོད་པའི་ཡོ་བྱད་རྣམས་དང་བསྡུར་ཚེ་བྱེད་ནུས་འབུར་ཐོན་ཅན་ཁོ་ན་རེད།རུས་པའི་བཟོས་པའི་ཡོ་ཆས་ཁབ་ལ་སོགས་པའང་བྱུང་འདུག།དེ་དུས་བྱེད་ནུས་མོད་པའི་མཚོན་ཆ་སྟེ།མདུང་དབྱུག་པའི་རྩལ་ཡང་བྱུང་འདུག་པས་དེས་དབྱུག་མདུང་ཁ་ཤས་མར་ལེ་བརྒྱ་ལྷག་གི་སར་སྐྱེལ་བས་མདུང་བཟུང་མཁན་གྱི་དཔུང་བ་ཇེ་རིང་ཏུ་ཕྱིན།
རི་དགས་རྔོན་པའི་རྩལ་མཐུ་རིམ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་།རྔོན་པ་རྣམས་ཀྱིས་རི་དགས་ཆ་ངེ་ཆུང་ངེ་རིགས་ཁོ་ན་མི་རྔོན་པར་སྟག་ལ་སོགས་པའི་གཅན་གཟན་ཆེ་བ་རིགས་ཀྱང་རྔོན་མགོ་ཚུགས།འཇར་མན་གྱི་ལར་ཧི་རིན་ཇིན(Lehringen)ནང་དུ་གླང་ཆེན་ཞིག་རྔོན་འདུག་ལ་དམར་གསོད་བཏང་བའི་གླང་ཆེན་གྱི་རུས་པ་དེ་བརྐོ་འབྲུ་བྱེད་དུས་ཪུས་གསེབ་ན་ཤིང་གི་མདུང་མོ་ཞིག་ད་དུང་ལུས་འདུག།ལྷོ་ནུབ་ཧྥ་རན་སིའི་གཟིག་རྔོན་དེ་དེ་དག་གི་ཤ་པགས་ལོངས་སུ་སྤྱོད་པ་མ་ཟད།དབྱི་ཏ་ལའི་ནང་ཕག་རྒོད་ཀྱང་རྔོན་བཞིན་ཡོད།
འཐུས་ཇེ་ལེགས་སུ་ཕྱིན་པའི་མིའི་སྒྲིག་འཛུགས་ཀྱི་ནུས་པ་དེ་ཡར་རྒྱས་སུ་ཕྱིན་པའི་མཚོན་ཆ་དང་འབྲེལ་ཏེ།འོང་བ་འདྲ།རྡོག་རྩ་གཅིག་སྒྲིལ་དང་གཅིག་ལ་གཅིག་རྟེན་གྱི་མི་སྡེའི་ཁྲོད་མཚོན་ཆ་དང་ནུས་རྩལ་ནི་སེམས་ཀྱི་རྟོགས་སད་ཀྱི་ཆ་ཤས་ཤིག་མཚུངས།དུད་འགྲོའི་ཁྱུ་ཚོགས་རྔོན་བྱེད་པའམ་རྙིས་འཛིན་པ།ད་དུང་གཡང་གཟར་ལ་སྐོར་ཏེ།འཆི་ལམ་དུ་སྐྱེལ་བའི་གནས་དེ་རུ་ཁོ་ཚོ་བག་མེད་ངང་སྤྱོད་ཆོག་པའི་དམར་ཟས་རེག་ཐུབ།མཚོ་ནག་(Blacksea)གི་ཉེ་འགྲམ་དུ་འབྲོང་ཁྱུ་ཞིག་གནས་གཅིག་ཏུ་སྡེབ་གསོད་བཏང་ལ་ཧྥ་རན་སིའི་ཕེ་ཡི་རི་ནེ(Pyrenee)རི་བོར་ཉུང་མཐར་ཡང་འབྲོང་༡༠༨་ལ་ཉེ་བ་ཞིག་ས་ཆ་དེ་ག་རང་དུ་བསད་འདུག།དེ་བས་ད་ལྟ་དེ་དུས་ཀྱི་མི་དེ་དག་གིས་བག་མེད་ངང་གསོད་གཅོད་གཏུབ་གསུམ་བྱས་པར་རང་བྱུང་ཁོར་ཡུག་དང་ཞི་མཐུན་མཉམ་གནས་བྱས་པར་མངོན་འདུག།ཡིན་ནའང་སྣང་ཚུལ་འདིེར་ཡིད་རྟོན་འཕེལ་བའི་དཔང་བོ་ཞིག་བྲལ་བས་གཟབ་ནན་ངང་དཔྱོད་དགོས།
རི་མ་ཐང་ལྟ་བུའི་རྩ་ཐང་རྒྱ་ཆེར་བྱུང་བ་དེས་ཡོ་རོབ་བྱང་མའི་རྔོན་ལས་ལ་རམ་འདེགས་ཤུགས་ཆེན་བྱས།རི་ཕྱུག་གི་གྲངས་འབོར་དེ་སྐམ་ས་ནགས་ཚལ་ཏུ་གྱུར་བ་དེ་ལས་ལྡབ་ཀྱིས་འཕེལ།དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ།ལྷོ་འམ་བྱང་དུ་བགྲོད་པའི་རི་དགས་ཀྱི་ཁྱུ་ཚོགས་དག་དེ་ཚོའི་རྒྱུད་ལམ་ངོ་ཟིན་པའི་རྔོན་པ་ཚོའི་རྣོ་དབལ་གྱི་མཚོན་ཆའི་རྩེ་ནས་འཚོ།རྔོན་པ་དེ་ཚོས་གླང་ཆེན་དང་།བསེའུ་རུ།ཤ་བ་དམར་པོ།ད་དུང་བྱ་རིགས་ཇི་སྙེད་ཅིག་རྔོན་གྱིན་ཡོད།དབྱར་དུས་མིའི་རིགས་ཀྱིས་རིན་ལེན་ཏི(Rhineland)་ཡི་སྨད་ཕྱོགས་སུ་རྟ་རྔོན་བཞིན་ཡོད།དེ་ཉིད་ཁ་སང་དེ་རིང་ཞོན་བཞིན་བའི་རྟ་ལས་བོངས་ཆུང་བ་དང་།རྔོན་བྱེད་དུས་ཁོ་ཚོ་རྐང་ཐང་ཡིན།
ཡོ་རོབ་དང་ཨེ་ཤ་ཡ་གང་དུའང་བཟའ་བཏུང་མཁོ་སྤྲོད་ཅུང་ལེགས་ཏེ།མཚེར་ས་དང་རུ་སྡེ་སྔར་ལས་གཞི་བརྟན་པར་སྣང་།ཙག་རླུང་ལ་གཡོལ་ཕྱིར་ཁང་མིག་དག་རྒྱུན་ཏུ་རི་བོའི་གསེག་ངོས་སུ་བསྐྲུན་ཡོད།བརྐོ་འབྲུ་ཆུང་ངུ་ཞིག་གིས་གཡའ་མ་པང་གཅལ་ཏུ་བཏིང་བའི་ཁང་ལེབ་ཅིག་ཕྱིར་བཏོན་ཡོད།རྟ་དང་དུད་འགྲོ་གཞན་གྱི་པགས་པས་གཡོགས་པའི་ཁང་ཀླད་དེ་ཀ་བས་བཀྱགས་འདུག།ཁང་དཀྱིལ་གྱི་མི་སྒོང་རྒྱག་ས་ལས་ཐོན་པའི་དུ་བ་ཁང་ཀླད་ཀྱི་ཁུང་བུ་ལས་ཕྱིར་ཐོན།རུ་ཚོ་མང་པོ་ཞིག་ལ་དབྱར་དགུན་གཉིས་ཀར་ཁང་མིག་མི་འདྲ་བ་རེ་ཡོད།དེ་ནི་ཤ་གཟན་མོད་ཅིང་རྔོན་རྒྱག་གི་ནུས་རྩལ་ཇེ་ལེགས་ཏུ་ཕྱིན་པའི་རྔོན་པ་ཚོར་རྒྱང་ཐག་རིང་པོ་མ་བརྒལ་བར་དགོས་འདོད་བཞིན་སྩོལ་བའི་ལྷའི་ཞིང་ཁམས་ཤིག་རེད།ཙག་ངར་རྒོད་པའི་གནམ་གཤིས་དང་དགུན་དུས་ཀྱིས་ཁོ་ཚོའི་ཤ་གཟན་ཉར་ཚགས་བྱེད་པར་མ་བཅོས་ལྷུན་གྱིས་གྲུབ་པའི་འཁྱགས་སྒམ་ཞིག་བསྐྲུན་ཡོད།
གནམ་གཤིས་ཇེ་འཁྱག་དང་བརླན་གཤེར་ཅན་དུ་འགྱུར་དུས་ཡ་ཐོག་ཡོ་རོབ་ཀྱི་བདེ་ཐང་བསྐྱར་དུ་ནགས་ཀློང་གིས་གཡོགས་སྟེ།རི་ཕྱུགས་སེམས་ཅན་གྱི་གྲངས་འབོར་ཇེ་ཉུང་དུ་ཕྱིན།འདི་ཕལ་ཆེར་རྔོན་རྒྱག་གི་ཐབས་ལམ་གསར་བའི་འབྲས་བུ་ཡིན་ཀྱང་སྲིད།མདའ་གཞུ་གཉིས་ནི་བླ་མེད་ཀྱི་གསར་གཏོད་ཞིག་ཡིན་ལ་དེ་གཉིས་དུས་རྒྱུན་རྔོན་པ་ཁོ་ནས་བྱེད་སྤྱོད་བྱེད།སྲོག་ཆགས་ཆེ་གྲས་ཁ་ཤས་རྩ་སྟོང་དུ་འགྲོ་བའི་ཉེན་ཁའི་ཀློང་ལ་ཚུད་ཀྱང་མཇུག་མཐར་འཇིགས་ཉེན་ལས་མཐར།
འཛམ་གླིང་ཧྲིལ་པོར་མིའི་རིགས་ས་མ་འབྲོག་གི་ཚུལ་ལྟར་འཚོ་ཞིང་མི་གྲངས་ཉུ་ཤུ་ལས་ཉུང་བའི་རུ་ཚོ་ཆུང་ངུས་ས་ཁྱོན་ཆེན་པོ་རེ་བཟུང་སྟེ་བསྡད་ཡོད།ལོ་ཟླ་དེ་དག་གི་ནང་ཁོ་ཚོ་རིམ་བཞིན་གཅིག་ས་གཅིག་ལ་བརྒྱུད་ནས་འགྲོ་ཞིང་དུས་ཚིགས་དང་བསྟུན་དེ་བཟལ་བཏུང་འདྲ་མིན་འཐུ་སྒྲུབ་བྱེད་མོད།རྒྱུ་ནོར་ཕལ་ཆེར་གཅིག་ཀྱང་ཁྱེར་མེད།སྨིན་ཟིན་པའི་འབྲུ་རིགས་དང་།ཚི་གུ།ཤིང་གི་རྩ་བ།འདབ་ཆགས་ཀྱི་སྒོ་ང་སོགས་ཁོ་ཚོས་ཟས་སུ་རྒུམ་བཞིན་ཡོད།གལ་སྲིད་མི་གྲངས་ཉུང་ཞིང་རང་བྱུང་ཐོན་ཁུངས་རྒྱ་ཆེ་ཞིང་དེས་བདུན་ཕྲག་ཁ་ཤས་རིང་བཟའ་བཏུང་མཁོ་སྤྲོད་བྱེད་ཐུང་གནས་དེ་རུ་གཞི་ཆགས་ངེས།
སྐབས་ལ་རེར་རུ་ཚོ་དུ་མ་ལོ་རེའི་ནང་ལོངས་སྤྱོད་འཛོམས་པའི་གནས་གཅིག་ཏུ་འདུས་མོད་འཐུ་སྒྲུབ་ཁྱོན་ཆེན་བྱ་རྒྱུ་ནི་ཤིན་ཏུ་དཀོན་པའི་གནས་རེད།སྤྱི་ལོ་སྔོན་གྱི་ལོ་ངོ་༢༠༠༠༠་ཡར་སྔོན་དུ་གནས་གཅིག་ལ་མི་འབོར་༥༠༠་འདུ་འཛོམས་བྱེད་པ་ནི་ཉིན་མོའི་སྐར་མ་རེད།དེ་ལྟར་ཡིན་ཡང་འདུ་འཛོམས་ནི་སེ་གོལ་ཙམ་རེད།ཟས་རིགས་གསོག་འཇོག་དང་སྒོ་ཕྱུགས་གསོ་སྐྱོང་བྱས་མེད་པས་མི་ཚོགས་དེ་དུས་ཡུན་རིང་པོར་གསོན་མི་ཐུབ།འཛམ་གླིང་གི་ས་ཆ་འགར་སྐྱེ་ཤིང་དང་།ཤ།ཉ་སོགས་མང་པས་དུས་ཡུན་ལོ་གཅིག་མ་ལོང་ཙམ་ནང་གནས་གཅིག་ཏུ་སྡོད་ནུས།
དུས་རྒྱུན་གཏན་སྡོད་ཀྱི་གནས་མལ་མེད་པར་འགྲུལ་བསྐྱོད་བྱེད་པའི་རུས་རྒྱུད་ཚོ་ཁག་གིས་ནད་པ་དང་གོམ་བགྲོད་ཀྱི་ནུས་པ་ཞན་པའི་མི་རྣམས་ལ་གཅེས་སྐྱོང་འཐུས་ཚང་ཞིག་བྱེད་ཐུབ་ཀྱིན་མེད་དེ།ཐ་ན་མཚེས་མ་ཆ་གཅིག་བཙས་ནའང་དེ་ཉིད་ལས་དེ་ཉིད་རྡོག་ཁྲེས་སུ་གྱུར་ཡ་གཅིག་འཆི་ལམ་ཏུ་སྐྱེལ་བཞིན་ཡོད།རྒས་འཁོགས་སུ་གྱུར་ཏེ།གོམ་བགྲོད་མ་བྱེད་མི་ཐུབ་པའི་བགྲེས་སོང་རྣམས་རྗེས་སུ་བསྐྱུར་ཏེ་འཆི་བར་ངང་སྒུག་བྱེད་དུ་འཇུག་པ་དང་ལས་ཁོ་ཚོར་བྱ་ཐབས་བྲལ།འདི་ཚོར་དགེ་མཚན་ཞིག་ལྡན་པ་ནི་མིིའི་གྲངས་འབོར་ཅི་ཙམ་ཉུང་དུ་ཕྱིན་པའི་ཚོད་ཀྱིས་ལོ་ཧྲིལ་བོར་ཟས་རིགས་འདྲ་མིན་དང་ཤ་གཟན་རེག་ཐུབ།དངོས་པོའི་ཐད་ནས་འདི་ནི་འགྲོ་བ་མིའི་ལོ་རྒྱུས་ཐོག་ཡ་ང་བའི་དུན་ཡུན་ཞིག་མིན།

                    ནག་ཉེས་ཅན་གྱི་ཁུ་ལོན་བྷི(Columbia) 

ཞོགས་པའི་ཉི་གཞོན་ཨེ་ཤ་ཡ་ཤར་མ་ནས་འཛུམ་ཐེངས་རེར་མིའི་རིགས་ཀྱིས་མཐོང་ཐུབ་པ་ནི་བུང་ཤིང་འཐུ་སྟེ།མི་སྒོང་བ།བྱིས་པར་ནུ་མ་བསྣུམ་པ།ཡང་ན་ཤིང་ཟས་འཐུ་རུ་འགྲོ་བའམ་རི་དགས་འཛིན་པ།ད་དུང་པགས་པ་མཉེས་ཏེ།སློག་པ་བཟོ་བ།རྡོ་བརྡར་ནས་རྣོ་འབྱིན་པ་སོགས་རེད།མཐོང་སྣང་འདི་ག་རང་ཉི་ཟེར་གྱི་འགྲོས་དང་བསྟུན་ཨེ་ཤ་ཡ་ནས་ནུབ་ཕྱོགས་དང་།ཡོ་རོབ་ནས་འཁྱགས་དར་རྒྱ་མཚོ་བར་གཅིག་གྱུར་ཏུ་མཐོང་ནུས།མིག་བྱང་དུ་སོང་བའི་ཞོགས་པའི་སྣང་བརྙན་འདི་མིའི་རིགས་ཀྱིས་ས་ཁོངས་ཁྱབ་ཆེར་བཟུང་བཞིན་པའི་ཧྥེ་གླིང་དུའང་མངོན་པར་གསལ།
ཧ་ལམ་ལོ་ངོ་༡༠༠༠༠༠་ཡར་སྔོན་དུ་མིའི་རིགས་ཀྱིས་བཟུང་བའི་ས་ཁྱོན་ཆེ་ནའང་གོ་ལའི་ས་ཁུལ་མང་ཆེ་བར་ད་དུང་མིའི་རིགས་ཀྱི་རྐང་རྗེས་མ་བཀོད་པར་སྟོང་པར་ལྷག་ཡོད།ཧྥེ་གླིང་གི་མི་ཕྱུགས་ཚོས་མིའི་ཀི་སྒྲ་ཐོས་མ་མྱོང་ལ་ཤ་རུས་ཕུག་པའི་མདུང་ཡང་མཐོང་མྱོང་མེད།ཨོ་སི་ཁྲི་ལི་ཡ་དང་ནེའོ་གྷི་ནེ་གཉིས་ཀྱིས་གླིང་ཆེན་ཞིག་གྲུབ་ཀྱང་དེར་མིའི་ཤུལ་ཙམ་ཡང་མེད།ད་ལྟ་མི་གནས་སྡོད་བྱས་པའི་ཧོ་བ་ཡེ་དང་རི་སི་ཁྲི།ཐ་ཧེ་ཐེ(Tahiti)ས་མོའོ(Somoa)ཐ་བྷོ(Tonga)ཧྥུ་ཇུ(Fuji)།ད་དུང་གླིང་ཕྲན་ཆེ་བ་ནའོ་ཛི་ཏི(Newzealand)སོགས་ཞི་བདེ་རྒྱ་མཚོའི་ནང་གི་གླིང་ཕྲན་དག་རྒྱ་མཚོའི་ཕ་རོལ་དུ་གནས་པས་མིའི་རིགས་དང་ཁ་ཐག་རིང་།ཧིན་རྡུ་རྒྱ་མཚོའི་ནང་རྒྱ་ཆེ་ལ་དྲོད་འཇམ་ལྡན་པའི་གླིང་ཕྲན་མ་ངྷ་གྷ་སི་ཁར(Madagaskar)་འཚེར་ཤུལ་མེད་པ་ཤེས་རྟོགས་བྱུང་ལ་མེ་རུ་ཁྲི(Mauritius)དང་།རེ་ཡོ་ནས་(Reunion)་བཅས་མེ་རིའི་གླིང་ཕྲན་སྟེང་རྡོ་རྡོ་ཟེར་བའི་འདབ་ཆགས་འཕུར་རྩལ་དབེན་པ་ཁྱད་མཚར་བོ་ཞིག་མིས་འགྲོགས་མ་བསླང་པར་གནས་འདུག།ཐིག་དམར་གྱི་བྱང་རྒྱུད་ཀྱི་འཁྱགས་དར་རྒྱ་མཚོའི་ཨོ་ཛོ་རོ(Azore)དང་མར་ཏེ་རེར(Madeira)མི་གནས་སྡོད་བྱས་མེད་ལ་གྷི་རིན་ལན་ཏི(Greenland)་དང་ཨ་སི་ལན་ཏི(Iceland)གཉིས་འཁྱགས་པས་བཏུམ་ཡོད།ཧིན་རྡུ་ནུབ་མའི་གླིང་ཕྲན་སྟ་གི་བྱ་རིགས་རྔོན་པའི་འཇིགས་ཉེན་ལས་ཡོངས་སུ་ཐར་འདུག།
དོན་དམ་ཐོག་འགྲོ་བ་མིའིག་རིགས་སྐམ་ས་ཆེན་མོ་གཅིག་གི་སྟེང་བཅུག་ཡོད་དེ།ས་ཧ་ར(Sahara)དང་མི་གླིང་བྱང་མ།མི་གནས་སྡོད་བྱེད་ཆོག་པའི་སྐམ་ས་དག་གཞི་གཅིག་ཏུ་སྡོམ་དུས་དེའི་གཞི་ཁྱོན་ནི་ཨེ་ཤ་ཡ་དང་གཅིག་མཚུངས་ཡིན།
ལྷོ་ཤར་ཨེ་ཤ་ཡ་དང་ཧིན་རྡུ་ཉི་ཞི་ཡ་གླིང་ཚོམ་ནས་གསར་རྙེད་ཀྱི་མཚོ་བསྐྱོད་བསྟུད་མར་བྱས་ཡོད་ཅིང་དེ་ནི་མིའི་རིགས་ཀྱིས་བྱས་པའི་རྒྱང་བསྐྱོད་ཨང་གཉིས་པ་རེད།འབྱོར་ཡུལ་མི་གསལ་བའི་རྒྱང་བཞུད་དེ་ཨོ་སི་ཁྲི་ལི་ཡ་(Australia)་དང་།ནེའོ་གྷི་ནེ་(NewGuine)་ནས་བྱས་འདུག།ཇ་བ་(Java)དང་།ཨོ་སི་ཁྲི་ལེ་ཡ།ནེའོ་གྷི་ནེ་གཉིས་ཀྱི་མཚོ་རྒྱུད་ས་ཁུལ་འདུས་པའི་ལྷོ་ཤར་ཨེ་ཤར་ཨེ་ཤ་ཡར་ཆེ་ཉེ་བའི་ས་ཁུལ་དང་མཚོ་མོ་བརྒྱད་ལྷག་གིས་བཅད་ཡོད་དེ་མང་ཆེ་བ་གྲོག་རོང་དང་མཚོ་འགག་ཡིན་པས་མཚོ་བསྐྱོད་བྱེད་ས་ནས་ཁ་གཏད་ཀྱི་ས་ཡུལ་དེ་མཐོང་ནུས།མཚོ་འགག་ཆེེས་ཆེ་ཤོས་དེ་སྤྱི་ལེ་༨༠་ལྷག་ཡིན།གལ་སྲིད་ཆུ་བོའི་ཕ་རོལ་མཐོང་ནུས་ཚེ་སྔོན་བསྐྱོད་པ་འདི་ཙོ་སྡོང་གཟིངས་སམ་ཤིང་གྲུ་ཆུང་ངུ་སྤྱད་དེ་གླིང་ཕྲན་གཅིག་ནས་གཅིག་ལ་བགྲོད་བཞིན་ཡོད།ཁོ་ཚོ་མདུན་བསྐྱོད་དེ་མཚོ་མའི་རླབས་དང་།གྲུ་ཁེམ།ད་དུང་རླུང་བུའི་རམ་འདེགས་བཅས་ལ་བརྟེན་ཡོད།འོན་ཏེ་རླུང་ཤུགས་ཐལ་དྲགས་ཚེ་གྲུ་ཆུང་ཆུ་བོས་གནུབས་ཏེ།མི་རྣམས་སྡེབ་ཤི་རྒྱག་རྒྱུ་ཉག་ཅིག་རེད།
གོ་ལའི་ནུབ་ངོས་ཀྱི་ཨེ་ཤ་ཡ་དང་ཤར་ངོས་ཀྱི་ཨོ་སི་ཁྲི་ལི་ཡའི་ནེའོ་གྷི་ནེ་(NewGuine)བར་གྱི་སྐར་ཚོམས་ས་ལ་འཕོས་འདྲའི་མཚོ་དང་གླིང་ཕྲན་འདི་དག་བརྒལ་བར་ལོ་ངོ་སྟོང་ཕྲག་མང་པོ་ཕྱིན་ཡོད།སྐབས་ལ་རེར་མདུན་སྐྱོད་དེ་བགྲང་བྱ་སྟོང་ཕྲག་༡༠༠༠༠་ལྷག་ཙམ་ལ་གཡོ་འགུལ་མེད་པར་ལུས་ཡོད།གླིང་ཕྲན་ཞིག་གསར་ཏུ་རྙེད་ཅིང་དེ་རུ་གཞི་སྡོད་བྱས་རྗེས་གླིང་ཕྲན་ཞིག་སྟེས་དབང་ངམ་བསམ་བཞིན་དུ་འཚོལ་ངེས།དུས་རྒྱུན་ས་འགུལ་འབྱུང་བའི་གནས་འདི་ནས་མིའི་རིགས་ཀྱི་འགྲུལ་བསྐྱོད་ཆད་མ་མཐུད་དེ་མཚོ་དང་སྐམ་ས་རྒྱུད་དེ་མདུད་དུ་སྙེག་ལ་མཇུག་མཐར་དེ་ཚོའི་ཀླད་པའི་ནང་གསར་རྙེད་ཀྱི་གལ་འགངས་རང་བཞིན་ཀྱི་བསམ་བློ་ཏོག་ལམ་ཡང་མེད་པར་འགྲོ་བ་མིའི་རིགས་འདི་ཨོ་སི་ཁྲི་ལི་ཡ་དང་ནེའོ་གྷི་ནེའི་མཚོ་འགྲམ་དུ་འབྱོར།གླིང་ཆེན་ཞིག་གསར་རྙེེད་བྱུང་བསམ་གཞིག་བྱ་དགོས་པའི་རྒྱུ་མཚན་མེད་དེ།ཁོ་ཚོས་དེ་ནི་རྗེས་སུ་བསྐྱུར་ཟིན་པའི་ཚ་བའི་ཁུལ་གྱི་གླིང་ཕྲན་དེ་དག་དང་གཉིས་སུ་མེད་ཅེས་སྙམ་ཡོད།སྔོན་བྱོད་པ་དེ་དག་བརྒལ་སའི་མཚོ་འགྲམ་ནི་ད་ལྟའི་ནེའོ་གྷི་ནེའི་ཉེ་འགྲམ་དང་དེང་གི་ཨོ་སི་ཁྲི་ཡའི་བྱུང་ནུབ་ཁུལ་རེད།གནས་འདི་ཡལ་ནས་དུས་ཡུན་རིང་བོ་ཕྱིན་ཡོད་པས་དེ་ནི་ད་ལྟའི་མཚོ་འགྲམ་དང་ཁ་ཐག་རིང་བོའི་རྒྱུ་མཚོ་འོག་ཏུ་ཡོད་པས་དུས་ཡུན་དེ་རྟོགས་དཀའ་ནའང་ཕལ་ཆེར་ལོ་ངོ་༥༢༠༠༠་ལྷག་གི་ཡར་སྔོན་ཏག་ཏག་རེད།
གླིང་གསར་བ་དེ་ནི་ངོ་མཚར་ཞིང་རྟོགས་དཀའ་བ་ཞིག་ཡིན་པ་མ་ཟད།སྐབས་ལ་རེར་འཇིགས་སུ་རུང་བ་ཞིག་ཀྱང་རེད།དེ་རུ་དུག་ཤེད་ཆེ་བའི་སྦྲུལ་དང་སྡོམ་ལས་ཉེན་ཁ་ཅན་གྱི་སྲོག་ཆགས་འཚོས་མེད།དམར་རྗེན་དུ་ལུས་པའི་རྐང་བ་དང་དཔུང་བར་དུག་སྦྲུལ་སྐྱ་བོ་དང་ཐིག་ལེ་ཅན་ནམ།ད་དུང་དེ་མིན་གྱི་དུག་སྦྲུལ་རིགས་མང་པོའི་སོས་རྨུགས་ཚེ་དེ་དག་ནི་འཆི་བདག་གིས་བཏབ་པའི་བདུད་ཀྱི་ཞགས་པ་ཉག་ཅིག་ཡིན་པས་ཐར་ཐབས་མེད།དེང་དུས་རྩ་སྟོང་སུ་ཕྱིན་པའི་ཨོ་སི་ཁྲི་ལི་ཡའི་བྱི་ལ་ཆེན་པོ(GiantKangroo)དང་ཁུག་ལྡན་བྱི་ལ་རྣམས་འགྲོ་བ་མིའི་སྲོག་གི་གཤེད་མ་མིན་པར་གཞི་ནས་རྟོགས་པའི་བར་དུ་དེ་རྣམས་ལ་བག་ཟོན་གྱི་རྣ་བ་གྱེན་ཏུ་བསྒྲེང་ཡོད།
གསར་འབྱོར་པས་གླིང་ཆེན་དེ་དང་དེའི་རི་ཆུ་ཐང་གསུམ་ལ་འཚོལ་སྙེག་དཔྱིས་ཕྱིན་པ་ཅིག་བྱས་ཤིང་ཨོ་སི་ཁྲི་ལི་ཡའི(Australia)་ཡུལ་དབུས་ཀྱི་ས་ཆ་མང་ཆེ་ཤས་ད་ལྟ་བཞིན་སྐམ་ལ་རྩུབ་པ་ཞིག་མིན་པར་སྣང་།དེང་སང་འཚོ་སྡོད་མི་བྱེད་པའི་ས་ཆ་རེ་འགའ་དུ་ཁོ་ཚོས་ཁྱིམ་གཞི་བརྟན་པོ་བཙུགས་ཤིང་འཚོ་བ་གོང་ཏུ་སྤེལ་བས་དེ་ཚོའི་མིའི་གྲངས་འབོར་ཡང་དབྱར་གྱི་མཚོ་མོ་བཞིན་གོང་དུ་འཕེལ།སྐམ་ས་བརྒྱུད་ནས་ཁྲན་ཛི་ནེ་ཡ་(Tasmania)བསྐྱོད་དུས་དེ་ཚོས་བྲག་ཕུག་ནང་བཟལ་བཏུང་གཡོ་སྐོལ་བྱེད་སའི་དེ་དུས་ཀྱི་འཁྱགས་ཐང་(tundra)དེ་ད་ལྟ་ཆར་ཞོར་ཆེ་བའི་ནགས་ཚལ་དུ་གྱུར་ཡོད།ལོ་ངོ་༢༠༠༠༠་ཡར་སྔོན་གྱི་ཁྲན་ཛི་མན་ནི་ཡ(Tasmania)་ལྷོ་ནུབ་ཕྱོགས་གཉིས་ཀྱི་གནས་སྡོད་པ་གསར་བ་འདི་དག་ནི་གཙོ་ཆེ་བ་གོ་ལའི་ལྷོ་ངོས་ཀྱི་གནས་སྡོད་པ་རེད།ཚད་ལྡན་ཀྱི་སྐམ་ལམ་དང་མཚོ་ལམ་གྱིས་ཚལ་འཇལ་བྱས་ཚེ་ཁོ་ཚོ་ཨ་ཧྤེ་རི་ཁ་དབུས་མ་ལས་ཀྱང་རྒྱང་ཐང་རིང་བའི་གནས་སུ་འཚོ་ཞིང་དེ་ནི་ཚ་བའི་ཁུལ་ནས་འོང་བའི་འགྲོ་བ་མིའི་ཁྱད་པར་ཅན་གྱི་འཕྲོད་པའི་རང་བཞིན་གྱི་རྟགས་མཚན་དེ།དེ་རྣམས་བྱང་དང་དེ་ནས་ཤར་རུ་བགྲོད་ཅིང་ད་ལྟ་ལྷོ་སྣེ་གླིང་ད་བསྐྱོད་པའི་ལམ་བར་དུ་གདའོ།
བྱང་ངོས་དང་སྤྱི་ལེ་༣༠༠༠་ལྷག་ཡིན་པའི་ནར་གཟུགས་ཅན་གྱི་གླིང་ཆེན་དེའི་སྣེ་གཞན་ཞིག་ནི་མྱུལ་ཞིབ་ཀྱི་ལས་འགུལ་བསྟུད་མར་སྤེལ་སའི་འབབ་ཚུགས་ཤིག་རེད།གྲུ་གཟིངས་ཆུང་ངུ་ཞིག་ནེའོ་གྷི་ནེ་ནས་བྱང་ཤར་དང་ཐག་མི་རིང་བའི་གླིང་ཕྲན་ཆེན་པོའི་བསྐྱོད་བྱས་འདུག།སྤྱི་ལོ་སྔོན་གྱི་ལོ་༣༥༠༠༠་སྔོན་ལ་གླིང་ཕྲན་ནེའོ་བྷི་རེ་ཁྲིན་(NewBritain)དང་།ནེའོ་ཨ་ལན་ཏི(NewIrreland)་བཅས་སུ་མི་གནས་སྡོད་བྱས་ཡོད་ཅིང་སྙིང་སྟོབས་དང་ཉམས་མྱོང་གིས་ཕྱུག་པའི་མཚོ་བསྐྱོད་པ་ཚོས་སྤྱི་ལེ་༡༥༠་ལྷག་གི་མཚོ་མས་བཏུམ་པའི་འཇིགས་རུང་གི་བཀག་རྒྱ་གཏོར་དེ་སླད་མེད་དགས་གཙང་གི་ཚ་བའི་ཁུལ་གྱི་བྷོ་ཁ(Buka)་གླིང་ཕྲན་ལ་འབྱོར་ཏེ།གནས་དེར་ཡང་མིའི་རིགས་སྤེལ།ཕ་མཐའ་མི་མངོན་པའི་ཞི་བདེ་རྒྱ་མཚོ་ཤར་ངོས་ནི་མེ་གླིང་ལྷོ་མའི་ཕྱོགས་སུ་བསྲིང་བའི་ཕྲེང་བ་བསྟར་ལ་རྒྱུས་འདྲའི་གླིང་ཚོམ་ཤིག་སྡེ་འདི་དག་གསར་རྙེད་དང་དེ་རུ་གཞི་སྡོད་བྱེད་པར་ལོ་ངོ་༣༠༠༠༠་རྗེས་ཀྱི་མཚོ་བསྐྱོད་པ་གསར་བ་དེ་།ཕོ་ལེ་ནེར་ཞི་ཡ་འོང་བར་རེ་སྒུག་བྱ་རྒྱུ་དེའོ།
ཧྥེ་གླིང་ནས་འོངས་ཤོང་ཕྱོགས་བཞིར་མཆེད་པའི་ངལ་ལ་རིང་བའི་མིའི་རིགས་ཀྱི་ལས་འགུལ་འདིའི་དུས་རིམ་ཕྱི་མའི་ནང་སྐད་ཡིག་གི་བྱུང་འཕེལ་ནི་ལྗིད་ཏིག་ཏིག་གི་འབྲས་བུ་བཟང་བོ་ཞིག་རེད།ཡུལ་སྐད་དང་སྐད་ཡིག་སྣ་མང་ཅན་ཏུ་གྱུར་བ་དང་།ཐོག་མའི་གཏན་སྡོད་བྱ་བའི་ལོ་ཟླ་ནང་གཅིག་གྱུར་གྱི་སྐད་ཡིག་ལོངས་སུ་སྤྱོད་པའི་རྒྱ་ཆེ་བའི་ས་ཁུལ་ཞིག་གི་མི་རྣམས་ཀྱི་སྐད་ཡིག་ལའང་འགྱུར་ལྡོག་བྱུང་བ་མ་ཟད།ཕན་ཚུན་ཁ་ཐག་རིང་སར་འཚོ་བའི་རུས་ཚོའི་སྐད་ཡིག་དེར་ཡང་འཕེལ་འགྱུར་བྱུང་།ས་བབས་ལ་འགྱུར་ལྡོག་སྟེ།མི་མང་པོ་ཞིག་ལ་ཕན་ཚུན་འབྲེལ་འདྲིས་གཏན་ནས་མ་བྱུང་བས་དེས་སྐད་རིགས་མི་འདྲ་བ་སྟོང་ཕྲག་དུ་མ་ཡོད་པ་དེ་རྣམས་དེ་ལས་ཀྱང་སྣ་མང་བར་གྱུར།
                                        མཚོ་མོ་འཕྱུར་དུས།
སྤྱི་ལོ་སྔོན་གྱི་ལོ་ངོ་༢༠༠༠༠༠་ནང་འགྲོ་བ་མིའི་རིགས་ནི་ཕལ་ཆེར་རྒྱ་ཆེ་བའི་གླིང་ཕྲན་ཆེན་པོ་གཅིག་གི་སྟེང་བཀག་འཇུག་བྱས་ཡོད་ལ་དེ་དུས་ཀྱི་ཡོ་རོབ་དང་།ཨ་ཧྥེ་རི་ཁ།ཨེ་ཤ་ཡ།ཨ་མེ་རི་ཁ་བཅས་མཐའ་ཡས་རྒྱ་མཚོས་ཁ་ཤོ་སྣ་རལ་དུ་བཏང་མེད་པས་སྐམ་ས་ཆེན་པོ་འདི་ནི་འགྲོ་བ་མི་ཡོངས་ཀྱི་འགུལ་སྐྱོད་ཀྱི་གར་སྟེགས་གཅིག་པུ་རེད།ཨོ་སི་ཁྲི་ལི་ཡ་(Australian)དང་ནའེ་བོ་གྷི་ནི་(NewGuine)གཉིས་ཀྱིས་མི་འཚོ་སྡོད་བྱེད་པའི་སྐམ་ས་ཆུང་བ་དེ་གྲུབ་ནའང་དེའི་མི་འབོར་དེ་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་ལྔ་ལས་ཉུང་།མི་འབོར་འདིའི་དཔྱོད་འདོད་པའི་ཁྱད་ཆོས་གཞན་ཞིག་ནི་དེ་ཧ་ལམ་ཚ་བ་ཆེ་བའི་ཁུལ་དང་ཚ་དྲོད་འཇམ་པའི་ཡུལ་ཙམ་ལས་འཛམ་གླིང་གི་ས་གཤིས་འཁྱགས་སར་འཚོ་སྡོད་བྱས་མེད།
དུས་སྐབས་འདིའི་འཛམ་གླིང་ཡོངས་ཀྱི་ཚ་དྲོད་དེང་དུས་ལས་ཤིན་ཏུ་འཁྱགས་ཤིང་འདི་ལྟར་གོ་ལའི་ཕྱེད་བྱང་མའི་ས་ཁུལ་རྒྱ་ཆེན་པོ་ཞིག་ལོའི་ཁོར་མོ་ཡུག་ལ་འཁྱགས་ཀློང་གིས་བཏུམ་དུས།ཨོ་སི་ཁྲི་ལི་ཡའི་ལྷོ་སྣེའང་འཁྱགས་རོམ་གྱི་ཀློང་དུ་ལུས་ལ་ཧྥིན་ལན་ཊི(Finland)དང་།སི་ཝད་ཊིན(Sweden)།དེ་མིན་ཨ་རི་ལན་ཊི་(Ireland)བཅས་ས་ཆ་མང་ཆེ་བ་དེ་གླིང་ཕྲན་མིན་པར་དེ་ནི་བེད་མེད་དུ་ལུས་པའི་མྱ་ངམ་ཐང་རེད།སི་ཝེ་བཟི་ལན་ཊིའི་(Swizland)ས་ཁོངས་ལས་རྒྱ་ཆེ་བའི་ཡོ་རོབ་དབུས་ཀྱི་མཐོ་སྒང་ནི་སྲིད་པའི་གངས་རྒན་གྱིས་ཁེབས་ཤིང་དབྱར་དུས་མཚོ་འགྲམ་དུ་མི་ཚོགས་རྣམས་རྩེད་འཇོར་རོལ་སའི་དེང་དུས་ཀྱི་ཡོ་རོབ་ནུབ་ཁུལ་གྱི་ཆུ་རྩེད་བྱེད་ས་ནི་དབྱར་གྱི་ཚ་གདུང་དྲག་པོའི་ནང་དུའང་འཁྱགས་རོམ་ལེབ་མོས་ཁེགས་པའི་གནས་ཤིན་ཏུ་གྲང་མོ་ཞིག་ཡིན་ལ་དེང་དུས་ཀྱི་ཆུ་རྩེད་བྱེད་ས་དེ་མཚོ་མོ་དང་ཁ་ཐག་ཧ་ཅང་རིང་།
ཨ་མེ་རི་ཁ་བྱང་མ་ནི་གཙོ་ཆེ་བ་འཁྱགས་ཀློང་གི་ཁུལ་ཏེ།དེང་སང་གི་ཁ་ན་ཊ་ཡོངས་སུ་རྫོགས་པ་གངས་འོག་ཏུ་ལུས་པ་མ་ཟད།ད་ལྟའི་ཨ་རིའི་མི་འབོར་ཕྱེད་ཀྱི་རྟེན་གཞིར་གྱུར་བའི་ཨ་རིའི་ས་རྒྱ་ཤིན་ཏུ་ཆེན་པོ་ཞིག་སྲིད་པའི་གངས་རྒན་འོག་ཏུ་ཚུད་ཡོད།མེ་གླིང་དབུས་མ་སྟེ།དུས་རབས་ཉི་ཤུའི་ནང་ཁ་བའི་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་དཀོན་པའི་ཡུལ་ཁམས་དེའི་དེ་དུས་ཀྱི་ཁ་བའི་འབབ་རྒྱུན་ཉིན་མཚན་ཀུན་ལ་བསྲིངས་ཤིང་ས་བབས་མཐོ་བའི་མེ་གླིང་ནུབ་མའི་ཁ་བ་དེ་དབྱར་དུས་སུའང་མ་ཞུ་བར་ས་གཞི་ཆེན་མོའི་ངོ་གདོང་ཧྲིལ་པོ་གཡོགས་འདུག།
མིའི་རིགས་འཚོ་སྡོད་བྱས་པའི་འཛམ་གླིང་གི་ས་ཆ་མང་ཆེ་བ་རུ་དབྱར་གྱི་ཚ་གདུང་དེ་འདྲ་ཆེ་རྒྱུ་མེད་ཅིང་ཆར་ཞོར་ཀྱི་འབབ་རྒྱུན་དང་དེ་ཉིད་རླངས་འགྱུར་གྱི་རྣམ་པ་དེ་དེང་སང་དང་གཏན་ནས་མ་འདྲ་བ་ཞིག་རེད།འགྲོ་བ་མི་རྣམས་ནི་རུས་ཁྲག་གཅིག་ལ་འབྲེལ་བས་གནམ་གཤིས་འགྱུར་ལྡོག་འདིས་ཁོ་ཚོར་ལ་དགེ་ཕན་ཅིག་བསྐྲུན་འདུག།ཕ་མཐའ་ཡས་པའི་ས་ཁྱོན་ཆེན་པོ་དེ་ད་ལྟ་མཚོ་མོའི་འོག་ཏུ་ནུབ་འདུག།འཛམ་གླིང་མི་འབོར་གྱི་བཞི་ཆའི་གཅིག་ཟིན་པའི་མི་རྣམས་ཧ་ལམ་ཨེ་ཤ་ཡ་དང་།ཧྥེ་གླིང་གཉིས་ཀྱི་དྲོད་གྲང་སྙོམ་པའི་ཁུལ་ལམ་ཚ་བ་ཆེ་བའི་ཡུལ་སྟེ།དེང་དུས་ཆུ་གཏེར་གྱིས་གཡོགས་པའི་རི་ལུང་ཐང་གསུམ་དུ་འཚོ་ཞིང་ཨ་མི་རི་ཁའི་ནང་ད་ལྟའི་(STlawrence)འགག་མདོ་དེར་མཚོ་མོའི་རླབས་ཀྱིས་ཡང་ཡང་ཅོ་ག་ལ་འདྲི།བྱང་ཨོ་སི་ཁྲོ་ལི་ཡའི་(Australia)ནང་གི་མཚོ་འགག་ཆེན་པོ་སྟེ།དེང་ལྟེམ་ལྟེམ་དུ་གཡོ་བའི་མཚོ་མོ་སྟེང་སྐར་ཚོགས་ས་ལ་འཕོས་འདྲའི་སྒར་བཏབ་ཅིང་དེ་ལས་མཆེད་པའི་མཚན་ངོགས་ཀྱི་མེ་ལྕེར་བགྲང་གིས་མི་ལང་བས་བྱི་ལ་ཁུག་མ་ཅན་གྱིས་ཅེ་རེར་བལྟས་འདུག།
མཚོ་མོའི་མཐོ་ཚད་དེ་འདི་ལྟར་དམའ་དུས།གལ་ཏེ་ལམ་བར་གྱི་མི་རྣམས་ཀྱིས་མི་ཞིག་གང་འདོད་བཞིན་བགྲོད་དུ་བཅུག་ཚེ་ཁོ་བྱང་དབྱིན་གྷི་ལན་ཊི་(England)ནས་ཧྤ་རན་སི(France)།དེ་ནས་ཇ་ཝ་(Java)བར་མི་མཐུད་དེ་ཤར་བསྐྱོད་བྱས་ཆོག།སྟོབས་ལྡན་ལ་ལུས་པོ་བདེ་ཞིང་ཐང་བའི་ཇ་ཝ་བ་(Javanese)ཞིག་གིས་རང་སྲོག་འབེན་དུ་བཙུགས་ཏེ།བྱང་ལམ་དང་དཀྱོགས་མང་པོ་བརྒྱུད་དེ་ཨེ་ཤ་ཡ་བྱང་མར་སླེབས་ཐུབ་པ་མ་ཟད།སྐམ་སའི་ཟམ་པ་བརྒྱུད་དེ་སུས་ཀྱང་གསར་རྟོགས་མ་བྱས་པའི་ཨ་ལ་ས་གར་(Alaska)བགྲོད་ཐུབ།སྐབས་ཐོག་དེའི་ཇ་ཝ་(Java)ནི་གླིང་ཕྲན་མིན་པར་ཡ་གླིང་གི་ཆ་ཤས་ཤིག་རེད།
བརླན་གཤེར་དབེན་པའི་ས་ཁུལ་དང་ཆུ་འགྲམ་བཅས་སུ་ཆགས་པའི་འདུ་འཛི་ཤིན་ཏུ་རྒོད་པའི་དེང་སང་གི་གྲུ་ཁ་རྣམས་ནི་དེ་དུས་ཀྱི་རྒྱ་མཚོ་དང་བར་ཐག་ཧ་ཅང་རིང་ལ་སྐབས་དེ་དུས་ཀྱི་པ་ན་མ་(Panama)དང་།སན་ཧྤི་རམ་སེ་སི་ཁོ་(SanFrancisco)ནའེ་ཡོག(NewYork)།རེའོ་ཊེ་ཇེར་ནེ་རོ་(RiodeJaneiro)་བཅས་ཀྱི་ས་ཁུལ་ཏུ་གྲུ་གཟིངས་བསྐྱོད་མི་ཐུབ་ལ་རོ་ཊེ་ཊན་(Rottedan)་དང་།ཨོ་ཊེ་ས་(Odessa)གཉིས་མཐའ་ཡས་རྒྱ་མཚོའི་ཕ་རོལ་དུ་ལུས་ཡོད།མི་རྣམས་ཧྲང་ཧྭེ་དང་།ཀྭ་ལི་ཀ་ཏ།་སེང་གྷ་ཕོར་(Sweden)སེ་ཊི་ནེ(Sydney)་བཅས་ཀྱི་ཉེ་འཁོར་དུ་གནས་ཀྱང་མཐའ་ཡས་རྒྱ་མཚོ་དང་ཁ་ཐང་རིང་བས་དེ་ཉིད་གཏན་ནས་མཐོང་མྱོང་མེད།
ཉིན་མཚན་དབྱེར་མེད་ངང་དོ་སྐྱེལ་བ་དང་ཟོག་འདྲེན་འཕྲུལ་འཁོར་གྱིས་ཁེངས་པའི་དེང་དུས་ཀྱི་མཚོ་འགག་འདི་རྣམས་སྐབས་ཐོག་དེར་སྤང་དང་ནགས་ཀྱིས་གཡོགས་པའི་ལུང་གཞུང་རིང་མོ་ཞིག་རེད།རྡ་ཊན་ནེ་ལེས་(Dardanelle)དང་བྷོ་སི་ཕོ་རི་(Bosporus)སྟེ།ཇེ་བྷི་རེ་ལི་ཁྲི(Gibralter)་དང་མེ་ལ་ཁན་(Maleca)་གྱི་མཚོ་འགག་དང་སམ་ཊ་(Sunda)མཚོ་འགག།ཁྲེ་རི(Torres)་མཚོ་འགག་བཅས་ནི་ཤུལ་མེད་དུ་གྱུར་བའི་དེང་དུས་ཀྱི་མཚོ་ལམ་ཟང་ཟིང་ཅན་ཞིག་རེད།སྤྱི་ལོ་སྔོན་གྱི་ལོ་ངོ་༡༥༠༠༠་ཙམ་གྱི་ཡས་མས་སུ་དགེ་མཚན་མངའ་བའི་འཕོ་འགྱུར་ཞིག་དལ་གྱིས་མགོ་ཚུགས་ཤིང་དེ་དུས་དབྱར་དགུན་ཏོག་ཙམ་ཇེ་དྲོར་ཕྱིན་ཏེ།སྲིད་པའི་གངས་རྒན་གྱི་ཡན་ལག་བཞི་པོ་ཕྱུར་བསྐུམ་ཅུང་ཙམ་བྱས།དྲན་འཛིན་གཏེར་མཛོད་ལས་ཕྱུག་པའི་ཉམས་མྱོང་རྒན་པོ་ཚོས་ན་གཞོན་རྣམས་ལ་དཔྱིད་དུས་ཀྱི་མེ་ཏོག་དང་སྡོང་པོས་གང་བུ་གྲོལ་ཞིང་མྱུ་གུ་གཏོང་བ་རྒྱུན་ལྡན་ལས་ཅུང་ཟད་སྔ་འདུག་ཅེས་བརྗོད་ཡོད་སྲིད་ལ་བྱ་དང་རི་དྭགས་ངེས་ཅན་ཞིག་སྔོན་ལས་ལྡབ་ཀྱིས་འཕེལ་ཞིང་དེ་མིན་གྱི་རང་བྱུང་ཁྲོད་འཕོ་འགྱུར་མང་པོ་བྱུང་བས་ཁོ་ཚོ་མགོ་འཐོམ་མེར་གྱུར།དེ་དག་ནི་ཕལ་ཆེར་སྔོན་བསེའུ་རུའི་མིང་ཙམ་ཡང་གོ་མ་མྱོང་བའི་ས་ཁུལ་དུ་བསེའུ་རུ་བྱུང་བའམ།ཡང་ན་སྔོན་ཤ་བའི་ཁྱུས་ཁེངས་བའི་ས་ཁུལ་དེའི་ཤྭའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་པའང་ཡིན་སྲིད།
སྤྱི་ལོ་སྔོན་གྱི་ལོ་༡༢༠༠༠་དང་ལོ་ངོ་༩༠༠༠་གཉིས་ཀྱི་བར་ལ་འཁྱགས་ཀློང་བཞུ་ཚད་མགྱོགས་པ་དང་།འཚོ་སྡོད་བྱ་ཆོག་པའི་འཛམ་གླིང་གི་ས་ཆ་མང་པོར་གནས་གཤིས་འགྱུར་ལྡོག་གི་རྣམ་པ་དེ་ཚེ་ཚད་གཅིག་ཙམ་ལ་མངོན་གསལ་དོད་པོར་གྱུར་བས་མཚོ་འགྲམ་དུ་གནས་པའི་མི་རྣམས་ཀྱིས་གནམ་གཤིས་དེ་ལྟོས་ལྟོས་རིག་རིག་ལ་ཇེ་དྲོར་མ་ཕྱིན་པའི་སྔོན་ནས་མཚོ་མོའི་རླབས་རྒྱུན་འཕེལ་བཞིན་པའི་འགྱུར་ལྡོག་དེ་ཚོར་ཡོད།
མཚོ་འགྲམ་གྱི་སྡེ་མི་མང་པོ་ཁོ་ཚོའི་ཁྱིམ་གཞི་ནམ་ཞིག་མཚོ་མས་གནུབ་ངེས་སྙམ་པའི་སྐྲག་སྣང་གིས་ཁེངས་ལ་རེ་འགས་སྐྱི་གཡའ་བའི་ཉིན་མོ་འདི་དངོས་སུ་མཐོད་མོད་ཁོ་ཚོས་རྟོགས་བཟོ་བྱས་པའི་འགྲེལ་བཤད་ཙམ་ལས་འཇིགས་རུང་གི་དོན་རྐྱེན་འདི་སུས་ཀྱང་མ་རྟོགས།དལ་གྱིས་བཞུ་བའི་གོ་ལ་ལྷོ་བྱང་སྣེ་གཉིས་ཀྱི་འཁྱགས་ཀློང་དང་བཞུ་ཀྱིན་པའི་འཁྱགས་རོམ་གྱིས་མཚོ་མོའི་མཐོ་ཚད་གོང་མཐོར་གཏོང་བཞིན་པའི་གནས་ཚུལ་དམར་རྗེན་དུ་རྟོགས་པའི་དཔྱད་ཆས་སོགས་ཁོ་ཚོར་ཅི་ཡང་མེད།
འགྲོ་བ་མིའི་ལོ་རྒྱུས་ཁྲོད་གདོད་མའི་དུས་སྐབས་སུ་མཚོ་མོ་ལ་འཕེལ་འགྲིབ་མོད་ཡང་ཐེགས་འདིའི་མཚོ་མོ་འཕྱུར་འཕེལ་ནི་རྒྱུན་རིང་བས་མཐར་གཞི་སྡོད་བྱ་ཆོག་པའི་གླིང་ཆེན་རྣམས་ཀྱི་ས་བབས་དམའ་བའི་མཚོ་འགྲམ་ཁུལ་ཡོངས་སུ་རྫོགས་པ་ཆུས་བསྣུབས།སྐབས་སྐབས་སུ་མཚོ་མོའི་འཕྱུར་འཕེལ་ཇེ་དལ་དུ་ཕྱིན་ཅིང་སོ་མཚམས་ཀྱང་ཡོད།འོན་ཀྱང་སླར་མར་མཚོ་མོ་འཕྱུར་འཕེལ་དེ་མཚམས་མ་ཆད་པས་བགྲང་གིས་མི་ལངས་བའི་མཚེར་ཤུལ་དང་།རུ་སྡེ།མཆོད་ཁང་།གཏེར་ཁུངས།བྲག་ཕུག་དང་སོ་ལྟ་ས་ཚིགས་སོགས་ཀྱང་ཤུལ་མེད་ངང་མཚོར་འཐིམ།
བསྐལ་བའི་བར་རྔོན་རྒྱག་ཆོག་པའི་ཐང་སྟོང་དེ་རིམ་གྱིས་ཚྭ་ཤེད་ཆེ་བའི་ན་འདམ་དུ་གྱུར་ཞིང་དེ་ཉིད་མཚོ་མོའི་གཏན་གྱི་ཆ་ཤས་སུ་གྱུར་བའི་དུས་རབས་གཅིག་གམ་གཉིས་རིང་ལ་སུག་བཞི་ལྡན་པའི་དུད་འགྲོ་ལས་མཚོ་ཁར་གཡེང་བའི་འདབ་ཆགས་རྔོན་ཐུབ།ལོ་རྒྱུས་རང་བཞིན་ཅན་གྱི་དུས་སྐབས་འདིར་གླིང་ཕྲན་གསར་བ་གང་མང་ཞིག་གྲུབ།དབྱིན་ལན་(England)དང་ཨ་ལན་ཊི་(Ireland)གཉིས་ཡོ་རོབ་ལས་གྱེས་ཤིང་སིང་གྷ་ལ་དེ་རྒྱ་གར་ལས་ལོགས་སུ་ཕྱིན་པ་མ་ཟད།ཧྥེ་ལི་ཕིན(Philippines)་དེ་ཨེ་ཤ་ཡ་དང་བྲལ་ཏེ་ཕྲེང་བ་སྲད་བུར་བརྒྱུས་འདྲའི་གླིང་ཕྲན་གྲུབ་པ་ན་ཐའེ་ཝན་དེའང་ཤར་ཨེ་ཤ་ཡ་ལས་དུམ་བུར་ཆད།
དུས་རབས་མང་པོའི་རིང་དཔུང་བ་མཉམ་གཤིབ་བྱེད་པའི་ཚོ་ཁག་ཆུང་ངུ་རྣམས་ཀྱིས་ཉིན་རེ་བཞིན་འཕེལ་བའི་མཚོ་མོས་ཁོ་ཚོའི་ཡུལ་ཁམས་དེ་དུམ་བུར་དུ་མར་བཅད་པ་མཐོང་ཞིང་མཐར་དུམ་བུར་བཅད་པའི་སྐམ་སའི་བར་ཐག་ཀྱང་ཆེ་རུ་ཕྱིན་པས་ཐ་ན་གྲུ་བོར་བསྡད་དེ་ཕན་ཚུན་བརྒལ་བའང་ཤིན་ཏུ་ཚབས་ཆེ་བའི་ཚོད་བགམ་ཞིག་ཏུ་གྱུར།གཅིག་ལ་གཅིག་རྟེན་ངང་འཚོ་ཞིང་གཉེན་སྒྲིག་གི་ཕོ་མོ་བརྗེ་ལེན་བྱེད་ལ་གཅིག་མཐུན་གྱི་ཆོ་ག་དང་རིམ་གྲོ་བསྒྲུབ་པའི་རུས་ཚོ་རྣམས་མཐའ་ཡས་རྒྱ་མཚོས་དུས་གཏན་དུ་ཁ་བྲལ་བཏང་།གླིང་ཕྲན་གསར་བའི་སྟེང་འཚོ་བའི་མི་གཞན་རྣམས་ཕན་ཚུན་གྱི་མིག་ཚད་ཙམ་གྱི་སར་གནས་ཀྱང་ཁོ་ཚོའི་འབྲེལ་བ་དེ་ཧ་ལམ་ཆད་ཡོད་པས་སྡོང་གཟིངས་དང་གྲུ་ཆུང་གི་མཚོ་བསྐྱོད་ཀྱིས་སྐམ་སའི་ཐོག་རྐང་ཐང་དུ་འགྲོ་བའི་ཚབ་བྱས།
དྲོད་ཚད་རིམ་གྱིས་འཕེལ་བས་སྔོན་ཆད་རྩྭ་ཉག་ཙམ་ཡང་མི་སྐྱེ་བའི་ཡོ་རོབ་དབུས་མ་དང་།ཨ་མེ་རི་ཁ།ཨེ་ཤ་ཡ་བཅས་ཀྱི་ས་མཐོ་ད་ལྟའི་འགྲོ་བ་མི་འཚོ་སྡོད་བྱ་ཆོག་ལ་དུས་་དང་བསྟུན་པའི་རི་དྭགས་འཚོ་བའི་གནས་སུ་གྱུར།དེ་ལྟར་ལྷོ་བྱང་སྣེ་གཉིས་ལ་ཐག་ཉེ་བའི་ཞིང་གྲོང་གི་ས་ཁུལ་དུ་འཁྱགས་རོམ་ཤུལ་མེད་དུ་བཞུས་ཏེ་དབྱར་དུས་སུ་ཡིད་འོང་གི་ཉམས་ཤིག་མངོན།དེས་ཕྱུགས་རིགས་འཚོ་སྐྱོང་དང་རྔོན་རྒྱག་ལས་རིགས་དགེ་ཕན་བསྐྲུན་ཡོད།བཞུས་ཀྱིན་པའི་འཁྱགས་ཀློང་གིས་ཕ་མཐའ་མི་མངོན་པའི་མཚེའུ་མང་པོ་ཞིག་གྲུབ།
གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་ཆུ་བོའི་བཞུན་རྒྱུན་ཡང་འགྱུར།སྤྱི་ལོ་སྔོན་གྱི་ལོ་ངོ་༡༠༠༠༠་ཙམ་ལ་ཧྥེ་གླིང་ནང་གི་མཚེའུ་ཝེ་ཁུ་ཁྲོ་རེ་(Victoria)ནེའུ་ལོ་གཙང་བོའི་ནང་བཞུར་འགོ་ཚུགས་པས་ནེའུ་ལེ་གཙང་བོ་དེ་འཛམ་གླིང་སྟེང་ཆེས་རིང་བོའི་གཙང་བོ་ཐོག་མ་རུ་གྱུར།ཤར་ལྷོ་ཨེ་ཤ་ཡའི་གཙང་བོ་ཆེན་པོ་གང་མང་ཞིག་དབུས་ཨེ་ཤ་ཡའི་གངས་འཁྱགས་ལ་རྟེན་ཡོད།དབྱར་གྱི་གནས་གཤིས་ཇེ་དྲོར་ཕྱིན་པ་དང་གཙང་བོ་དུ་མའི་བཞུན་རྒྱུན་དྲག་དུ་ཕྱིན།གྭང་ག་དང་རྨ་ཆུ།ད་དུང་དེ་མིན་གྱི་གཙང་འགྲམ་གྱི་བྱེ་འདམ་གྱི་ཕུང་བོ་ནི་ཕྱོགས་གཅིག་ནས་གངས་ཆུ་འབབ་ཚད་དེ་དྲག་ཏུ་ཕྱིན་པ་དེའི་འབྲས་བུ་ཡིན་ལ་བྱེ་འདམ་གྱིས་ཁེངས་བའི་བདེ་ཐང་འདི་དག་ནི་དཔལ་ཡོན་ཅེས་བྱ་བའི་ཐོག་མའི་འབྱུང་ཁུངས་རེད།
གསར་དུ་གྲུབ་པའི་ཆར་རླུང་དང་ཉི་འོད་ཀྱི་ཕུང་བོས་ཡུལ་ཁམས་འགར་གནོད་འཚེ་བཏང་ཡང་ཡུལ་གྲུ་ལ་ལར་སྔར་མེད་ཀྱི་ལེགས་ཚོགས་བསྐྲུན་ཡོད་ལ་དེ་ལྟར་ཆར་ཆུའི་འབབ་རྒྱུན་དཀོན་པའི་ས་ཆ་རེ་འགའ་ཕལ་ཆེར་མྱ་ངམ་ཐང་དུ་གྱུར་བས་ཕྱོགས་གཞན་ནས་བརྗོད་ཚེ་མི་རྣམས་ཨ་ཧྥེ་རི་ཁའི་ཕྱེད་ལྷོ་མ་རུ་བསྐྱོད་པ་རེད།རྒྱུ་མཚན་ནི་ཧྥེ་གླིང་དེ་བར་སྐབས་སུ་འགྲོ་བ་མི་གཞི་སྡོད་པ་རྣམས་འགུག་པའི་ཡོད་འོང་གི་ས་ཆ་ཞིག་ཏུ་གྱུར།སྤྱི་ལོ་སྔོན་གྱི་ལོ་ངོ་༧༠༠༠་ཅམ་གྱི་ནང་སྐམ་ཤེད་ཆེ་བའི་ཡུལ་གྲུ་ལ་ལར་ཆར་ཆུ་བབས་པ་དེ་དེང་སང་ལྡབ་གསུམ་གྱིས་མང་བས་མུ་མེད་ཀྱི་ས་ཧྭ་ར་(Sahara)་དེ་མཚེའུ་དང་ན་འདམ་གྱིས་ཁེངས་བསྡད་ཡོད།མི་རྣམས་གོམ་བགྲོད་བྱ་ཐུབ་པའི་ཡུལ་ཁམས་ཆེན་པོ་དེ་རུ་སྔོ་ལྗང་གི་རྩྭ་ཐང་དང་།རྔམ་སྟུག་པའི་ནགས་ཚལ་ལས་ཅི་ཡང་མཐོང་རྒྱུ་མེད།ཆར་ཆུ་འཛོམས་ལ་ཉི་འོད་དྲོ་བའི་དུས་རབས་དུ་མའི་རིང་ཧྥི་གླིང་བྱང་མའི་མི་འབོར་དེ་ཆུ་མིག་བརྡོལ་བ་བཞིན་འཕེལ་ཡོད་སྲིད།འོང་ཀྱང་སྤྱི་ལོ་སྔོན་གྱི་ལོ་ངོ་༣༠༠༠་གི་རྗེས་སུ་ཡུལ་གྲུ་དེ་བྱེ་ཐང་དུ་གྱུར་བས་མི་རྣམས་མུ་མེད་ཀྱི་མྱ་ངམ་ཐང་ནས་བརླན་གཤེར་འཛོམས་པའི་ཡུལ་ཁམས་སུ་བྲོས་བྱོལ་ལ་ཕྱིན།
སྤྱི་ལོ་སྔོན་གྱི་ལོ་ངོ་༨༠༠༠་མ་སོན་ཙམ་ལ་མཚོ་མོའི་འཕྱུར་འཕེལ་དེ་ཧ་ལམ་མཇུག་བསྒྲིལ་མོད་ཡ་མཚན་པ་ཞིག་ལ་གནམ་གཤིས་ཇེ་དྲོ་དང་དབྱར་དུས་ཇེ་རིང་དུ་འགྲོ་བ་ཡུད་ཙམ་ལ་མཚམས་མ་ཆད།དེ་བས་འཛམ་གླིང་གི་ཡུལ་གྲུ་མང་ཆེ་བ་ཞིག་གིས་མཚོ་མོ་འཕྱུར་འཕེལ་གྱི་རྗེས་སུ་ཚ་དྲོད་དེ་དེང་དུས་ལས་ཆེ་བ་རྟོགས།
གཏོག་དཔོག་དཀའ་བའི་ཆུ་གཏེར་གྱི་འབྱུང་ཁུངས་ནི་འཁྱགས་ཀློང་དང་གོ་ལའི་ལྷོ་བྱང་སྣེ་གཉིས་ཀྱི་བསྐལ་བའི་གངས་རྒན་རེད།ཁྱོན་བསྡོམས་ན་སྨི་ཁྲི་༡༤༠་ཡིས་འཕེལ་བའི་མཚོ་མོའི་མཐོ་ཚད་ནི་སྤྱིར་བཏང་གི་སྡོམ་རྩིས་ལྟར་ན་ཧྥེ་ཁྲི(Feet)༤༠༠་ལྷག་རེད།འདི་ནི་འདས་པའི་ལོ་ངོ་༡༠༠༠༠༠་རིང་གི་འགྲོ་བ་མིའི་ལོ་རྒྱུས་ཁྲོད་ཆེས་རྨད་དུ་བྱུང་བའི་དོན་ཞིག་ཡིན་པས་དུས་རབས་ཉི་ཤུ་ཐམ་པའི་རླངས་འཁོར་གསར་བཟོ་དང་།འབུ་ཕྲ་གསར་རྙེད།ཟླ་བའི་ཐོག་བསྐྱོད་པ་སོགས་ཀྱི་དོན་ཆེན་རྣམས་གོང་བུ་གཅིག་ཏུ་བསྒྲིལ་རུང་དེ་དང་བསྒྲུན་ག་ལ་ཕོད།མཚོ་མོའི་འཕྱུར་འཕེལ་དེའི་འབྱུང་རྐྱེན་དེ་དཔོག་དཀའ་ནའང་དེ་ནི་མི་འབོར་སྐྱེ་འཕེལ་དང་མིའི་རིགས་ཀྱི་འཚོ་བར་འཕོ་འགྱུར་གཏོང་བའི་སྒུལ་ཤུགས་རེད།
ཁེར་རྐྱང་དུ་ལུས་པའི་ལྷོའི་སྐམ་ས།
མཚོ་མོ་སྐྱེ་བ་དང་མཉམ་དུ་ལྷོ་ཤར་ཨེ་ཤ་ཡའི་ས་ཆ་མང་ཆེ་བའི་གནའ་བོའི་མཚོ་འགྲམ་རྣམས་ངོས་ཟིན་མི་ཐུབ་པར་གར་སོང་ཆ་མེད་དུ་གྱུར།ནའེ་བོ་གྷི་ནེ་(NewGuine)དང་ཨོ་སི་ཁྲི་ལི་ཡ་(Australia)གཉིས་ཀྱིས་གྲུབ་པའི་གླིང་ཆེན་གྱི་མཚོ་ཁུགས་ལྟ་བུ་ཞིག་མཚོ་ཁུགས་གཞན་ཅི་ཡང་འགྱུར་མེད་དེ།ལྷག་པར་དུ་དཔངས་མཐོ་བའི་གངས་ཀྱི་རི་བོ་ཅན་གྱི་ཚ་ཁུལ་གྱི་ནའི་བོ་གྷི་ནི་(NewGuine)ལ་དམིགས་བསལ་གྱི་འགྱུར་ཕྱིན།གངས་རི་འདི་དག་གི་དགུན་དུས་ཁངས་འབབ་ཚད་ནི་སྨི་ཁྲི་༣༦༠༠་ཡིན་ལ་གང་ལྟར་ཚ་དྲོད་འཕེལ་བ་དང་བསྟུན་སྨི་ཁྲི་༡༠༠༠་ཙམ་གྱི་ཁངས་ཐམས་ཅད་བཞུ་འགྲོ།དེ་བས་རྩ་ཉག་ཙམ་ཡང་མི་སྐྱེ་བའི་རི་ཁུལ་གྱི་ས་རྒྱ་ཆེན་པོ་ཞིག་རིམ་གྱིས་ཤིང་སྡོང་གིས་གཡོགས་ཤིང་ས་མཐོའི་གནས་གཤིས་ཀྱང་རྨོ་ཞིང་ལས་རིགས་གཉེར་བའི་མཐུན་རྐྱེན་ལེགས་པོར་གྱུར།ཉིན་རེ་བཞིན་འཕེལ་བའི་མཚོ་མོའི་ཁྲོད་ནའི་བོ་གྷི་ནི(NewGuine)ནུབ་མེད་དེ།དེའི་ནུབ་ཟིན་པའི་ས་གཞི་དེ་བུ་ཡུག་གིས་དེད་པའི་ཁ་བའི་འོག་གི་ས་རྣམས་ཆད་གསབ་བྱ་ཐུབ་སོང་།འདི་ལྟར་མཚོ་མོའི་མཐོ་ཚད་མུ་མཐུད་དེ་འཕེལ་བ་དང་མཐར་ནའི་བོ་གྷི་ནེ(NewGuine)དེ་ཁྲོ་རེས་(Torre)མཚོ་འགག་གིས་ཨོ་སི་ཁྲི་ལི་ཡ་ལས་ལོགས་སུ་བཅད།
ཨོ་སི་ཁྲི་ལེ་ཡ་(Australia)དེ་ཧ་ཅང་བདེ་ཐང་ཡིན་པས་མཚོ་མོའི་སྐྱེ་འཕེལ་གྱིས་དེའི་དབྱེབས་བཀོད་ལ་བསྒྱུར་བཅོས་བྱས།སྐམ་ས་ཆེན་མོ་འདིའི་བཅུ་ཆའི་གཅིག་དལ་གྱིས་ཆུ་མོས་གནུབ་དུས་མཚོ་ཁུགས་ཀྱི་མི་རྣམས་ཀྱི་འུ་ཐུག་ཐབས་ཟད་ངང་ཅེ་རེར་གཟིགས་ཡོད་སྲིད།རྒྱུན་ལྡན་མིན་པའི་དོན་ཆེན་འདིའི་མཇུག་ལ་རྒྱ་མཚོ་དང་སྤྱི་ལེ་༥༠༠་ཙམ་གྱི་སར་འཚོ་བའི་ཨོ་སི་ཁྲི་ལེ་ཡ་(Australia)ཚོ་བ་རྣམས་གཞི་ནས་རྒྱུས་མངའ་བྲལ་བའི་རླབས་སྒྲ་དང་།འཇིགས་སུ་རུང་བའི་མཚན་ངོགས་ཀྱི་ཤ་འོད་ཐོས་བྱུང་ལ་མཚོ་བསྐྱོད་དང་གྲུ་གཟིངས་ལ་ཆ་རྒྱུས་སྤུ་ཉག་ཙམ་ཡང་མེད་པའི་མི་རྣམས་མི་རབས་བཅུའི་རིང་མཚོ་མི་འདུལ་བའི་མཉན་པ་ཐོག་མ་རུ་གྱུར།
ཨོ་སི་ཁྲི་ལེ་ཡ་(Australia)་གླིང་ཆེན་གྱི་ལྷོ་མཐའ་རུ་ནང་ལོག་སྐམ་ས་ཞིག་གྲུབ་ཅིང་ཁྲ་ཛི་མན་ནེ་ཡ་(Tazmania)་གླིང་ཕྲན་སྟེང་གི་མི་རྣམས་དེར་བཀག་འཇུག་བྱས་པས་དེ་ནི་ཕལ་ཆེར་འགྲོ་བ་མིའི་ལོ་རྒྱུས་ཐོག་ཆེས་རིང་བའི་གྱེས་བྲལ་གྱི་ལོ་ཟླ་ཞིག་ཏུ་གྱུར།དོན་དམ་ཐོག་ཁེར་རྐྱང་གི་ལོ་ཟླ་རིང་བོ་ཁྲོད་ཁྲ་ཛི་མན་ནི་ཡ(Tazmania)བྱད་བཞིན་དེར་འགྱུར་བ་ཆེན་པོ་ཕྱིན་ཡོད་དེ།ཁོང་རྣམས་ཀྱི་མེས་པོར་གྱུར་བའི་ས་གནས་རང་མི་(Aborigine)དང་བསྡུས་ཚེ་དེ་དག་ནི་གཟུགས་བོངས་ཆུང་ལ་སྐྲ་ལོ་འཇིལ་ལི་ཅན་ཤ་སྟག་རེད།གཅིག་བྱས་ཚེ་མཚོ་མོས་ཁ་ཆད་སྣ་རལ་དུ་བཏང་ཞིང་ལོ་ངོ་སྟོང་གི་ལོ་ཟླ་རོང་མོས་ཁེར་རྐྱང་དུ་ཕུད་པས་རིགས་རུས་ཀྱི་ནུས་སྟོབས་དྲག་པོས་སྟོབས་ཀྱིས་བདག་པོར་འགྱུར་བའི་ལུས་སྟོབས་འགྲན་མེད་ཅིག་བསྩལ་ཡོད་སྲིད།ཨ་རི་དང་ཧྥ་རན་སིའི་གསར་བརྗེ་ཆེན་མོའི་ཡར་སྔོན་ཏེ།དུས་རབས་བཅོ་བརྒྱད་པའི་སྨད་ཆར་འགྲོ་བ་མིའི་རིགས་གཞན་དང་སླར་འཛོམས་བྱུང་སྟེ།ཁེར་རྐྱང་གི་ལོ་ཟླ་མཇུག་སྒྲིལ།དེ་དག་གི་མེས་པོ་རྣམས་ཧྥེ་གླིང་བ་དང་འབྲེལ་ཐག་ཆད་ནའང་ཁོ་ཚོའི་རྣམ་པ་དེ་ཧྥེ་གླིང་བ་དང་ཨ་ན་མ་ན་རེད།
ཨོ་སི་ཁྲི་ལེ་ཡའི་སྐམ་ས་ཆེན་མོ་དེ་ཁྲན་ཛི་མན་ནེ་ཡ་(Tazmania)་བཞིན་ཁེར་རྐྱང་དུ་མ་ལུས་པར་དེ་ཉིད་སྐར་ཚོམ་ལྟ་བུས་གླིང་ཕྲན་ཆུང་ང་རྣམས་ཀྱིས་ནའི་བོ་གྷི་ནེ་དང་ལྷན་དུ་སྦྲེལ་ཡོད་ཅིང་ཕྱོགས་གཉིས་ཀྱི་མི་རྣམས་ཚོང་ལས་ཀྱི་འདུ་འཛི་རྒོད་པོའི་རྒྱ་མཚོ་ཆེན་མོར་བསྟུད་མར་ཁ་ཁར་ཕྱེ།རྒྱུ་མཚན་གསལ་བོ་ཞིག་མི་ལྡན་ཡང་དོན་དམ་ཐོག་མཚོ་འགག་བཙན་པོ་དེ་བགྲང་བྱ་སྟོང་ཕྲག་མང་པོའི་རིང་གཏིང་ཟབ་པའི་ཡུར་ཆུའམ་རགས་རྡོ་ལྟ་བུ་བྱས།འདི་ལྟར་ནའི་བོ་གྷི་ནེའི་ཕྱོགས་སུ་ཡངས་བའི་ལྡུམ་རྭར་ཟས་རིགས་གསོག་འཇོག་དང་།མི་འབོར་འཕར་སྣོན།ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྩ་འཛུགས་འདྲ་མིན་རྣམས་གཞི་བྱས་པའི་ཡུལ་སྲོལ་ཅིག་གྲུབ་ཅིང་ཕྱོགས་གཞན་དུ་ཨོ་སི་ཁྲི་ལེ་ཡ་རྣམས་འབྲོག་རུ་ཆུང་ངུ་བྱས་ཤིང་རྩྭ་སར་བརྟེན་ཏེ།རྔོན་པ་དང་།འཚོལ་སྡུད་མཁན་གྱི་འཚོ་བ་སྐྱེལ་བཞིན་མཆིས།གལ་ཏེ་རྒྱ་མཚོ་མ་སྐྱེས་པར་ཨོ་སི་ཁྲི་ལེ་ཡ་དང་ནའི་བོ་གྷི་ནེ་གཉིས་གླིང་ཆེན་དེ་གའི་ཆ་ཤས་སུ་གྱུར་ཏེ།ཕན་ཚུན་འབྲེལ་བ་ཡིན་ན་ཨོ་སི་ཁྲི་ལེ་ཡའི་ཕྱིས་ཀྱི་ལོ་རྒྱུས་དེ་ནའེ་བོ་གྷི་ནེ་དང་མཐུན་ཆེ་སྙམ་པའི་ཐེ་ཚོམ་ཕྲན་བུ་ཞིག་ཡོད་ངེས།དེ་ལྟར་སྤྱི་ལོ་༡༧༨༨་ལོར་བྷི་རེ་ཁྲིན་(British)་སེ་ཊི་ནེར་(Sydney)་སླེབས་ཏེ།ཁེར་རྐྱང་གི་འཚོ་བ་སིལ་བུར་གཏོར་དུས་ཡུལ་སྡོད་མི་རྣམས་ལ་ཉིན་ཚབས་ཆེ་བའི་དངངས་སྐྲག་དང་སྲོག་ལ་ཐུག་པའི་གདའ་འདེད་ཅིག་རེད།

                                      བོར་ཟིན་པའི་མེ་གླིང་།

མཐའ་ཡས་རྒྱ་མཚོ་སྐྱེ་འཕེལ་བྱེད་པའི་དུས་སུ་འགྲོ་བ་མི་རྣམས་ཀྱིས་མི་གླིང་དེ་དུས་ཡུན་རིང་བོ་ཞིག་ལ་གསར་རྙེད་བྱ་ཐུབ་མེད།མེ་གླིང་གི་མེས་པོ་ཐོག་མ་དེ་སྤྱི་ལོ་སྔོན་གྱི་ལོ་ངོ་༢༢༠༠༠་ཙམ་གྱི་ཡར་སྔོན་ལ་ས་བྷི་རེ་ཡ་(Siberia)དང་།ཨ་ལ་སི་ཀ་གཉིས་བར་གྱི་འགག་སྟོང་དེ་བརྒལ་ལ་གླིང་གཉིས་ཀ་ཙག་རླུང་རྒོད་པོའི་སྐམ་སས་སྦྲེལ་ཡོད་པས་དབྱར་དུས་སུའང་ཕན་ཚུན་བརྒལ་བ་དཀའ་མོ་ཞིག་མ་རེད།ཡང་ཅིག་བཤད་ན་རི་དྭགས་རྔོན་མཁན་གྱི་རྔོན་པ་རྣམས་དང་།ཁོང་ཚོའི་བཟའ་མི་ཚོས་རི་དྭགས་གདའ་སྟེ།འགག་ཕྲེང་དེ་སྟབས་བདེ་ངང་བརྒལ་རྗེས་ཕ་རོལ་གྱི་ཡུལ་གྲུ་དེ་རང་ཡུལ་ལས་ཉམས་དགའ་བར་མཐོང་བས་ས་དེ་རུ་འཚོ་བ་སྐྱེལ་བའི་སེམས་ཐག་བཅད་པ་དངོས་ཡོད་ཡིན་སྲིད་པས་དོན་དངོས་ཐོག་ཁོ་ཚོ་ནི་གླིང་ཆེན་གསར་བ་ཞིག་གསར་རྙེད་བྱ་མཁན་གྱི་མེས་པོ་སྟེ་ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་སུ་སུས་ཀྱང་བསུབ་ཐབས་མེད་པའི་རྐང་རྗེས་ཤིག་བཀོད།འོན་ཏེ་ཁོ་ཚོ་རང་ཉིད་ལ་མཚོན་ན་དེ་ནི་ཉིན་རྒྱུན་འཚོ་བའི་ཁྲོད་སྒྲུབ་བཞིན་པའི་ཆེན་རྒྱུན་ལྡན་གྱི་ལས་ཀ་ཞིག་རེད།མི་རིགས་འདྲ་མིན་མང་པོ་མུ་མཐུད་པའི་རླབས་ཕྲེང་བཞིག་གཅིག་རྗེས་གཉིས་མཐུད་ངང་འགག་ཕྲེང་དེ་བརྒལ་ནས་ནུབ་ཕྱོགས་སུ་བསྐྱོད་ཅིང་སྤྱི་ལོ་སྔོན་གྱི་ལོ་ངོ་༢༢༠༠༠་ཙམ་ལ་དེ་དག་མར་ཁུ་སེ་ཁོ(Mexico)་ནང་དུ་སླེབས་པ་དེ་མཚེར་ཤུལ་དུ་ལུས་པའི་རིན་ཐང་བྲལ་བའི་གཡའ་རྡོ་ནག་པོས་བདེན་དཔང་བྱས་ཡོད།
འབྲོང་དང།སྤུ་གླིང་།གླིང་ཆེན་རིགས་ཤིག།རྟ།རྔ་མོང་སོགས་རི་དྭགས་ཆེན་པོ་རྣམས་ཀྱིས་ས་གཞི་ཁེབས་ཏེ།རྩྭ་ཐང་དུ་སོས་དལ་བག་ཕེབས་ཀྱིས་བཞུད་དུས་དེ་ནི་རྔོན་པ་རྣམས་ཀྱི་དགོས་འདོད་ལྷུན་འགྲུབ་བྱ་སའི་དག་ཞིང་ཡོན་མོད།དུད་འགྲོ་དེ་དག་གིས་ནུས་རྩལ་ཅན་གྱི་རྔོན་པ་རྣམས་འོང་གིན་པ་ཤེས་མེད།རྔོན་པ་རྣམས་ཀྱིས་རི་བོང་ལ་སོགས་པའི་སྲོག་ཆགས་ཕྲན་བུ་རྣམས་ཚད་མེད་པར་རྔོན་ཐུབ་ལ་རོལ་མ་མྱོང་བའི་ཤིང་ཏོག་ནི་ཀླུའི་རྒྱལ་བོའི་བང་མཛོད་ལ་ཅོ་འདྲི་བ་བཞིན་རི་ལུང་ཡོད་རྒུ་གཏམས་ཡོད་དགུན་ཁ་སླེབས་དུས་སློག་རྩག་དང་ཝ་ཞྭ་སོགས་འབད་འབད་ལྷུག་ལྷུག་རེད།
དེ་ལྟར་མེ་གླིང་གི་མི་འབོར་འཕེལ་བ་སྤྱི་ལོ་སྔོན་གྱི་ལོ་ངོ་༡༡༠༠༠་ཙམ་གྱི་འགྲོ་བ་མིའི་མཚེར་ཤུལ་བརྐོ་འདྲུ་བྱས་པ་ལས་བྱུང་བའི་གཞི་སྡོད་ཀྱི་མགྱོགས་ཚད་གསལ་བོར་བསྟན།དེ་དག་པ་ན་མའི་(Panama)ཨེ་སི་ཐི་མི(Isthumus)་བརྒལ་ཏེ་མི་གླིང་ལྷོ་མར་འཛུལ་པ་དང་།ལྷོ་བགྲོད་ལས་འགུལ་ནང་གི་མི་རྣམས་ཀྱིས་ལྷོ་སྣེའི་འཁྱགས་ཀློང་མ་མཐོང་བར་འགྲུལ་བསྐྱོད་ལ་གེག་བྱ་མཁན་ཏོག་ཙམ་ལས་མེད།
ཕྱིས་སུ་མཐའ་ཡས་རྒྱ་མཚོས་ཁུ་སིམ་སིམ་ངང་མི་གླིང་དེ་ཡང་མེས་སྐམ་ས་དང་ལོགས་སུ་ཕྱེས་ལ་སྤྱི་ལོ་སྔོན་གྱི་ལོ་ངོ་༡༠༠༠༠་ཙམ་ལ་ཡ་གླིང་དང་ཨ་ལ་སི་ག་(Alaska)གཉིས་བར་གྱི་འགག་ཕྲེད་སྟེ།མི་གླིང་དུ་བགྲོད་པའི་ལམ་བུ་གཅིག་པུ་སྐྱེ་བཞིན་པའི་མཚོ་མོས་ཡོངས་སུ་བཅད་པས་བྷི་རིན་(Bering)མཚོ་འགག་གྲུབ་ཅིང་དེ་ལྟར་མཚོ་འགག་གསར་བ་དེའི་མཚོ་ཆུ་འཁྱགས་པས་བསྡམ་པའི་དུས་སྐབས་ཤིག་ལ་མི་རྣམས་དར་ཐོག་ནས་འགྲོ་འོང་བྱ་ཐུབ་མོད།གནས་གཤིས་ཅུང་ཙམ་ཇེ་དྲོར་ཕྱིན་ཚེ་ཐ་ན་བགྲོད་ལམ་དེའང་ཉེན་ཁ་ཅན་ཞིག་རེད།དེ་བས་མི་གླིང་དང་ཕྱིའི་འཇིག་རྟེན་གཉིས་བར་གྱི་འབྲེལ་བ་ཡོད་ཚད་ཆད་དེ་སླར་ཡང་ལོ་ངོ་༡༠༠༠༠་ཙམ་ལ་ཁུ་སིམ་མེར་ལྷག།དེ་བས་གླིང་གཉིས་བར་གྱི་འགྲོ་འོང་དེ་འདབ་ཆགས་ཁོ་ན་ལས་མི་རྣམས་ཁེར་རྐྱང་དུ་བསྡད་ཡོད་པས་མཐའ་མར་མེ་གླིང་གི་གཞི་སྡོད་པ་རྣམས་ཁོང་ཚོའི་མཆེད་ཁུངས་ལ་རྒྱུད་མེད་དུ་གྱུར།
སྐྱེ་བཞིན་པའི་མཚོ་མས་མེ་གླིང་ལ་ཨོ་སི་ཁྲི་ལེ་ཡ་(Australia)་ལྟ་བུའི་ཤུགས་རྐྱེན་ཆེན་པོ་ཐེབས་མེད་ལ་ཨོ་སི་ཁྲི་ལེ་ཡ་(Australia)་གླིང་ནི་ས་ངོས་བདེ་ཞིང་ས་བབས་དམའ་བས་རྒྱུན་ལྡན་མིན་པའི་མཚོ་ཁུག་གི་ས་ཁུལ་དམའ་ས་ཐམས་ཅད་ཆུས་བསྣུན།མེ་གླིང་ལ་ཆུ་ལོག་གི་གནོད་འཚེ་འགོག་མི་ཐུབ་པའི་ས་ཆ་ཕྲན་བུ་ལས་མེད།ཁ་ན་ཊ(Canada)་ཡོངས་སུ་ཁེབས་ཤིང་དེ་ནས་ནའེ་བོ་དབྱིན་ལན་(NewEngland)་བར་བསྲིང་ཏེ།བེ་སི་ཁོ་སིན་(Wisconsin)་ལྷོ་མཚམས་བརྒལ་བའི་འཁྱགས་ཀློང་སྟུག་པོ་ལས་བྱུང་བའི་སྐམ་ཤེད་ཆེ་བའི་ས་ཆ་སྟེ།མི་གླིང་གི་བྱང་ཕྱེད་རྣམས་གནས་གཤིས་འགྱུར་ལྡོག་གིས་རྐྱེན་གྱིས་གྲུབ་པ་ཡིན།འཁྱགས་ཀློང་ཞུ་བ་དང་དལ་གྱིས་འཕྱུར་བའི་ས་ཆ་རྣམས་འཁྱགས་ཀློང་སྟུག་པོས་དྲག་ཏུ་མནན་ཚེ་མཚེའུ་མང་པོ་གྲུབ་སྟེ།ན་གྷ་རའི་(NiagaraFall)རྦབ་ཆུ།མདོར་ན་ཆབ་རོམ་ལས་བྱུང་བའི་མི་གླིང་བྱང་མའི་ས་ཆ་གསར་བ་དེ་མཚོ་མོས་འགེམ་བཞིན་པའི་མཚོ་འགྲམ་ས་ཆ་ལས་རྒྱ་ཤིན་ཏུ་ཆེ།
མེ་གླིང་ལྷོ་མར་ཆུས་བསྣུན་པའི་ས་རྒྱ་ཆེན་པོ་གཅིག་པུ་ནི་ལྷོ་ཤར་ཁུལ་རེད་ལ་དེ་རུ་ས་བབས་དམའ་བའི་དེང་གི་ཨ་ཇིན་ཁྲེ་ན་(Argentine)མཚོ་འགག་གྱི་ས་རྒྱ་ཆེན་པོ་ཞིག་ཆུ་བོས་སིམ།དེ་ལྟར་བོར་ཟིན་པའི་ས་ཆ་དེ་དག་གི་ཚབ་ཏུ་ཆ་ལི་(Chile)ལྷོ་ཁུལ་གྱི་ཆབ་རོམ་བཞུས་པས་མེ་གླིང་ལྷོ་མའི་ནང་ཕྱིར་ཐོབ་པའི་ས་ཆ་དེ་ཤོར་ཟིན་པའི་ས་ཆ་བཞིན་རྒྱ་ཆེ།
ཡ་གླིང་ལས་གྱེས་པའི་ཁེར་རྐྱང་གི་ལོ་ཟླ་རིང་མོ་ནང་མེ་གླིང་དེ་རྗེས་སུ་མ་ཐེབས་པར་འཚོ་སྡོད་བྱ་ཆོག་པའི་ས་ཁུལ་ཡོངས་སུ་མིའི་རིགས་ཀྱིས་ཁྱབ་ཅིང་དེ་ནས་རིམ་གྱིས་མི་རྣམས་འཚོ་བ་འདྲ་མི་སྣ་ཚོགས་ཅན་ཏུ་གྱུར་ཞིང་དེ་དག་ལས་བྱང་གི་འཁྱགས་ཀློང་ཁྲོད་ཀྱི་ཨེ་ནའི་ཁྲི་(Inuit)་དང་།ལྷོ་མཐའི་འཁྱགས་ཀློང་གི་རྔོན་རྒྱག་དང་འཐུ་སྒྲུག་མཁན་གྱིས་མེ་གླིང་ལྷོ་བྱང་གཉིས་ཀྱི་ས་ཆ་མང་པོ་རུ་རྔོན་ཕྱུགས་མཉམ་སྐྱོང་བྱེད་བཞིན་མི་རིགས་འདྲ་མིན་སྣ་ཚོག་འདུས།བྱང་ཤར་ཁུལ་གྱི་ཧྥུ་རལ་ཟི(Fraser)་དང་ཁུ་ལོན་བྷེ་ཡ་(Columbia)གཙང་བོའི་རྒྱུད་ཀྱི་རུས་རྒྱུད་ཚོ་བ་འགའ་ཕུན་སུམ་ཚོགས་པའི་དངུལ་ཉའི་(Salmon)ཐོན་ཁུངས་དང་།བྲན་གཡོག་ལ་རྟེན་ནས་འཚོ་བཞིན་མཆིས།དེ་ལྟར་སྤྱི་ལོ་སྔོན་གྱི་ལོ་ངོ་༢༠༠༠་ཟིན་ཙམ་ལ་མེ་གླིང་དུ་དཔལ་འབྱོར་དང་རིག་གཞུང་འདྲ་མིན་མང་པོ་ཞིག་དར་འདུག།
དུས་རབས་ཉི་སུ་པའི་སྨད་ཙམ་ལ་ཨུ་མེ་རྫུན་(Amazon)གྱི་ཆར་ཞོད་ཆེ་བའི་ནགས་ཆལ་དེར་འགྲོ་བ་མིའི་རིགས་ཀྱི་ཞབས་རྗེས་བཀོད་མ་ཐུབ་པར་ཁེར་རྐྱང་དུ་ལུས་པའི་བསམ་བློ་ཞིག་བྱུང་བ་དང་།རང་བྱུང་གི་ངོས་ཐད་ནས་ནུབ་ཕྱོགས་ཡུལ་གྱི་སྐྱེ་བོ་མང་པོ་ཞིག་ཨུ་མེར་རྫུན་(Amazon)་གྱི་ཆར་ཞོར་ཆེ་བའི་ནགས་ཚལ་ལ་ངོ་མཚར་སྐྱེས་ཤིང་ནགས་ཚལ་དེའི་གདོད་མའི་རྣམ་པརམ་རང་བཞིན་དེ་འཇིག་སླ་བའི་མཛེས་སྡུག་གི་ཀློང་ན་ལུས་ཡོད་ལ་དེ་ནི་ཡིད་འོང་གི་ཆུ་ཕྲན་བྲི་བའི་ལྔོ་ལྗང་གི་གཞོང་ས་ཞིག་རེད།གར་ལྟར་ད་ལྟ་ཨུ་མེར་རྫུན་(Amazon)ལའང་མེ་གླིང་དེ་ཡོ་རོབ་དང་ཡ་གླིང་ལ་བྲལ་དུས་ཀྱི་ལོ་ཟླ་ནང་རང་ཉིད་ཀྱི་ཁྱད་ཆོས་མངོན་པའི་འགྲོ་བ་མིའི་ལོ་རྒྱུས་ཤིག་ཡོད་པ་ཀུན་གྱིས་ཁས་ལེན།མེ་གླིང་ས་ཆའི་རྫ་བཟོ་ལག་རྩལ་དེ་ནི་དབུས་བྱང་མེ་གླིང་ནས་དར་བ་མ་ཡིན་པར་སྤྱི་ལོ་སྔོན་གྱི་ལོ་ངོ་༥༠༠༠་ཡར་སྔོན་དུ་ཨུ་མེར་རྫུན་(Amazon)་ཚ་ཁུལ་གྱི་ཆར་ཞོར་ཆེ་བའི་ནགས་ཚལ་ནས་དར་བ་མ་ཟད།མ་རྨོས་ལོ་ཏོག་དང་འབྲུ་རིགས་ཀྱང་ས་འདིའི་མིས་འདེབས་འཛུགས་བྱེད་པའི་བདེན་དཔང་རྙེད།
དུས་ཡུན་རིང་པོ་ཞིག་གི་སྔོན་ལ་ཇ་ཨུ་མེར་རྫུན་(Amazon)གྱི་འདབས་དང་།དེའི་ཆུ་ཕྲན་ཆུང་ངུ་རྣམས་ཀྱི་མཐའ་རུ་རུ་སྡེ་མང་པོ་གྲོག་མཚང་བརྡོལ་བ་བཞིན་འཕེལ་ཞིང་ས་མྱག་གིས་ཁེངས་བའི་ཆུ་བོས་ཁྱེར་བའི་བྱེ་འདམ་ནག་པོས་གཙང་འགྲམ་ཐམས་ཅད་གཡོགས་པས་ས་བཅུད་འཛོམས་པའི་ཞིང་ས་གཤིན་པོ་འདིའི་སྟེང་ལྗིད་ཏིག་ཏིག་གི་ལོ་ལེགས་སྙེ་མ་ཕུབ་བོ་ལོ་རེ་བཞིན་བསྡུ་ཆོག།ཚོ་དཔོན་གྱི་གཟིམ་ཤག་དང་།ལྷ་ཁང་།འབྲུ་མཛོད།རྫ་མ་དང་རས་ཆ་བཟོ་གྲྭ་སོགས་མི་འབོར་༢༥༠༠་ཙམ་གྱི་རུ་སྡེ་ཞིག་ཕྲེང་རྡོག་ས་ལ་གཏོར་བ་བཞིན་ཆགས་ཤིང་རུ་སྡེ་མང་པོའི་ནང་ཤིང་ཆས་ཀྱིས་གྲུབ་བའི་ཁང་བས་གཙང་འགྲམ་རྒྱུད་ལ་མུ་མཚམས་མེད་པར་སྲང་ལམ་ཞིག་གྲུབ་ཡོད།འཁྱགས་དར་རྒྱ་མཚོའི་འདུས་མདོའི་རུ་སྡེ་གཞན་དག་ནི་མིའི་ཤུགས་ཀྱིས་དབོར་འདྲེན་བྱས་པའི་སས་གྲུབ་པའི་སྤོ་ཐོ་སྟེང་སྡོད་ཅིང་གཙང་པོ་དང་ཁ་ཐག་རིང་བའི་རི་ཁུལ་ནི་ས་གཤིས་རྩུབ་ཅིང་ལུད་རྫས་མོད་པའི་ཆུ་ལོག་དཀོན་ཕྱིར་ཐར་ཐོར་དུ་གནས་པའི་རུ་སྡེ་ཕྲན་བུ་རྣམས་རྩའི་སྤྱིལ་བུས་གྲུབ་ཡོད་ཅིང་ས་བཅུད་ཤོར་ཚེ་དེ་མ་ཐག་རུ་སྤོར།
སྤྱི་ལོ་དུས་རབས་བཅུ་དྲུག་པའི་ནང་ཡོ་རོབ་པ་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ།ཁྱོན་ཡངས་བའི་ཨ་མར་རྫུན་(Amazon)་ལ་ཐོག་མར་འབྱོར་ཞིང་དེ་ཚོས་ས་གནས་སྡོད་མི་རྣམས་བྲན་ཏུ་བཀོལ་ཞིང་གདའ་འདེད་བཏང་སྟེ།རུ་སྡེ་རྣམས་རྩ་གཏོར་བྱས་པ་མ་ཟད།ལྐོག་ཏུ་གྱུར་བའི་འཆི་བདག་གི་ཞགས་པ་ལྟ་བའི་ནད་ཡམས་དེ་རི་ཁུལ་ལ་ཁྱབ་དུ་བཅུག།ལོ་ཟླའི་འགྱུར་འགྲོས་རིང་མོ་ཁྲོད་གནའ་བོའི་ལུགས་སྲོལ་འདི་རྒུད་ཀྱིན་པ་གསར་ཏུ་འབྱོར་བའི་ཕོར་ཆི་གྷར་(Portuguese)རྣམས་ཀྱིས་གསལ་བོར་མཐོང་།དེ་ལྟར་ནགས་ཀློང་གིས་རི་ཞིང་གི་དབྱེ་བ་བསྲེས་ཤིང་ཤ་འོད་དྲག་པོས་རྫ་ཅག་མང་པོ་ལྡན་པའི་རུ་སྡེ་ཧྲིལ་པོ་ཤུལ་མེད་རྗེས་མེད་དུ་བཏང་བ་དང་།ཕྱིས་སུ་ཡོ་རོབ་དང་མེ་གླིང་བྱང་མ་བཅས་སུ་གདོད་མའི་ནགས་ཚལ་དེ་ཉེ་དུས་ཀྱི་ནགས་ཚལ་གཅོད་འབྲེག་གི་གནོད་སྐྱོན་མ་བྱུང་བར་འགྱུར་བ་ཏོག་ཙམ་ལས་མ་ཕྱིན་པར་རང་སོར་གནས་པའི་བསམ་ཚུལ་བྱུང་།ཡ་མཚར་བ་ཞིག་ལ་ས་ཁུལ་འདིའི་ནང་གི་སྐྱེས་ཁམས་སྣ་འཛོམས་ཀྱི་ཁྱད་ཆོས་དེ་གདོད་མའི་ཆར་ཞོར་ཆེ་བའི་ནགས་ཚལ་ལྟར་ཆེས་ངོ་མཚར་བ་ཞིག་མ་ཡིན་ཡང་ས་ཁུལ་དེ་དག་ནགས་བསྐྲུན་བྱ་མཁན་ནི་ཨུ་མེར་རྫུན་གྱི་མེས་པོར་གྱུར་པའི་སོ་ནམ་པ་ཡིན་ཞིང་དེ་ཉིད་ད་ལྟ་གསར་ཏུ་སྐྱེས་བའི་རྩི་ཤིང་གིས་གཡོགས་འདུག།

སྤྱུགས་ཟིན་པའི་འཇར་པན།

མེ་གླིང་བཞིན་འཇར་པན་ཡང་ས་མཐར་སྤྱུགས་ཀྱང་དེའི་འགྲོ་བ་མིའི་ལོ་རྒྱུས་དེ་མེ་གླིང་ལས་ཤིན་ཏུ་རིང་ཞིང་མཚོ་མོ་མ་འཕྱུར་བའི་སྔོན་གྱི་ལོ་ངོ་སྟོང་ཕྲག་བཅུ་ལྷག་ལ་དེ་རུ་འགྲོ་བ་མི་གནས་འདུག།དེ་ནི་འཛམ་གླིང་གི་ཆེས་གྲང་བའི་གནས་སྡོད་ཁུལ་ཞིག་ཡིན་ལ་གངས་ཀྱིས་ཟིན་པའི་རི་ཟོན་གྱིས་ནགས་མའི་ཀློང་འདིར་གཟིགས་བཞིན་ཡུན་རིང་ཕྱིན།གྲུམ་པ་དང་རི་བོང་།ཕག་རྒོད་བཅས་སྟག་གཟིག་དོམ་དྲེད་དང་གླང་ཆེན་སོགས་གདུག་རྩུབ་པའི་གཅན་གཟན་ཆེ་བ་རྣམས་དང་ལྷན་དུ་འཚོའང་དེ་དག་གི་གྲངས་འབོར་ནི་རྒུད་ཀྱིན་པའི་སྒང་རེད།ས་བབས་དམའ་བའི་ནགས་ཀློང་དེ་བདེ་བའི་ཐང་དང་ཇེ་ཉེར་ཕྱིན་པས་དམའ་སར་གནས་བའི་ས་ཆ་འགའ་དུས་བཞིར་གངས་འཁྱགས་ཀྱིས་བསྡམས་པའི་མྱ་ངམ་ཐང་རེད།
མཚོ་མོ་འཕྱུར་མགོ་ཚུགས་ཏེ།དེས་གནས་སྡོད་བྱས་པའི་འཇར་པན་ལྷོ་ཁུལ་གྱི་ས་ཁུལ་རྣམས་དུམ་བུར་བཅད་དེ་གླིང་ཕྲན་ཏུ་བསྒྱུར་པས་འཇར་པན་དང་ཁོ་རེ་ཡ་གཉིས་ཕན་ཚུན་དབྱེ་བའི་ཚོ་ཞི་མ་མཚོ་འགག་བྱུང་ལ་དེ་ཡང་དེའི་བྱང་ཕྱོགས་སུ་ས་བྷར་རེ་ཡ་དང་འབྲེལ་བའི་སྐམ་སའི་འབྲེལ་ཐག་ཅིག་ལུས་པས་བར་སྐབས་ཤིག་ལ་འཇར་པན་དེ་ས་བྷར་རེ་ཡ་ནས་ལྷོ་ཕྱོགས་སུ་བསྲིང་བའི་ཡན་ལག་ཅིག་རེད།
          མཐཪ་འཇར་པན་དེ་མཐའ་གཅིག་ཏུ་ཁེར་རྐྱང་ལ་བུད་ཅིང་དེའི་མི་འབོར་དེ་ཐ་རེ་ཐོ་རེ་ཙམ་དང་སྤྱིའི་མི་གྲངས་དེ་30000་ལས་ཅུང་ཉུང་ལ་མི་མང་ཆེ་བ་མཚོ་འགྲམ་མམ་དེ་དང་ཐག་ཉེ་བའི་སར་འཚོ་ཞིང་མཚོ་མོས་ཁོ་ཚོར་ཉ་དང་ས་བབས་དམའ་བའི་ལུང་གཞུང་དང་བདེ་ཐང་གིས་དབྱར་དུས་སུ་ཁོ་ཚོར་རྒོད་སྐྱེས་ཀྱི་སྔོ་ཚུལ་བཅས་བསྩོལ་གྱིན་འདུག།ཪུ་སྐོར་ཆུང་ངུའི་མི་དམངས་ཚོ་ཡར་མར་ཀུན་ལ་འགྲིམ་ནས་དུས་བཞི་འགྱུར་འགྲོས་དང་བསྟུན་ཏེ།ལེགས་ཉེས་སྣ་ཚོགས་ཀྱི་ལོ་ཟླ་ཕར་ལ་བསྐྱལ།
          ཉི་ཧོང་བ་རྣམས་ཀྱིས་ཇོན་མོན་དུས་སྐབས་()་ཞེས་སུ་བརྗོད་པའི་ལོ་ཟླ་ནང་མི་རྣམས་ཀྱི་ཚེ་ཚད་ཧ་ཅང་ཐུང་ལ་དགུང་གྲངས་ཞེ་ལྔ་ལོན་རྒྱུ་ནི་རྒྱུན་ལྡན་ཞིག་མིན་ལ་དགུང་གྲངས་བདུན་བཅུར་སོན་པ་དེ་སྒྱུ་འཕྲུལ་ཞིག་ཏུ་བརྩི།1949་ལོར་སྔོག་འདྲུ་བྱས་པའི་ཡོ་ཁོ་ཧ་མའི་མིའི་རུས་པར་་འོད་ཀྱིས་བརྟག་དཔྱད་བྱས་ཚེ་དེས་སྐབས་ལ་རེར་བྱིས་པ་ལྟོགས་ཤི་ཐེབས་བཞིན་པ་བདེན་དཔང་བྱས་ཤིང་དེའི་སོ་རྣམས་འབྲོག་པ་རྣམས་ཀྱི་སོ་དང་འདྲ་བར་ཟད་འདུག་ལ་མ་རྐན་གྱི་ཕྱོགས་གཅིག་གི་འགྲམ་སོ་རྣམས་ཕལ་ཆེར་ཟད་དེ་རྙིལ་དང་མཉམ་འདུག།རྡོ་འམ་བྱེ་མ་ཚ་བོ་སྟེང་ཤ་བསྲེགས་ཤིང་རྡོའི་ཟེགས་མའི་ཁེངས་བའི་ཤ་རྡོག་ཁམ་རེ་བཞིན་ཤུགས་ཀྱིས་ལྡད་པས་སོ་ཟད་པའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན།
          ཁོ་ཤོའི་()་གླིང་ཕྲན་གཙོ་བོ་སྟེང་ཉི་ཧོང་བས་བཟོ་བཀོད་ལེགས་པའི་རྫ་ཆས་བཟོས་འདུག་ལ་རྫ་ཆས་དུམ་བུ་ཞིག་རྙེད་སོན་བྱུང་བ་དེ་སྤྱི་ལོ་སྔོན་གྱིི་ལོ་ངོ་10500་ཙམ་ཏུ་བྱུང་ཞིང་དེ་ཉིད་རྒྱ་ནག་དང་འཛམ་གླིང་ཧྲིལ་བོའི་ཁྲོད་ཀྱི་རྫ་ཆས་དང་།དེ་མིན་ཉེ་ཆར་རྙེད་སོན་བྱུང་བའི་རྫ་ཆས་རྣམས་ལས་ཀྱང་སྔ་བར་འདུག།གནའ་བོའི་རྫ་མ་རྣམས་ཕལ་ཆེར་བུད་མེད་ཚོས་བཟོས་བར་སྙམ་ལ་དེ་རྣམས་ཀྱི་ཞབས་ཟླུམ་པས་བྱེ་མ་སོགས་ས་སྙི་མོའི་སྟེང་དྲང་པོར་ལངས་ཐུབ།ཕྱིས་སུ་ཞབས་ལེབ་ལེབ་བཟོ་པ་རྒྱུན་ལྡན་དུ་གྱུར།རྫ་བུམ་ཆུང་ངུ་རྣམས་འཐུང་བྱེད་ཀྱི་ཇ་ནེའི་ཚུལ་དུ་སྤྱོད་ཅིང་ཆེ་བ་རྣམས་ཆུ་གསོག་བྱེད་ཀྱི་སྣོད་དམ་ཡང་ན་བཙས་རྗེས་ཟ་རུང་བའི་རྩྭ་ལྡུམ་སྐོལ་བྱེད་ཀྱི་སླ་ང་བཞིན་བེད་སྤྱོད་བྱེད།སྔོན་གྱི་སྨུག་སྐྱ་ཅན་གྱི་རྫ་ཆས་རྣམས་རིམ་གྱིས་ལི་ཁྲི་འམ་།དངུལ་མདོག་བཅས་མཚོན་མདོག་སྣ་མིན་བཀྲ་བར་གྱུར་ལ་དེ་དག་གི་སྟེང་རྫ་མཁན་གྱི་སེན་མོ་དང་སོན་རྩེ་ལས་ཐོན་པའི་རི་མོའང་ཐུན་མོང་མ་ཡིན་པ་མང་པོ་བཀོད་འདུག།ལོ་ངོ་སྟོང་ཕྲག་འགྱུས་འགྲོས་ཁྲོད་དེ་རྣམས་ཀྱི་དབྱིབས་དང་རྣམ་པ་ཨེ་ཇི་ཕུ་ཁྲི་དང་གྷི་རེ་ཁི།རྒྱ་ནག་བཅས་དཔལ་ཡོན་ལྡན་པའི་རྒྱལ་ཁབ་རྣམས་ཀྱི་རྫ་ཆས་བཞིན་སྒྱུ་རྩལ་ལྡན་པ་མཐའ་འཁོབ་ཀྱི་ཉི་ཧོང་གིས་གནས་ཚུལ་དེ་དག་ག་ལ་ཤེས།
          རྫ་བུམ་རྣམས་ལྕི་ཞིང་ཆག་སླ་བས་ཟ་མ་འབྲོག་རྣམས་ཀྱིས་ཁྱེར་མི་ཐུབ་པར་སྣང་ལ་དུས་རྒྱུན་གནས་སྤོར་ལ་བྲེལ་བའི་མི་འདི་དག་གིས་བཟོ་ཡང་མི་ཤེས་བ་འདྲ།རྫ་བུམ་གནས་པ་འདིས་མི་རྣམས་ས་ཁུལ་ཞིག་ལ་དུས་སྐབས་རེར་ཟླ་བ་དུ་མ་སྡོད་ཀྱིན་པ་གསལ་བཤད་བྱེད་ལ་རྗེས་སུ་བཟའ་བཏུང་རྙེད་སའི་ས་ཁུལ་གསར་བར་གནས་སྤོར་བྱེད་ལ་འོས་འཚམ་གྱི་དུས་ཚིགས་ནང་དུ་ཁོ་ཚོ་སྔར་གྱི་སྡོད་གནས་སུ་ཕྱིར་ལོག་བྱེད།
          སྤྱི་ལོ་སྔོན་གྱི་ལོ་ངོ་5000་ཙམ་གྱི་སྔོན་དུ་གོ་ལ་ཧྲིལ་བོའི་ས་ཁུལ་མང་པོའི་ཚད་གཞི་དང་བསྡུར་ཚེ་ཉི་ཧོང་གི་སྤྱིལ་བུའམ་ཁང་བ་རྣམས་ཡ་མཚར་བ་ཞིག་རེད།ས་དོང་ཞིག་དྲུས་ཤིང་ཁང་མིག་ཆུང་ཆུང་དེའི་རྩིག་གྱང་གི་ཆེ་ཆུང་ནི་སྨི་ཁྲི་བཞི་ཙམ་དང་དེ་ཉིད་ཕྱེད་ས་འོག་དང་ཕྱེད་ས་སྟེང་ལ་བུད་འདུག་ལ་གྱེན་དུ་བསླངས་བའི་ཀ་བས་རྩྭ་དང་འདམ་རྩྭའི་ཐོག་ཁེབས་དེ་ཡར་བཀྱགས་འདུག།ཕན་ཚུན་ལབ་གླེང་བྱེད་ཐུབ་པའི་ནང་ཚུད་དུ་ཁང་མིག་བཞི་ལྔ་རེ་བསླང་ཞིང་ཁང་མིག་རེ་རེས་མི་བཅོ་ལྔ་ཙམ་ལ་གནས་ཚང་སྤྲོད་ཐུབ།ཕྱིས་ཀྱི་ལོ་ཟླའི་ནང་ཐབ་ཁ་ཁང་བའི་ནང་དུ་བཟོས་མོད་དེ་ཉིད་ཁང་བའི་ཕྱི་རོལ་དུ་ཡོད་དུས་མི་རྣམས་འཚང་ཁ་བྱེད་བཞིན་ལུས་དྲོད་གཅིག་ལ་བསྐྱིལ་ནས་ཙག་རླུང་ཆེ་བའི་མཚན་མོར་དྲོད་ཁོལ་མི་དམན་པ་ཞིག་འབྱིན་གྱིན་ཡོད།དེར་ཁྱི་ཆུང་ངུ་གསོས་ཤིང་དེ་ཉིད་རྔོན་རྒྱག་བྱེད་ཡིན་ལ་འདུག་གྲོགས་ཀྱང་རེད།ཁང་པ་དེ་དག་གི་ཉེ་འདབས་སུ་སྐབས་ལ་རེར་འདམ་གྱི་སྐུ་བརྙམ་ཆུང་ངུ་རེ་རྙེད་ཅིང་དེའི་ནུ་མ་དང་ཨོང་ཤ་དེ་ཤིན་ཏུ་འབུར་ཞིང་དོད་པས་དེ་ནི་བུད་མེད་ཚོས་བྱིས་པ་བཙའ་སྐབས་མགོན་སྐྱབས་གནང་མཁན་གྱི་ལྷ་སྐུ་ཡིན་པ་འདྲ།
          ཡུལ་ཁུལ་འགར་འཇར་པན་བས་བཟལ་བཏུང་རྣམས་མཛོད་དུ་བསྡུས་ཤིང་མི་ཚོ་མང་པོ་ཞིག་ལོ་ཕྱེད་ཙམ་ལ་ནགས་ཚལ་གྱི་གམ་ཏུ་གནས་ཤིང་དེ་རུ་སྐོགས་མཁྲེགས་ཤིང་འབྲས་གང་འཚམ་རེ་འཐུ་ཐུབ་ལ་དེ་དག་ལས་ཕྱེད་ཀ་བཟའ་བཏུང་ལ་སྤྱོད་ཅིང་ཕྱེད་ཀ་ཉར་ཚགས་བྱེད།ཟླ་བ་དགུ་བ་དང་།བཅུ་བ།བཅུ་གཅིག་བཅས་ནི་སྐོགས་མཁྲེགས་ཤིང་འབྲས་བསྡུ་བའི་ཟླ་བ་ཡིན་ལ་དེ་དག་ལས་ཨ་འབྲུམ་ཐོག་མར་སྨིན་ཏེ་སར་ལྷུང་ལ་དེ་ཉིད་སྟར་ཁ་ལས་ཡེན་པས་ཁང་བའི་ནང་ངམ་ཉེ་འགྲམ་གྱི་མཛོད་སྦུགས་ཀྱི་ལོ་མའི་སྟེང་ཉར་ཚགས་བྱས་འདུག།དེ་ལས་ལྡོག་སྟེ།དུས་བཞིའི་འགྱུར་འགྲོས་ལ་བསྟུན་པའི་བེ་ཤིང་གི་འབྲས་བུ་དེ་ཆུ་བཤལ་བྱས་ཏེ།རིམ་གྱིས་ཚིལ་སྐྱུར་རྣམས་གཙང་བཟོ་བྱེད་དགོས་ཤིང་དེ་རྣམས་རྡོས་འཐག་སྟེ་གྲོ་ཕྱེ་འདོན་དགོས་ལ་བེ་འབྲས་དེ་དངོས་ནས་ཞིམ་མངར་ལྡན་པ་ཞིག་རེད།བེ་འབྲས་འཐག་པ་དང་རྫ་མའི་འདམ་བག་བརྫི་བ་ནི་གཙོ་ཆེར་བུད་མེད་རྣམས་ཀྱི་ལས་ཀར་གྱུར་ཞིང་རྒྱུན་ལྡན་གྱི་འགུལ་སྐྱོད་འདིར་སྒྲོག་རུས་ཇེ་རིང་ཏུ་གཏོང་བའི་བྱེད་ནུས་ལྡན།
          བེ་འབྲས་མོད་སའི་ཚོ་བ་རྣམས་ལ་ཞིང་བའི་སྤྱི་ཚོགས་གྲུབ་པའི་ཆ་རྐྱེན་ལྡན་ལ་མཇུག་མཐར་འཇར་པན་བ་རེ་འགས་ཨ་འབྲུམ་གྱི་ཤིང་སྡོང་བཙུགས་ཏེ།སྐོགས་མཁྲེགས་ཤིང་འབྲས་ཀྱི་སྡོང་རྭ་བྱུང་།འདི་ནི་རྒྱ་ནག་ལྷོ་ཁུལ་གྱི་ལྡུམ་རྭ་བཟོ་བའི་ལྟ་བ་བྱུང་བའི་སྐབས་ཡིན་སྲིད་ལ་གྲུ་གཟིངས་ཆུང་ངུ་གསར་བཟོ་བྱས་པ་དེས་ཉི་ཧོང་གི་ཁེར་རྐྱང་གི་རྣམ་པར་འགྱུར་བ་ཕྲན་བུ་ཕྱིན།དེ་ཡང་སྨད་ཕྱོགས་སུ་སྐབས་སྐབས་སུ་དོ་བ་དང་གྲོ་མ་ལ་སོགས་པ་སྤྱི་ལོ་སྔོན་གྱི་ལོ་ངོ་3000་ཡས་མས་ནས་འདེབས་འཛུགས་བྱེད་ཅིང་བཟལ་བཏུང་མཁོ་སྤྲོད་སྤུས་ཀ་གོང་དུ་འཕེལ་བ་དང་སྤྱི་ལོ་སྔོན་གྱི་ལོ་ངོ་2000་གི་སྐབས་སུ་ཉི་ཧོང་གི་མི་འབོར་ཡང་200000་ལས་བརྒལ་ཏེ།དེ་ཉིད་འཛམ་གླིང་སྟེང་མི་འབོར་ཆེས་སྟུག་པོའི་ས་ཁུལ་ཞིག་ཏུ་གྱུར།གང་ལྟར་དེང་སྐབས་ཀྱི་ཚད་གཞི་ལྟར་ཉི་ཧོང་རྣམས་ཐར་ཐོར་ངང་ལ་ལུང་ཁེབས་འདུག།
          དེ་དང་མཉམ་གཅིག་ཏུ་རྔོན་པས་ལག་ཆ་སྤུས་ལེགས་མང་པོ་བཟོས་ཤིང་དེ་རྣམས་ཀྱི་མདའ་གཞུ་ནི་ཕལ་ཆེར་རང་ཉིད་ཀྱི་ལག་པའི་རྩལ་ལས་ཐོན་པའི་གསར་གཏོད་ཡིན་པ་འདྲ།རྡོའི་མདེའུ་ཅན་གྱི་ཉག་ཕྲན་གྱིས་སྨི་ཁྲི་ལྔ་བཅུའི་ཕ་རོལ་གྱི་སྲོག་ཆགས་སར་སྒྱེལ་ཐུབ་ལ་མདེའུའི་རྩེ་དེ་ཤིང་གི་རྩྭ་བ་ལས་བཏོན་པའི་དུག་བྱུག་ཏེ།ཕོག་ཚད་ཀྱི་སྲོག་འདོར་ཐུབ་པ་བཟོས་འདུག།
          དམིགས་བསལ་ཀྱི་ཟླ་བ་འགའི་ནང་མཚོ་མོ་ལས་ཉ་འབོར་ཆེན་བཟུང་སྟེ།དེར་ཚྭ་བསྐུས་ཤིང་དུ་བ་དུག་ནས་ནམ་འོང་ཆ་མ་མཚལ་ལོ་ནག་ལ་གྲ་སྒྲིག་མཛད་མོད་དེ་རྣམས་མ་རྙིང་སྔོན་ལ་བཟའ་བར་བྱེད།དེ་མིན་གྱི་ཉ་སོག་ཀྱང་འབོར་ཆེན་གསོག་འཇོག་བྱེད་ཅིང་ཤར་གྱི་མཚོ་འགྲམ་དུ་ཁོ་ཚོས་ཟོས་པའི་ཉ་སོག་གི་སྐོགས་ཤུན་གྱིས་གྲུབ་པའི་སྒང་རི་ཞིག་འདུག་ལ་སྒང་འབུར་དེ་སྨི་ཁྲི་175་ཙམ་གྱི་སར་བསྲིངས་ཤིང་དེའི་མཐའ་སྐོར་ཏུ་གཟིགས་ཞིབ་བྱས་པས་སུམ་ཆའི་གཉིས་ཀྱི་ཉ་སོག་ངེས་ཅན་ཞིག་སོ་ཀའི་བྲག་ཐེམ་དུ་འཐུ་བ་གསལ་བཤད་བྱས།སྤྱི་ལོ་སྔོན་གྱི་ལོ་ངོ་2000་ཙམ་གྱི་སྔོན་ལ་མཚོ་འགྲམ་ཁུལ་གྱི་ཉི་ཧོང་བ་རྣམས་ཤིང་ཁོག་དྲུས་པའི་སྡོང་གཟིངས་རིང་པོ་སྣ་གཤོག་ཅན་གྱི་སྟེང་ནས་ཉ་འཛིན་པས་ལྡེམ་ལྡེམ་དུ་གཡོ་བའི་མཚོ་ཐོག་དུ་གྲུའི་སྣ་གཤོག་གིས་གྲུ་གཟིངས་བརྟན་ཅིང་བརླང་པར་བྱེད་ཐུབ།
          དར་གྱིན་པའི་མཚོ་མོས་ཉི་ཧོང་དེ་ཨེ་ཤ་ལས་དུམ་བུར་གཅོས་དུས་དེས་གསར་བྱུང་གི་བྱ་དངོས་ཡོད་དགུ་བསྡུ་ལེན་བྱེད་པའི་རྟུལ་ཞུགས་བཟུང་བས་ཡེ་ཤེས་སྟོན་པ་མ་འཁྲུངས་སྔོན་གྱི་སྟོང་ལོ་གཅིག་གམ་གཉིས་ཀྱི་ནང་རོལ་ལ་རྒྱ་མཚོ་བརྒལ་ཏེ།རྒྱ་ནག་དང་ཁོ་རེ་ཡ་ནས་འོང་བའི་གྲུ་གཟིངས་ཆུང་ངུ་རྣམས་ཀྱིས་མཐར་ཁེར་རྐྱང་གི་ལོ་ཟླ་སྣུམ་ཟད་ཀྱི་མར་མེ་བཞིན་བྲུ་རུ་བཞུག་ཅིག་གྲུ་གཟིངས་བརྒྱུད་དེ་སླེབས་པའི་ལྟ་བའམ་བསམ་བློ་རྣམས་ཉི་ཧོང་བ་རྣམས་ཀྱིས་དུས་རྟག་ཏུ་ཚུར་ལེན་བྱེད།དེ་རྣམས་ཀྱི་གསར་གཏོད་སྙིང་སྟོབས་ཀྱི་མཚན་མ་ནི་སྤྱི་ལོ་སྔོན་གྱི་ལོ་ངོ་300་ཙམ་ལ་གསར་ཏུ་བྱུང་བའི་ཤར་ཨེ་ཤ་ཡའི་ཁྱད་ཆོས་ལྡན་པའི་ཆུ་ཞིང་ནང་འབྲས་འདེབས་འཛུགས་བྱེད་པ་དེ་རེད།དེ་ནས་ཉི་ཧོང་སླར་ཡང་འབྲུ་འདེབས་ལས་རིགས་ཀྱིས་ཁ་ལོ་བསྒྱུར་བའི་འཇིག་རྟེན་ལ་སླར་ཡར་ཞུགས།

ཕན་གནོད་གཉིས་ལྡན་གྱི་ཁེར་རྐྱང་།

          ལོ་ངོ་སྟོང་ཕྲག་རིང་མི་རྣམས་འཚོ་སྡོད་བྱས་པའི་དེང་གི་ཉི་ཧོང་དང་ཨ་རིའི་ཡུལ་ཁམས་གཉིས་ཕྱིའི་འཇིག་རྟེན་དང་ཕལ་ཆེར་ཡོངས་སུ་གྱེས་རྗེས་དེ་རྣམས་ཀྱི་འཚོ་བའི་ཉམས་མྱོང་ནི་རྣམ་ཀུན་དང་མ་འདྲ་བ་ཞིག་རེད།ཡོ་རོབ་དང་ཨེ་ཤ་ཡ་གཉིས་འཕོ་འགྱུར་གྱི་རྟ་ཕོར་བཅིབ་དུས་ཡུན་རིང་གི་ཁེར་རྐྱང་འདིས་ཁོང་ཚོ་གཏན་དུ་བརླག་ངེས་སྙམ་ཡང་སྔོན་བཀག་སྐྱིལ་བྱས་པའི་ས་ཆ་འདི་གཉིས་དེང་སང་གོ་ལའི་སྟེང་གི་འབྱོར་ཕྱུག་གི་བདག་པོ་རེད།
ཕན་ཚུན་ནང་འགལ་ཏུ་ཕྱིན་པའི་གནས་བབས་འདིར་འགྲེལ་བཤད་ཅིག་ཡོད་སྲིད།ས་ཁམས་ཐད་ཀྱི་ཁེར་རྐྱང་འདི་ཡུད་ཙམ་ལ་འགྲོ་བ་མིའི་ཐུན་མོང་གི་དཀའ་ངལ་ཚབས་ཆེན་ཞིག་ཏུ་གྱུར་ཡང་།འོན་ཀྱང་འདས་པའི་ལོ་ངོ་150་རིང་ས་ཁམས་ཐད་ཀྱི་ཁེར་རྐྱང་འདི་དགེ་ཕན་གཉིས་འདུས་དང་སྐབས་ལ་རེར་དགེ་མཚན་གྱི་མ་མར་གྱུར།འདི་ལྟར་གོ་ལའི་ཞེང་ཁ་ཆུང་ཏུ་འགྲོ་དུས་ལྟ་བ་དང་ཚོང་ཟོག།མི་རིགས་རྣམས་ཀྱིས་ལོ་ངོ་10000་རིང་བརྒལ་མ་ནུས་པའི་མཚོ་མོའི་བཀག་རྒྱ་ཚེགས་མེད་དུ་བརྟོལ་ཡང་དེ་ནི་སྔར་བཞིན་ཕྱིའི་བཙན་འཛུལ་དམག་དཔུང་འགོག་པའི་མདའ་རྭ་རེད།ཉི་ཧོང་དང་ཨ་རི་གཉིས་་མཚོ་མོའི་བཀག་རྒྱས་ཕྱིའི་བཙན་འཛུལ་ལས་སྐྱབས་ཏེ།དམིགས་ཡུལ་ལྡན་པའི་ཁེར་རྐྱང་རིང་ལུགས་ཀྱི་སྲིད་བྱུས་སྤེལ་བས་མཚོ་མོས་ཁོ་གཉིས་རྒྱ་མཚོའི་ཕ་རོལ་ཏུ་འཐབ་པའི་གཡུལ་རྭར་ཞུགས་མ་བཅུག་པས་དེ་ཉིད་འགལ་རྐྱེན་ལས་གྲོགས་སུ་གྱུར།
འདས་བའི་ལོ་ངོ་150་རིང་སྐམ་ས་དང་མཚོ་མོའི་སྟེང་འཛིང་བའི་གཡུལ་འཁྲུག་གིས་ཡོ་རོབ་དེ་ཡང་ནས་ཡང་ཏུ་རྒུད་དུ་བཅུག་ཅིང་གཡུལ་འཁྲུག་གི་རྨ་ཁ་དེ་ཡང་ཡང་སོས་ནངའ་གཅིག་གྱུར་མིན་པའི་སིལ་བུའི་གནས་བབ་དེས་དྲག་བསྐྱེད་ཀྱི་ཚད་གཞི་དང་འཛམ་གླིང་རང་བཞིན་གྱི་ཤུགས་རྐྱེན་བཅས་ཐལ་རྡུལ་དང་བསྲེས།དེ་ལས་ལྡོག་སྟེ།ལོ་ཟླ་དེའི་སྐབས་ཀྱི་ཨ་རིའི་ཡུལ་ཁམས་སུ་གཡུལ་འཁྲུག་ཐེངས་གཅིག་ལས་བརྒྱབ་མེད་ཅིང་དེ་ནི་ནང་འཁྲུག་ལས་ཕྱིའི་བཙན་འཛུལ་བར་འཐབ་པའི་དམག་མ་རེད།དེ་བས་1800་ལོའི་ཨ་རི་དེ་ཡོ་རོབ་ནང་གནས་བའི་དབང་དུ་བཏང་ཚེ་དེ་ཉིད་འཇིག་རྟེན་འདིའི་མཐར་ཐུག་གི་སྟོབས་ཀྱི་བདག་པོར་གྱུར་ཐབས་བྲལ་ཞིང་དེས་ཁེར་རྐྱང་རིང་ལུགས་ཀྱི་སྲིད་བྱུས་དེ་ནམ་ཡང་ལག་ཏུ་བསྟར་མི་ནུས།དེ་ལྟར་འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་ཏུ་ཉི་ཧོང་གི་དམག་དོན་གནས་བབ་ཧ་ཅང་ཉམས་དམས་པར་གྱུར་དུས་ཀྱང་ཉི་ཧོང་གླིང་ཕྲན་དེར་བཙན་འཛུལ་གྱི་གཡུལ་གཤམས་མེད་ལ་དེ་ནི་དོན་དངོས་ཐོག་ཉི་ཧོང་ལ་བཙན་འཛུལ་བྱ་བའི་དཀའ་ངལ་དྲག་པོ་དེ་ངོ་ཤེས་པའི་རྐྱེན་ཡིན་པས་1945་ལོར་ཨ་རིས་གསར་བྱུང་གི་རྡུལ་ཕྲན་འགལ་རྫས་གཡུགས་ཏེ།སྤ་བཀོད་རྒྱུ་ལས་བྱ་ཐབས་གཞན་མ་རྙེད།རྒྱ་མཚོ་འཕྱུར་རྗེས་ས་ཁམས་ཀྱི་རྐྱེན་དེས་མེ་གླིང་བྱང་མ་དང་ཉི་ཧོང་གཉིས་ཁེར་རྐྱང་དུ་ཕུད་དེ་རྒྱང་འབུད་བཏང་ཡང་ངོ་བོའི་ཐད་ནས་གནས་བབས་ངེས་ཅན་དེ་ལེགས་ཚོགས་ཀྱི་གཞི་ཞིག་རེད།
ཉེ་རིང་གཉིས་དུས་ཡུན་རིང་བོ་ཞིག་ལ་ལོ་རྒྱུས་ཀྱི་ལྕི་ཡང་མཇལ་བའི་ཚད་གཞི་གཙོ་བོ་ཞིག་ཏུ་གྱུར་ཞིང་འགྲོ་བ་མིའི་ལོ་རྒྱུས་ཁྲོད་ཀྱི་སྐྱེས་སྟོབས་རྒྱས་པའི་བསམ་བློ་རྣམས་དུས་རྒྱུན་ཕན་ཚུན་མཛའ་གཅུགས་ཀྱི་འབྲེལ་འོང་བྱས་པ་ལས་བྱུང་བ་དང་།ཨ་རི་དང་ཉི་ཧོང་།ཨོ་སི་ཁྲི་ལེ་ཡ་བཅས་ཁེར་རྐྱང་དུ་འཚོ་དུས་ལྟ་བའམ་བསམ་བློ་དེ་དག་གིས་ས་ཁུལ་མང་པོའི་མི་རྣམས་ཀྱི་འཚོ་བ་བསྒྱུར་བཅོས་བྱས་ཤིང་དེ་རྣམས་འཛམ་གླིང་གི་ཤར་ནུབ་དང་ལྷོ་བྱང་འདྲེས་མཚམས་ཀྱི་འདུས་མདོ་རུ་བྱུང་།ལོ་ངོ་10000་སྔོན་གྱི་གསར་བྱུང་གི་སྒུལ་ཤུགས་དེ་ནི་ས་དཀྱིལ་མཚོ་མོ་དང་སྟག་གཟིག་མཚོ་འགག་གཉིས་བར་ས་ཁུལ་ཏེ།ཨ་ཧྥེ་རི་ཁ་དང་།ཡོ་རོབ།ཨེ་ཤ་ཡ་བཅས་བསྣོལ་སའི་གནས་དེ་རེད།
         
གསུམ། ལྗང་མདོག་གི་གསར་རྗེས་ཐོག་མ།

རྒྱ་མཚོ་དེ་ངོས་གསར་བ་ཞིག་ཏུ་སླེབས་རྗེས་སེ་རུ་ཡ་དང་ཕ་ལི་སི་ཐན་རུ་འཕོ་འགྱུར་ཕྲན་བུ་ཞིག་འབྱུང་བའི་ལྟས་མངོན།དེ་ནི་སྐྱེ་རྒུའི་རྣ་ལམ་ཏུ་བྱང་བའི་བཟོ་ལས་གསར་བརྗེ་ལྟ་བུ་མ་ཡིན་པར་དེའི་འགྲོས་ཤིན་ཏུ་གཉོམ་ཞིང་ཤུགས་རྐྱེན་དེ་ལོ་ངོ་སྟོང་ཕྲག་རིང་ཚོར་མ་ཐུབ་མོད་འགྲོ་བ་མིའི་ཚེ་སྲོག་དེ་ཕྱིར་ལྡོག་མེད་པའི་འགྲུལ་བཞུད་ཅིག་ལ་ཞུགས།
ཇར་རེ་ཁོལ་སྡེ་བ་ནི་སྤྱི་ལོ་སྔོན་གྱི་ལོ་ངོ་བརྒྱད་སྟོང་ཡར་སྔོན་གྱི་གསར་བརྗེའི་གཤམ་སྟོན་ཁང་ཅིག་དང་དེའི་ཁང་བ་རྣམས་སོ་ཕག་གིས་གྲུབ་ཅིང་ལྡུམ་ར་ཆུང་ངུ་ཞིག་གི་ནང་གྲོ་ནས་བཅས་འདེབས་འཛུགས་བྱས་འདུག།རྒོད་སྐྱེས་འབྲུ་རིགས་འདི་རྣམས་སྒྲུག་སྟེ།འདེབས་པ་ནི་དེའི་འབྲུ་རྡོག་རྣམས་རྒོད་སྐྱེས་ཀྱི་འབྲུ་རིགས་གཞན་ལས་ཆེ་བས་རྐྱེན་ཡིན།འབྲུ་རྡོག་ཆེན་པོའི་རིགས་རྣམས་ཚེགས་མེད་ངང་སྒྲུག་སྟེ།འཐག་པ་ན་བཟའ་བྱའི་གྲོ་ཕྱེ་རྩུབ་མོར་གྱུར།སྡེ་མི་རྣམས་ཀྱིས་ཞིང་ས་བཀོད་སྒྲིག་བྱེད་དགོས་ལ་སྨིན་རྗེས་འཐོར་བཤིག་མི་འགྲོ་བའི་ས་བོན་མཁྲེགས་པོ་ཞིག་བདམས་ཏེ།ཚོམ་བུར་འདེབས་དགོས་ཤིང་དེ་དག་རྡོའི་གྲི་དང་ཟོར་བས་བྲེག་སྟེ་སྡེ་བའི་ནང་གསོག་ཉར་བྱེད།དེང་སྐབས་འཛམ་གླིང་གི་ཉིས་ཆའི་ཕྱེད་ཀྱི་ཁལ་ལི་རེ་རྣམས་འབྲུའི་རིགས་ཕྲན་བུ་ཙམ་ལས་བྱུང་བ་ཅིང་དེ་ཐོག་མར་ཤར་དབུས་ཨེ་ཤ་ཡའི་སྡེ་མི་རྣམས་ཀྱིས་བཏབས།
སྐབས་དེའི་ཤེད་དུ་ཁུལ་དེའི་སྡེ་མི་གཞན་རྣམས་མུ་མཐུད་དེ་རྒོད་སྐྱེས་ཀྱི་འབྲུ་དང་སྲོག་ཆགས་ལ་རྟེན་ནས་འཚོ།སྤྱི་ལོ་སྔོན་གྱི་ལོ་ངོ་6600་ཙམ་གྱི་ཡར་སྔོན་ལ་གྲུ་གུའི་ཊོར་རི་སིའི་རི་བོར་སོ་པུ་ཏེ་སྡེ་བ་ཆགས་ཤིང་དེ་རྣམས་སྡོད་ས་བྱ་འདབ་ཅན་གྱི་སྤྱིལ་བུ་རེད།ཁོང་ཚོའོ་སོ་ཕག་གི་གྱང་དང་འདག་ཞལ་བྱས་པའི་པང་གཅལ་གྱིས་གྲང་ངར་ཆེ་བའི་དགུན་ཟླ་རིང་མོ་དེ་བདེ་བླག་ངང་ཕར་བསྐྱལ་ཐུབ།དེའི་ཉེ་འགྲམ་དུ་རྒོད་སྐྱེས་འབྲུ་རིགས་ཉར་ཚགས་བྱེད་སའི་རྫ་མ་ཞིག་བཞག་ཅིང་སྐབས་ལ་རེར་འབྲུས་ཕྱེ་འཐག་མོད་སྡེ་བའི་དམར་ཟས་དེ་རི་ངོགས་སུ་འཚོ་བའི་ལུག་ཁྱུར་རྟེན་ཡོད་ལ་ཕྱིས་སུ་གླང་དང་ཤྭ་བའི་ཤའང་རྒྱུན་ཟས་སུ་གྱུར།འདི་ནི་ཕུང་གསོག་བྱས་པའི་ཪུས་པར་རྟེན་ནས་བརྗོད་པ་ལགས།
ཐོག་མར་ཇར་རེ་ཁོལ་སྡེ་བ་དང་དེ་མཚུངས་ཀྱི་སྡེ་བ་ཚོས་སྒོ་ཕྱུགས་ཉར་མེད་ཅིང་ཁོ་ཚོ་རོལ་བའི་དམར་ཟས་མང་ཆེ་བ་རྒོད་ལ་གནས་བའི་དགོ་བ་དང་རི་དྭགས།ད་དུང་ཁོ་ཚོས་བརྡ་འདེད་བྱེད་པའི་འདབ་ཆགས་ལས་བྱུང་།འོན་ཏེ་ལོ་ངོ་ལྔ་བརྒྱ་ཙམ་གྱི་ནང་རོལ་ལ་ཐོག་མར་གྲོ་ནས་སྲན་གསུམ་སོགས་བཏུས་ཤིང་རྭ་ལུག་བཅུ་ཁ་ཙམ་སྡེ་བའི་ཉེ་འཁོར་ཏུ་གསོས།དོན་དམ་ཐོག་འདིའང་དཀོར་མཛོད་དུ་བཅུག་པའིབཟའ་བཏུང་གི་མཛོད་གཞན་ཞིག་རེད།ལག་སོན་བྱུང་བའི་དཔང་བོ་ལྟར་ན་གནའ་བོའི་རྒོད་སྐྱེས་སྲོགས་ཆགས་ཏེ།དེང་གི་གྲུ་གུ་དང་ཨེ་རག་མཐའ་མཚམས་ས་ཁུལ་གྱི་ལུག་དང་།ཨེ་རན་གྱི་རི་ངོགས་སུ་འཚོ་བའི་ཪྭ་མ།ཨན་ནི་ཁྲོ་ལེ་ཡ་མཐོ་སྒང་གི་བ་གླང་རྣམས་ཐོག་མར་ཤར་དབུས་ཀྱི་ས་ཁུལ་འདྲ་མིན་དུ་གཡུང་ལ་ཕབ་ཟེར།རྭ་ལུག་རྣམས་ཤིན་ཏུ་གཉོམ་ཞིང་གཡུང་ཏུ་ཕབ་བདེ་བ་ལ་དེ་དག་ལས་གཅིག་གཡུང་དུ་ཕབ་པ་ནི་མང་པོ་གཡུང་དུ་ཕབ་པ་དང་ཁྱད་མེད།སྒོ་ཟོག་འདི་དག་ལས་ཕོ་རྣམས་ཆུང་དུས་ནས་ཤ་གཟན་བྱེད་ཅིང་མོ་རྣམས་ཕྱུགས་ཀྱི་འཕེལ་ཁ་དལ་ཕྱིར་གསོ།སྒོ་ཕྱུགས་དེ་ཚོ་བོངས་ཆུང་ལ་གཟབ་ནན་གྱིས་གསོ་སྐྱོང་བྱེད་པའི་འདུ་ཤེས་དེ་ད་དུང་ནར་སོན་མི་འདུག།
དང་པོར་རྭ་ལུག་དང་བ་གླང་རྣམས་གཡུང་ལ་ཕབ་སྟེ།ཁྱུ་དང་ཁྱུ་བཞིན་འཚོ་མཁན་གྱི་མི་ནི་རྩི་ཤིང་འདེབས་འཛུགས་བྱེད་མཁན་དང་མི་འདྲ་ཞིང་གྲོ་འདེབས་པའམ་ཆེས་ཐོག་མའི་རྭ་ལུག་གཡུང་ལ་ཕབ་པར་ཉིན་རེའི་ཞོགས་པ་ནས་ཕོ་མོ་མི་འདྲ་བ་ཉུང་མཐར་ཡང་བཅུ་ལྷག་གི་རྣོ་ངར་མིག་གི་ལྟ་རྟོགས་དགོས།ཡག་ཅིག་བཤད་ཚེ་སྒོ་ཟོག་གཡུང་ལ་ཕབ་མཁན་ནི་དུས་རྒྱུན་རྔོན་ལས་སུ་ཞུགས་པའི་སྐྱེས་པ་དང་གདོད་མའི་འབྲུ་རིགས་འདེབས་འཛུགས་བྱེད་མཁན་ནི་སྐྱེས་མ་ཡིན་ངེས་ལ་གདོད་མའི་འབྲུ་དང་སྒོ་ཟོག་རྣམས་ཞི་མཐུན་མཉམ་གནས་བྱེད་ཐབས་མེད་ཅིང་གནའ་བོའི་རྨོ་འཛུགས་མཁན་ཚོས་སྒོ་ཟོག་གིས་གསར་སྐྱེས་ཀྱི་ལྗོན་པ་རྣམས་རྡོག་བརྫིས་བཏང་སྟེ།དེ་དག་ཁྱུར་མུད་གཏོང་དུ་འཇུག་འདོད་མེད།
ལྡུམ་རྭ་དང་རྨོ་ཞིང་ཕྲན་བུའི་སྟེང་ཉིན་རྒྱུན་གྱི་ལས་ཀ་དེ་དུས་ལྟར་བསྐྱོད་དགོས་བས་དེ་ཉིད་འབྲོག་པའི་འཚོ་བ་ལས་ཚགས་ཇེ་དམ་དུ་སོང་།གལ་ཏེ་ཡུར་མ་ཡུར་བ་དང་།ལོག་རྒྱག་པ།ས་བོན་འདེབས་པ་སོགས་ཀྱི་དུས་ཚིགས་རྣམས་ཟིན་དགོས་ལ་དེ་མིན་ཚེ་ཤོར་འགྲོ།འཚོ་བ་གསར་བ་འདིར་རང་དབང་ལྡན་པའི་རྔོན་དང་འཐུ་སྒྲིག་ལས་ལྡོག་པའི་སྒྲིག་སྲོལ་དང་རྒྱུན་ཆད་མེད་པའི་ལས་ཀ་ལྡན་པས་གནའ་བའི་རྨོ་འཛུགས་མཁན་ཚོས་ཁང་པ་བསྐྲུན་ཞིང་ཞིང་རྭ་བརྩིགས་ཏེ།གསར་སྐྱེས་ཀྱི་ལོ་ཏོག་རྣམས་སྲུང་སྐྱོབ་བྱེད་དགོས་ཤིང་དེ་མིན་ཚེ་ཤྭ་བ་དང་།ཕག་རྒོད།རི་བོང་སོགས་རྩྭ་གཟན་སྲོག་ཆགས་ཚོ་ཉིན་དང་ལྷག་པར་མཚན་མོར་ཞིང་རྭར་འཛུལ་ཏེ།གསར་སྐྱེས་ལྗང་སྨྱུག་དང་ཞོག་ཁོག་སོགས་ཟོས་འགྲོ།དེ་ཡང་ཉིན་དཀར་རྨོ་འདེབས་མཁན་གྱིས་སྨིན་རྗེས་ཇེ་མང་ཏུ་འགྲོ་བའི་གསར་ཏུ་བཙུག་མ་ཐག་པའི་ས་བོན་རྣམས་བྱའི་གཟན་མི་འགྱུར་བའི་སྲུང་སྐྱོབ་བྱེད་དགོས།དེང་སང་ལྷོ་ཤར་ཨེ་ཤ་ཡའི་ས་ཆ་ལ་ལར་ཞིང་སྲུང་རྩའི་སྤྱིལ་བུ་འོག་བསྡད་དེ་ལོ་ཏོག་བདེ་ལག་ངང་སྨིན་པའི་སྲུང་སྐྱོབ་བྱེད་ཅིང་རྩི་ཤིང་འདེབས་པ་དང་སྒོ་ཕྱུགས་གཡུང་བ་ནི་ལས་ཀ་ངོ་བོ་མི་འདྲ་བ་གཉིས་རེད།
འདི་ལྟ་བུའི་ངོ་བོ་གཉིས་ལྡན་གྱི་གྲུབ་འབྲས་འདི་ཅིའིི་ཕྱིར་ས་དཀྱིལ་མཚོ་མའི་ཉེ་འཁོར་ཅིག་ཏུ་བྱུང་བ་དེ་ཐག་གཅོད་དཀའ་མོད་ཁུལ།འོན་ཀྱང་ས་ཁུལ་དེས་དགེ་ཕན་བསྐྲུན་འདུག།ཡུལ་དེའི་རི་ལུང་རྣམས་སུ་འབྲུ་རྡོག་ཆེན་པོ་འདོན་པའི་ལོ་ཏོག་རིགས་གཉིས་ཀྱིས་ཁེངས་པ་མ་ཟད།དེ་མིན་གཡུང་བདེ་བའི་རྭ་ལུག་རྣམས་འཚོ་བས་དེ་དག་རྩུབ་ཅིང་གཉན་པའི་རྒོད་སྐྱེས་སྲོག་ཆགས་གཞན་ལས་བདེ་ལགས་ངང་སྒོ་ཟོག་ཏུ་བཏུལ།དེ་ལྟ་ནའང་སྟབས་འགྲིག་པའི་དགེ་མཚན་ཉིད་ཀྱིས་འཕོ་འགྱུར་དེར་བློ་ཡིད་ཚིམ་པའི་འགྲེལ་བཤད་ཅིག་རྒྱག་མི་ཐུབ།རང་རེའི་འཛམ་གླིང་ལོ་རྒྱུས་སུ་སྟབས་དང་སྐལ་འགྲིག་པ་ལན་མང་བྱུང་ཡང་དེ་དག་དམ་འཛིན་བྱེད་མཁན་ནི་ཤིན་ཏུ་དཀོན་པོ་རེད།
རྒྱུ་རྐྱེན་གཞན་མང་པོ་ཞིག་གིས་མགོ་འབུས་མ་ཐག་པའི་འཚོ་བ་གསར་བར་ཤུགས་རྐྱེན་ཐེབས།འཕེལ་གྱིན་པའི་མཚོ་མོས་ཆུ་བོའི་འགྲམ་རྒྱུད་ཀྱི་ས་ཆ་རྣམས་བསྣུབས་ཏེ་མི་རྣམས་ནང་ལོགས་སྐམ་སའི་ཁུལ་ཏུ་དེད་ཕྱིར་གནས་དེ་རུ་མི་རིགས་དང་བསམ་བློ།གོམས་སྲོལ་བཅས་ཕན་ཚུན་འདྲེས་ཤིང་གཞན་ཡང་གནས་གཤིས་ཇེ་དྲོད་དུ་ཕྱིན་པས་འབྲུ་དང་སྲོག་ཆགས་ངེས་ཅན་ཞིག་གི་གྲངས་འབོར་ལྡབ་ཀྱིས་འཕེལ།དེ་བས་འབྲུ་རིགས་སྔར་ལས་ཀྱང་ཁྱོན་ཆེ་བའི་ས་ཆར་འདེབས་འཛུགས་བྱེད་པ་སྨོས་མེད་ཡིན་ལ་དུས་རྒྱུན་གྱི་འཚོ་བའི་རྟེན་གཞི་གཙོ་བོར་གྱུར་བའི་སྲོག་ཆགས་ཆེ་བ་རྣམས་ཇེ་ཉུང་དུ་ཕྱིན་པས་དེས་རྒོད་སྐྱེས་སྲོགས་ཆགས་གཡུང་ལ་ཕབ་པའི་སྒུལ་ཤུགས་བསྩལ་བ་རེད།
དུས་ཡུན་རིང་པོ་ཞིག་ལ་ཞིང་རྨོ་ཞིང་སྒོ་ཟོག་འཚོ་མཁན་གྱི་སྔོན་བྱོན་ཚོ་ཁག་འདི་རྣམས་འབྲོག་པ་རྣམས་དང་མཉམ་དུ་འཚོ་དགོས་ཤིང་དེ་ལྟར་འཚོ་བ་ནི་དོན་དངོས་སུ་དཀའ་ངལ་ཞིག་རེད།མུ་གེ་འབྱུང་བར་ཉེ་དུས་ལྟོགས་སྐོམ་གྱིས་མནར་བའི་འབྲོག་པ་ཚོས་ལོ་ཏོག་དང་ལུག་ཁྱུ་འཚོ་བའི་ཉེ་འཁོར་གྱི་སྡེ་བ་རྣམས་བཅོམ་ཞིང་སྡེ་མི་ཚོས་ཐོལ་བྱུང་གི་འཇའ་རྒོལ་དེ་འགོག་ཕྱིར་རང་ས་བརྟན་སྲུང་བྱས་ཏེ།ཉིན་མཚན་དབྱེར་མེད་ངང་སོ་ལྟ་བྱས།ཞིང་ས་རྨོ་འདེབས་བྱེད་མཁན་གྱི་སྡེ་བ་རྣམས་ཀྱི་དགེ་མཚན་གཅིག་ནི་ཁོ་ཚོའི་མི་འབོར་དེ་འབྲོག་པ་ལས་ལྡབ་དུ་མས་འཕེལ།སྤྱིར་ཞིང་རྨོ་བ་ནི་བཀོད་སྒྲིག་ཅིག་ཡིན་ལ་མི་འབོར་མོད་ཅིང་སྒྲིག་འཛུགས་ལེགས་པས་གཡུ་ཅི་འདྲ་ཞིག་ཡིན་ནའང་ཁོ་ཚོས་དུས་རྟག་ཏུ་འབྲོག་པ་རྣམས་ཀྱི་དོ་ཡ་ཡིན།དེ་བས་ཁོ་ཚོས་འབྲོག་པའི་འཚོ་བར་སྲོག་ལ་ཐུག་པའི་འཇའ་རྒོལ་བྱས་ཏེ།དེ་རྣམས་འཚོ་ལམ་གསར་བར་བཙན་གྱིས་བཙུད།
མ་འོངས་མདུན་ལམ་ནི་གསར་བྱུང་གི་ཞིང་པ་དང་ཕྱུགས་རྫིའི་ལག་ཏུ་གནས་བས་བཀྲེས་སྐོམ་གྱིས་ནར་བའི་ལོ་ཟླ་ནང་ཟད་མེད་མཛོད་ཀྱི་ལྡེ་མིག་དེ་འབྲོག་པ་ཚོས་ཉར་ག་ལ་ཐུབ།དེ་བས་འབྲུ་དང་སྒོ་ཕྱུགས་འཛོམས་པའི་སྡེ་བ་ཚོས་ཚེ་ཚད་རིང་དུ་བསྲིངས་ཐུབ།
སྤྱིར་ལུག་དེ་རྫི་བོར་དབང་མོད་རྫི་བོ་དང་ལུག་གཉིས་ལུས་དང་གྲིབ་མ་བཞིན་འགྲོགས་པས་དོན་དངོས་སུ་རྫི་བོ་ལུག་ལ་དབང་འདུག།དེ་བས་སྒྲུག་ཅིང་འཐུ་བ་དང་རྔོན་རྒྱག་གི་དགའ་སྤྲོའི་འབྲས་བུ་དེར་ད་དུང་སྤྲོ་བས་ཁེངས་འདུག།ལྷག་པར་དཔྱིད་ཀའི་དུས་སུ་དེས་ཀྱང་བཟའ་བཏུང་བསྩོལ།རྨོ་འདེབས་བྱུང་རྗེས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་ནང་སྡེ་བ་མང་པོ་གསར་བྱུང་གི་འབྲུ་སྣ་དང་།འོ་མ།ཤ་བཅས་ལས་ན་འདམ་དང་།ནགས་ཚལ།བདེ་ཐང་སོགས་སུ་རྔོན་རྒྱག་པ་དང་།མ་རྨོས་བའི་འབྲས་བུ་འཐུ་བ་གཙོ་བྱས་འདུག།
འཚོ་ལམ་གསར་བ་འདི་ས་དཀྱིལ་མཚོ་མའི་འགྲམ་རྒྱུད་དུ་དར་པ་དེ་འདྲ་མགྱོགས་རྒྱུ་མེད།སྤྱི་ལོ་སྔོན་གྱི་ལོ་7000་གི་ཡར་སྔོན་དུ་འབྲུ་སྣ་འདེབས་འཛུགས་བྱས་ཤིང་གྷི་རེ་སི་དང་སིར་བྷེ་ཡ།ཨར་ཊི་རེས་ཊི་ཁིའི་མཚོ་མོ་དང་འདྲེས་བའི་དབྱི་ཊ་ལེའི་ལུང་གཞུང་དུ་རྭ་ལུག་རྣམས་ཁོ་ཚོའི་བདག་པོ་ཚོའི་ལྟ་རྟོགས་ནན་མོ་འོག་འཚོ་བཞིན་འདུག།སྐབས་དེའི་ཤེད་དུ་གསར་རྗེས་དེ་གནས་སྤོར་ཡུལ་མའི་དར་སྤེལ་བྱས་ཤིང་འཛམ་གླིང་གི་ས་ཆ་ག་གེ་མོ་རུ་མི་རྣམས་དུས་རྟག་ཏུ་འགུལ་སྤྱོད་བྱེད།
མིག་ཟུང་གིས་ཟིན་དཀའ་བའི་ས་དཀྱིལ་མཚོ་མའི་གླིང་ཕྲན་ཏུ་འབྱོར་བ་ནི་དཀའ་ཚེགས་ཅན་གྱི་འགྲུལ་བཞུད་ཅིག་དང་།ཤིང་གི་གྲུ་གཟིངས་རེ་གཉིས་ཙམ་ལས་མཚོ་མོའི་ཕྱི་རོལ་ཏུ་བསྐྱོད་མི་ཐུབ།གང་ལྟར་སྤྱི་ལོ་སྔོན་གྱི་ལོ་ངོ་སྟོང་ཕྲག་དྲུག་གི་ཡར་སྔོན་ལ་གྲུ་གཟིངས་ས་དཀྱིལ་མཚོ་མོའི་ནུབ་ངོས་ཀྱི་ཁོར་སེ་ཁ་དང་ས་ཊེས་ནེ་ཡའི་གླིང་ཕྲན་ལ་བསྐྱོད་འདུག།དེ་ཡང་གྷི་རེས་སིའི་གླིང་ཕྲན་མད་ལའོ་སི་རུ་རྡོ་ནག་སྔོག་འདོན་བྱས་ཏེ།དེ་རྣམས་གྲུས་སྐམ་སར་ཆེན་མོར་སྐྱེལ་འདུག།རྡོ་ནག་ནི་གདོད་མའི་རྣོ་ལྕགས་ཀྱི་དོད་ཡིན་ལ་དེ་གྲི་དང་སེག་བརྡར།མདུང་མགོ་བཅས་བཟོ་བར་ཕུལ་ཏུ་བྱུང་བ་ཞིག་ཡིན།དེ་ལྟར་གྲུ་མཁན་ཚོའི་ཡོ་བྱད་དང་ལག་རྩལ་ཇེ་དྲག་ཏུ་ཕྱིན་པས་གྲུ་གཟིངས་ཀྱང་ཇེ་ཆེར་གྱུར།དུས་རབས་མང་པོ་ཞིག་གི་རྗེས་སུ་གྷི་རེ་ཁུའི་གྲུ་གཟིངས་རིང་པོ་དེི་ཚོའི་གྲུ་ཁེམ་སོགས་ལི་མས་བཟོས་ཤིང་འདོམ་པ་ཉི་ཤུ་ཙམ་གྱི་ཤིང་གི་གྲུ་མགོ་དེ་དགུང་ལ་ཟུག་དུས་དེ་ནི་མཚོ་ནང་དུ་བསྐྱོད་པའི་སྲིན་པོའི་སྐེ་དང་གཉིས་སུ་མེད།
དེ་ནས་ཅུང་མ་ཕྱིན་པར་ལྷོ་ཡོ་ཁར་རིན་དང་ཧང་གྷ་རེའི་བདེ་ཐང་བཅས་སུ་རྭ་ལུག་འཚོས་ཏེ།སྟོན་ཐོག་བསྡུས་ཤིང་ལྷོ་ཤར་སི་པན་དང་བྱང་འཇར་མན་གྱི་བདེ་ཐང་དུ་རྨོ་འཛུགས་མཁན་གསར་བ་རྣམས་འདེབས་འཛུགས་ཀྱི་ལས་ལ་བྲེལ།སྤྱི་ལོ་སྔོན་གྱི་ལོ་ངོ་5400་ཡར་སྔོན་ལ་ལག་ཏུ་སྔོག་གཡུག་ཐོགས་པའི་རྨོ་འཛུགས་མཁན་རྣམས་སི་གོ་ལན་ཊི་དང་ཨ་ལི་སི་ཊིར་ནུབ་མ་བཅས་སུ་ཁྱབ།ཡང་སྤྱི་ལོ་སྔོན་གྱི་ལོ་ངོ་3000་ཙམ་ལ་སིས་ཀན་ཊེ་བེ་རུའང་རྣང་མ་དང་སྒོ་ཟོག་ཁྱུ་ཁྱུ་ངང་མཐོང་ཐུབ།
གྷི་རེ་སི་དང་བྷོ་ལི་ཁྲེ་ཁི་གཉིས་སུ་ཐོག་མར་རྨོ་འདེབས་བྱས་པ་དེར་ཉུང་མཐར་ཡང་ལོ་ངོ་ཉིས་སྟོང་གི་བར་ཆད་ཡོད་ལ་འགྲོས་དལ་བའི་རྨོ་འདེབས་དང་སྒོ་ཕྱུགས་གསོ་སྐྱོང་གི་ལས་རིགས་དེ་ཡོ་རོབ་ཡོངས་སུ་ཁྱབ་པ་དེར་ཡ་མཚར་དུས་དེའི་འགལ་རྐྱེན་ཅིག་ལ་ངེས་པར་དུ་ཡིད་འཇོག་བྱ་དགོས།དེ་དུས་ཀྱི་ཡོ་རོབ་ས་ཁྱོན་གྱི་བརྒྱ་ཆའི་བརྒྱད་བཅུ་སྟུག་ཅིང་རྩུབ་པའི་ནགས་ཚལ་གྱིས་གཡོགས་འདུག་ཅིང་སྐབས་དེའི་ཤེད་དུ་ལྕགས་དར་ཡོད་མེད་མི་རྟོགས་མོད་ནགས་ཚལ་ཧྲིལ་པོ་རྡོའི་སྟ་རེས་བཅད་དེ་མེ་ཕུང་ཁྲི་འབུམ་གྱི་མེ་ཁ་གསོ་བར་རྔུལ་ཆུ་དང་བརྩོན་པ་དགོས་ལ་དེ་བས་སྔོག་འཐུ་ཡ་ལས་རིགས་སྟབས་བདེ་རུ་འགྲོ།
འཚོ་ལམ་གསར་བ་འདི་ཏ་ཟིག་མཚོ་འགག་དང་།ཁད་སི་ཕིན་མཚོ།མཚོ་ནག་གི་ལྷོ་འགྲམ་དུ་རིམ་གྱིས་དར།དེ་ནས་སེ་རུ་ཡ་ནས་ནེ་ལོ་གཙང་བོའི་ཆུ་མགོར་སླེབས་པར་སླར་ཡར་ལོ་ངོ་ཉིས་སྟོང་ཕྱིན།རྨོ་འདེབས་དེ་སྤྱི་ལོ་སྔོན་གྱི་ལོ་ངོ་4300་ཙམ་གྱི་ནང་ནེ་ལུ་གཙང་བོའི་འགྲམ་དུ་དར་ཁྱབ་མ་བྱུང་།ཞིང་འདེབས་ལས་རིགས་ལ་ཤིན་ཏུ་འཚམ་པའི་ནེ་ལུ་གཞུང་དུ་རྨོ་འདེབས་མགྱོགས་མྱུར་ངང་མ་བྱས་པའི་རྒྱུ་མཚན་ནི་དཀྲོལ་དཀའ་བའི་མདུད་པ་ཅིག་རེད།
སྐབས་དེ་དང་མཉམ་དུ་སྒོ་ཟོག་རྣམས་རྫི་བོ་ཚོས་ཨེ་རྗེ་ཕུ་དང་ལེ་བྷེ་ཡ།ཨར་ཇར་རེ་ཡ་བཅས་ཧྥེ་གླིང་བྱང་མའི་ས་ཆ་མང་པོ་རུ་འཚོས་འདུག་ལ་ཐ་ན་ས་ཧ་རྭའི་མཐོ་སྒང་གི་ས་ཁུལ་རྣམས་དེ་དུས་བརླན་བཤེར་ཆེ་བས་དུས་ཚིགས་ཡག་དུས་སྒོ་ཟོག་གི་འཕེལ་ཁ་དར་སའི་གཡང་ས་རེད།ཅུང་མ་ཕྱིན་པར་དེང་གི་ན་ཇིར་སྤྱི་མཐུན་ཏེ།ས་ཧ་རའི་ཕ་རོལ་ཏུའང་ཕྱུགས་འཚོ་བའི་མགོ་བཙུགས་པ་དང་སྒོ་ཕྱུགས་ཧྥེ་གླིང་རུ་འཚོ་བའི་སྒུལ་ཤུགས་བོར་ཏེ་བ་གླང་དང་ར་ལུག་རྣམས་སྤྱི་ལོ་སྔོན་གྱི་ལོ་ངོ་1000་གི་བར་ཏུ་ཛོམ་བྷེར་མ་སླེབས།དེ་རྣམས་ཧྥེ་གླིང་གི་ལྷོ་སྣེ་གསུམ་པ་རུ་ད་དུང་རྒྱུས་མངའ་མི་འདུག།
ཧྥེ་གླིང་གིས་གཡུང་ལ་ཕབ་པའི་སྒོ་ཟོག་དང་འབྲུ་རྣམས་རྒྱ་ཆེར་ངང་ནང་འདྲེན་བྱེད་དུས་དེས་དོ་བོ་ཁུར་བའི་རྐྱང་དང་ཁྱིམ་བྱ་གཡུང་ལ་ཕབ་ཅིང་བྱ་དེ་ཉིད་གནའ་བོའི་ཨེ་རྗེ་ཕུ་དང་ཕྱིས་ཀྱི་རོ་མའི་ཤ་གཟན་འདང་ཆེན་ཞིག་ཏུ་གྱུར།བྱི་ལ་ནི་ཐོག་མར་ཧྥེ་གླིང་དུ་གཡུང་ལ་ཕབ་ཅིང་རྗེས་སུ་བྱི་བ་རྣམས་ཀྱི་མིག་མདངས་ཤོར་སའི་འབྲུ་མཛོད་ཀྱི་སོ་ལྟ་བ་འགན་འཁྲི་ཅན་ཞིག་ཏུ་གྱུར།དུས་རྒྱུན་འབྲུ་རིགས་ཕལ་བར་ངོས་འཛིན་པའི་ཁྲེ་ནི་ཐོག་མར་ཧྥེ་གླིང་གཡུང་ལ་ཕབ་སྟེ།འདེབས་འཛུགས་བྱས་ཤིང་དེ་མིན་འབྲས་དང་གྲོ་མ་རྔོ་བའི་ཞོར་ཏུ་ལྗིད་ཏིག་ཏིག་གི་འབྲས་བུ་ལྡན་པའི་ཁྲེ་རྒོད་ཀྱང་ཐོག་མར་འདེབས་འཛུགས་བྱས།ཡང་རྒྱ་ནག་ཏུ་འབྲས་དང་གྲོ་མ་བཅས་རིགས་མི་གཅིག་པ་ལས་གཞན།ད་དུང་སྐྱེ་ཤིང་གི་ཟ་མ་མང་དག་ཅིག་བྱུང་འདུག།
ས་ཕྱོགས་ཀུན་ཏུ་ཆེས་གདོད་མའི་རྣམ་པའི་ཞིང་ས་སློག་མགོ་ཚུགས་ཤིང་སློག་བྱེད་ཀྱི་ཡོ་བྱད་གཙོ་བོ་ནི་སྣེ་མོ་དབུར་ཅིང་མེས་བསྲེགས་པའི་ཤིང་གི་དབྱུག་པ་རེད།སྣེ་མོ་མེས་བསྲེགས་ཤིང་སྲ་བའི་ཤིང་དབྱུག་ནི་འགྲོ་བ་མིའི་ལོ་རྒྱུས་ཁྲོད་ཀྱི་གལ་ཆེ་བའི་གསར་གཏོད་ཅིག་ཡིན་ལ་དེ་ཉིད་འདྲུད་འཐེད་འཁོར་ལོ་ལས་ཀྱང་ལྷག་པས་ལོ་ངོ་སྟོང་ཕྲག་རིང་འཛམ་གླིང་གི་ས་ཆ་མང་པོ་རུ་རྨོ་འདེབས་མཁན་གྱིས་བེད་སྤྱོད་བྱེད་ཀྱིན་འདུག།ཅུང་མ་ཕྱིར་པར་ཐགས་པས་འདྲུད་པའི་ཁེམ་བྱུང་བ་དང་།དེ་ནི་གཅིག་གིས་འཐེན་ཞིང་གཅིག་གིས་ཁ་ལོ་བསྒྱུར་བས་ཁེམ་གྱིས་བར་སྲུབས་ཅུང་ཙམ་ཕྱེ་སྟེ།དེའི་ནང་དུ་ས་བོན་གཏོར་ཆོག།སྣེ་མོ་རྡོ་དང་ཤིང་གིས་ཤན་པའི་མི་གཉིས་ཅན་གྱི་ཐོང་གཤོལ་འདི་ཨེ་རན་དང་ཁོ་རེ་ཡ་བཅས་ས་ཐག་རིང་བོའི་གནས་བཅས་སུ་མཐོང་རྒྱུ་ཡོད།སྤྱི་ལོ་སྔོན་གྱི་ལོ་ངོ་བཞི་སྟོང་གི་ཡར་སྔོན་ལ་ཤིང་གི་མཐོང་གཤོལ་འདི་བྷ་ལི་ཁན་དུ་གླང་བོས་འཐེན་པས་ཤིང་དབྱུག་གིས་མི་ཆོད་པའི་ས་ཞིང་མཁྲེགས་པོ་དེ་སྔོག་ཐུབ་པར་གྱུར།སྔོག་དབྱུག་ནས་སྟུག་ཅིང་གོད་པའི་ཐོང་གཤོལ་ཏུ་གྱུར་བ་ནི་དུས་རྒྱུན་བུད་མེད་ནས་སྐྱེ་པར་འགྱུར་བའི་གོ་རིམ་ཅིག་རེད།
ས་བོན་འདེབས་པར་ཉམས་མྱོང་དགོས་ལ་གནའ་བོའི་ཞིང་པ་ཚོས་ས་བོན་གྱི་ཁུག་མ་འཁུར་ཏེ།གསར་དུ་སྔོག་མ་ཐག་པའི་ཞིང་སའི་སྟེང་འགྲོ་དུས་ལག་པ་ཆེ་ཆེར་གཡུག་བཞིན་ས་བོན་གཏོར་བ་དེ་ནི་བློས་དཔོག་སླ་མོད།ས་ཆ་མང་པོ་རུ་ས་བོན་གཏོར་རྒྱུ་དེ་ཤེས་ཀྱིན་མི་འདུག།ཧྥེ་གྲིང་གི་ས་ཆ་འགར་བུད་མེད་ཚོས་ཤིང་དབྱུག་དང་མཇོར།དེ་མིན་རྐང་བའི་མཐེབ་རྒན་བཅས་ཀྱིས་གསར་ཏུ་སློག་པའི་ས་སོབ་སོབ་ནང་ཏུ་ཁུང་བུ་སྟོང་ཕྲག་མང་པོ་དྲུས་དེ་ཁུང་བུ་རེ་རེའི་ནང་དུ་ཁྲེ་རྡོག་འགའ་རེ་འཕེན་གྱིན་འདུག།ཡང་གཞན་དག་ཅིག་གིས་ས་བོན་ཁམ་གང་བཟུང་སྟེ།ཁུང་བུ་རེ་དྲུས་རྗེས་འབྲུ་རྡོག་འགའ་ཐེངས་གཅིག་ལ་འདེབས།དེ་མིན་ཧྥེ་གླིང་ལྷོ་མའི་ས་ཆ་འགར་ཞིང་མ་སློག་པའི་སྔོན་ལ་འབྲུ་རྡོག་རྣམས་རྩྭ་ཐང་དང་ཞིང་ས་སྟེང་ཏུ་གཏོར།
སྤྱི་ལོ་སྔོན་གྱི་ལོ་ངོ་3000་ཙམ་གྱི་རྗེས་སུ་གྷི་རེ་སིས་ཀྱིས་ཨ་རུ་ར་དང་རྒུམ་འབྲུམ་གཙོས་པའི་ཞིང་ལས་ཐུན་མོང་མ་ཡིན་པ་ཅིག་ལས་མགོ་ཚུགས།ར་ལུག་འཚོ་བར་འོས་ཤིང་འཚམ་པའི་རི་ངོས་སུ་ཨ་རུ་ར་དང་རྒུན་འབྲུམ་རྭ་བ་ཇེ་མང་ཏུ་ཕྱིན་པས་ལོ་རེར་སྡེ་བ་རེར་ཐོབ་པའི་ཁལ་ལི་རེ་དེ་བརྒྱ་ཆའི་བཞི་བཅུ་ལ་སླེབས།སྟོན་ཁར་ཤིང་དབྱུག་གིས་ཨ་རུ་རའི་འབྲས་བུ་རྣམས་ཤིང་གི་ཡལ་ག་ལས་དཀྲུགས་དེ་སྣུམ་རྣམས་མ་བཙགས་སྔོན་ཆུ་ཁོལ་གྱིས་ཁེངས་བའི་རྫ་བུམ་ནང་དུ་སྦང་འདུག།ཨ་རུ་རའི་སྣུམ་ནི་ཟས་གཡོ་སྦྱོར་དང་སྒྲོལ་མེ་སྒྲོན་པར་སྤྱོད་པ་མ་ཟད།ད་དུང་ལུས་ཕུང་གཙང་མ་བྱེད་པར་ཡང་སྤྱོད།རྫ་བུམ་དེ་ད་དུང་རི་མགོ་ནས་ཐུར་ཏུ་ཁྱེར་འོང་བའི་རྒུམ་འབྲུམ་རྣམས་གཅུར་བྱེད་དུའང་བཀོད་ཅིང་རྒུན་འབྲུམ་གྱི་ཁུ་བ་བསྙལ་ཏེ།རྒུན་ཆང་དུ་གྱུར་ཅིང་དེ་ཉིད་རྫའི་སྣོད་དུ་ལྡུག་པས་རྒུན་ཆང་དང་ཨ་རུ་རའི་སྣུམ་གྱིས་ས་དཀྱིལ་མཚོ་མའི་ཤར་ཕྱོགས་ཀྱི་བཟང་བཏུང་ལ་འཕོ་འགྱུར་བཏང་།
སྟོན་བསྡུ་དེ་གནའ་བོའི་འབྲོག་པའི་འཚོ་བ་ལས་དཀའ་ཚེགས་ཆེ་ལ་སྒྲིག་གཞི་ཅན་དུ་གྱུར་ཞིང་འབྲུ་མགོ་རྣམས་བརྔས་ཤིང་གཡུ་ཁར་བླང་ཏེ་ཉི་མར་ལྡེས་དགོས་ལ་དེ་ནས་སྐྱེ་ཕོ་མོ་རྣམས་ཀྱིས་སྙེ་མ་རྡུང་སྟེ།ངལ་ཞིང་དུད་ལ་ཐལ་རྡུལ་འཚུབ་འཚུབ་ཀྱི་རིམ་པ་དེ་རྒྱུད་ནས་འབྲུ་རྡོག་རྣམས་ཕུག་མ་ལས་བཏོན་མཐར་འབྲུ་རྡོག་རྣམས་ད་གཟོད་བེད་སྤྱོད་བྱེད་ཆོག།འོན་ཀྱང་དེ་དག་ལས་སུམ་ཆའི་གཅིག་ཕྱི་ལོའི་ས་བོན་ལ་འཇོག་དགོས།འདི་ནི་ཕྱིས་འབྱུང་གི་དགུན་ཁ་སྐྱེལ་བའི་སྤྱི་ཚོགས་ཀྱི་བདེ་འཇགས་ཤིག་རེད།ཞིང་བ་མང་པོ་ཞིག་གིས་བཟའ་འབྲུ་རྣམས་ས་དུང་བྲུས་ཤིང་རྡོ་དང་ཤིང་བྱེ་མ་བཅས་ཀྱི་པང་གཅལ་བཏིང་བའི་སྣོད་ཀྱི་ནང་དུ་ཉར་ཚགས་བྱས་ཏེ།འབྲུ་རྣམས་ཙི་གུ་ལ་སོགས་པས་མི་རྐུ་ཞིང་བརླན་སར་མཆེ་བ་མི་གཏོང་པའི་ཆེད་དུ་དེའི་མཆུ་ཏོ་རྡོ་དང་འདམ་གྱིས་གཅོད།
ནམ་ཟླ་རྩུབ་པའི་དགུན་ཁར་བྱིས་པས་ཟ་མ་ཟ་སྙིང་འདོད་ནས་ངུ་པའམ།ཨ་མས་ཁྱེའུར་ནུ་མ་བསྣུན་ཏེ།ལྟོགས་པ།ཡང་ན་གྲང་ངར་རབ་ཏུ་རྩུབ་པའི་མཚན་ལྗོངས་སུ་ཉིན་ཧྲིལ་བོའི་རྩོལ་བས་ངལ་ཞིང་དུད་པའི་བུར་ཟས་བཅུད་ཞིག་གིས་ཁ་སྣོན་མཁོ་བ་སོགས་བཀྲེས་ལྟོགས་ཀྱིས་སྡེ་མི་རྣམས་དཔྱིད་ཀྱི་ས་བོན་དུ་ཉར་བའི་འབྲུ་རྡོག་རྣམས་བཟའ་བའི་བསླུ་བྲིད་གནངས།གོམ་པ་འགའི་ཕ་རོལ་དུ་འབྲུ་རྡོག་རྣམས་མིག་ལ་བཤམས་པས་དེ་རྣམས་ཚེགས་མེད་ངང་གཅུར་ཏེ།བཙོས་ཤིང་ཟ།སྤྱང་ཀི་ལྟར་འབྲུ་རྡོག་རྣམས་བཟས་བ་དེས་མ་འོངས་མདུན་ལམ་དེ་ཁྱུར་མུད་བཏང་བས་སྟབས་ལེགས་པ་ཞིག་ལ་རྒུན་ཆང་དང་ཨ་རུ་རའི་སྣུབ་བཅས་ལ་རྟེན་པའི་མི་རྣམས་ཀྱིས་ལོ་རེའི་ཐོན་སྐྱེད་དེ་ས་བོན་གྱི་ཚུལ་ཏུ་ཉར་མི་དགོས་པས་གནས་བབ་ཉམ་ཉེས་པ་དེ་མྱངས་མ་དགོས།
སྔོན་ཆད་འབྲོག་པ་ཚོས་ཉིན་རེའི་དུས་ཚོད་མང་ཆེ་བ་དེ་རྔོན་རྒྱག་དང་འཐུ་སྒྲུག་གི་ལས་ལ་བཅོལ།འོན་ཀྱང་འཚོ་ལམ་གསར་བ་འདིས་གྱོ་བཟོ་མཁན་དང་།ཁང་བཟོ་བ།བག་ལེབ་པ།ཆང་མཁན།རྫ་མཁན།ཐགས་མཁན།གྱོན་ཆས་མཁན།དམག།ལྷམ་བཟོ།འཚེམ་མཁན།མཛོད་གཉེར།རྐ་བཟོ་མཁན།ལུག་རྫི།སོ་ནམ་པ་སོགས་ཆེད་ལས་པ་མང་པོ་བྱུང་དུ་བཅུག།དེ་ལྟ་ནའང་ས་ཆ་དེར་བརྒྱ་ཆའི་དགུ་བཅུ་དེ་ད་དུང་ཞིང་རྨོ་བ་དང་ཟས་སྒྲུག་པའི་མཉམ་འབྲེལ་གྱི་ལས་དེར་ཞུགས་ཤིང་བརྒྱུ་ཆའི་བཅུ་ཡིས་ཆེད་ལས་པའི་ལག་རྩལ་འདྲ་མིན་ལག་ཏུ་བསྟར་གྱིན་འདུག།ཆེད་ལས་ལག་རྩལ་པ་གསལ་བ་རྣམས་རྣམས་སྡེ་བའི་ནང་དུ་འཚོ་བས་སྡེ་བ་ཆེན་པོ་རྣམས་རིམ་གྱིས་གྲོང་རྡལ་དུ་གྱུར།གྲོང་དང་གྲོང་རྡལ་གང་ཡིན་རུང་ཞིང་ལས་འཕེལ་རྒྱས་སུ་མ་ཕྱིན་པར་དེ་དག་འབྱུང་མི་སྲིད།
ཞིང་ས་དང་།རྩྭ་ཐང་།གཏེར་ཁ།ཉ་ལས་བཅས་བྱེད་ནུས་ལྡན་པའི་བེད་སྤྱོད་བྱས་པས་ས་ཁུལ་ཞིག་གིས་མི་རྣམས་ལ་བཟའ་བཏུང་བསྩལ་ཏེ།གསོ་སྐྱོང་བྱེད་པའི་ནུས་པ་དེ་ལྡབ་དུ་མའང་མང་པོས་འཕེལ་ཅིང་གྲུབ་འབྲས་འདི་རྣམས་ནི་འབྲོག་པའི་འཚོ་ཐབས་ཀྱིས་བསྒྲུན་ནུས་པ་ཞིག་གཏན་ནས་མ་རེད།དེའི་བར་གྱི་འཛམ་གྲིང་གི་མི་འབོར་དེ་ཐར་ཐོར་ཙམ་ཡིན་མོད།སྐབས་དེར་འགྲོ་མིའི་གྲངས་འབོར་ཐོལ་གྱིས་འཕེལ་རྒྱས་སུ་ཕྱིན།འབྲུ་འདེབས་པ་དང་སྒོ་ཕྱུགས་འཚོ་བའི་ཚོད་ལྟའི་ཐོག་མའི་དུས་རིམ་ནང་འཛམ་གླིང་མི་བོར་དེ་ཧ་ལམ་ས་ཡ་བཅུ་ཙམ་ཡིན་པས་འགྲོ་བ་མིའི་གྲངས་འབོར་ཡོངས་སུ་རྫོགས་པ་དེང་གི་མར་ཁུ་སེ་ཁོལ་གྲོང་ཁྱེར་ནང་ལྷོད་ལྷོད་ངང་ཤོང་འགྲོ།འོན་ཀྱང་སྤྱི་ལོ་སྔོན་གྱི་ལོ་ངོ་སྟོང་ཕྲག་2000་ཙམ་དེར་འཛམ་གླིང་མི་འབོར་དེ་ཕལ་ཆེར་ས་ཡ་དགུ་བཅུར་སླེབས་འདུག་ཅིང་ལོ་ཉིས་སྟོང་གི་རྗེས་ཏེ།ཡེ་ཤུ་མ་ཤུ་ཀའི་དུས་ས་ཡ་300་ཉེ་འདུག།
བར་སྐབས་ཤིག་ལ་དར་གྱིན་པའི་འགྲོ་བ་མིའི་གྲངས་འབོར་དེ་ནང་ཡམས་ཀྱིས་ཇེ་ཉུང་ཏུ་བཏང་ཡང་བཤང་གཅིན་སོགས་གད་སྙིགས་རྣམས་བསྐྱུར་ཏེ།རྩྭ་ཆུ་སྙེགས་བཞིན་ཕྱོགས་མཚམས་ཀུན་ཏུ་ཉུལ་བའི་འབྲོག་པ་རྣམས་ལ་བདེ་ཐང་ངང་སྡོད་པའི་དགེ་མཚན་ཞིག་ལྷུན་གྱིས་གྲུབ།ཚ་བ་ཆེ་བའི་གནམ་གཤིས་ཁྲོད་དེ་དག་གིས་སློག་པ་ཧྲལ་ཧྲུལ་རེ་གྱོན་པས་ནད་འབུ་གསོད་པའི་ཉི་འོད་ལུས་སྟེང་དུ་འཕྲོ་ནུས་ལ་སྒོ་ཕྱུགས་སོགས་བདག་ཉར་བྱས་མེད་པས་འགོས་ནད་ཕོག་པའི་སྐལ་བ་ཧ་ཅང་ཕྲ།དེ་ལས་ལྡོག་སྟེ།འཚོ་བ་གསར་བའི་ནང་དུ་མི་ཚོགས་རྣམས་གྲོང་རྡལ་དུ་འདུས་པས་ནད་ཡམས་འགོས་པའི་ཉེན་ཚབས་ཆེ་རུ་ཕྱིན།མིའི་བཤང་གཅིན་ལ་སོགས་པའི་སྙིགས་མས་འཐུང་ཆུ་བཙོག་བཟོ་བྱེད་ཐུབ།མི་དང་སྲོགས་ཆགས་ཀྱི་བཤང་གཅིན་ལག་པས་སྒྲུག་སྟེ།ཞིང་ཁར་ལུད་རྒྱག་པ་དེ་སྤྱི་ལོ་སྔོན་གྱི་ལོ་ངོ་3000་གི་ཡར་སྔོན་དུ་ཆེས་སྤྱིར་བཏང་ཞིག་ཡིན་མོད།དེ་ཉིད་ནད་ཡམས་འགོས་བྱེད་ཅིག་ཡིན་པ་ད་དུང་ངོས་ཟིན་མེད།
འཚོ་ལམ་གསར་བ་འདིས་བཟའ་བཏུང་མོད་པོ་མཁོ་སྤྲོད་བྱས་ཏེ།མི་འབོར་འཕེལ་ནའང་དེའི་རྐྱེན་གྱིས་ནད་འབུ་ཇེ་མང་དུ་ཕྱིན་ཏེ།དར་གྱིན་པའི་མི་འབོར་ཡང་ཡང་རྒུད་དུ་བཅུག།ཉིན་རྒྱུན་གསར་ཏུ་བཏུལ་བའི་སྒོ་ཕྱུགས་རྣམས་བདག་ཉར་བྱས་པས་བར་སྐབས་དེར་སྲོག་ཆགས་ཁ་ནར་འགོས་བའི་ནད་ཡམས་དེ་མི་ལ་འགོས།དཔེར་ན་གློ་ནད་རིགས་ཤིག་གླང་དང་ར་མའི་འོ་མ་ལས་བྱུང་བ་དང་།སིབ་དང་ལྷ་འབྲུམ་བ་ཕྱུགས་ལས་དེ་དག་འཚོ་བའི་རྫི་བོ་དང་།འོ་མ་བཞོ་མཁན།ཤ་ཟ་མཁན་བཅས་ལ་འགོས།དེ་ཡང་འདར་ཚད་རིགས་ཤིག་ནི་ཕལ་ཆེར་བྱ་ལས་བྱུང་བ་དང་།ཚད་རིམས་དེ་ཕག་དང་བྱ་གག་པ་ལས་བྱུང་།

                             འགྲོ་བ་མིའི་མཆོད་སྦྱིན།

སྔར་དང་མ་འདྲ་བའི་ཆབ་སྲིད་ཀྱི་སྒྲིག་འཛུགས་གསར་བ་ཞིག་བྱུང་མོད་འབྲོག་པའི་སྤྱི་ཚོགས་སུ་དབང་ཤུགས་མང་ཆེ་བ་གཙོ་བོ་རྒན་པོ་རྣམས་ཀྱིས་བཟུང་ཡོད།གསར་བྱུང་གི་ཞིང་ལས་ཚོགས་པ་འདི་རིམ་གྱིས་དབང་འཛིན་སྡེ་ཁག་གམ་ཚོ་དཔོན་གྱིས་ཟིན་ཞིང་དེ་རྣམས་དུས་རྒྱུན་སྐྱེས་བུ་ཤ་སྟག་རེད།རང་ཉིད་ཀྱི་གྲོང་དང་ཞིང་ས་བརྟན་པོར་སྲུང་ཞིང་སྔོན་ཆད་ཀྱི་ཕམ་ཉེས་གསོ་ཕྱིར་ཚོ་དཔོན་གྱིས་གོ་སྐབས་སྤྱད་དེ་སྐྱིན་ཚབ་ལེན་ཅིང་དམག་ཐོག་ཏུ་བཟུང་བའི་མི་འགའ་བྲན་ཏུ་བཀོལ་ཏེ།སྤྱིར་འབྲོག་པ་རྣམས་ཀྱིས་བྲན་གཡོག་བཀོད་སྤྱོད་བྱེད་ཉུང་མོད་གཞི་སྡོད་བྱས་པའི་དབང་འཛིན་པས་བྲན་གཡོག་བཀོད་དེ་ཆུ་རྐ་དང་།ལྷ་ཁང།མཁར་སོ།དེ་མིན་གྱི་ལས་གཞི་སོགས་བཙན་ཤེད་ཀྱིས་སྒྲུབ་ཏུ་འཇུག།གསར་ཏུ་བྱུང་བའི་དབང་འཛིན་པ་རྣམས་ཀྱིས་འབྲུ་རིགས་དང་།ཤ།དེ་མིན་གྱི་དངོས་ཟོག་རྣམས་ཁྲལ་གྱི་ཚུལ་ཏུ་བསྡུ་ཆོག་རུང་འབྲོག་ཁུལ་ས་ཆ་རུ་དཔྱ་ཁྲལ་སོགས་ཅི་ཡང་མེད།ཁྲལ་རིགས་ཐམས་ཅད་བསྡུ་གསོག་བྱེད་སའི་གཞུང་འབྲེལ་གྱི་མཛོད་ཁང་འདི་ནི་རྒྱལ་ཁབ་ཀྱི་གཏེར་མཛོད་ཀྱི་ཐོག་མའི་རྣམ་པ་རེད།
གསར་ཏུ་བྱུང་བའི་དབང་འཛིན་པས་ཆོས་དཔོན་ནམ་རྒྱལ་ཡོངས་རང་བཞིན་ཅན་གྱི་ཆོས་དཔོན་བསྐོས་ཤིང་ཆོས་དཔོན་གྱིས་ཀྱང་རྒྱལ་པོར་ཁྲིམས་ལུགས་དང་ཀུན་སྤྱོད་ཀྱིས་རམ་འདེགས་མཛད།ཆོས་ལུགས་རང་ཉིད་ནི་གདོད་མ་ནས་འགྲོ་བ་མིའི་རིགས་ཀྱི་སྡོང་གྲོགས་ཡིན་ཡང་ཆེད་གཉེར་ཆོས་དཔོན་ནི་རྣམ་པ་གསར་བ་ཞིག་རེད།ཁོ་ཚོས་ཐན་པ་དང་གཡུལ་འཁྲུག་ཁྲོད་ཆར་འགུག་དང་དགྲ་མགོ་ཟིལ་གྱིས་གནོན་པའི་བསྡོང་གྲོགས་མཛད་དེ་འཇིག་ཉེན་གྱི་ཀློང་ཏུ་ཚུད་པའི་མི་རྣམས་ལ་སེམས་གསོའི་རྒྱགས་ཕྱེ་བསྩལ།
སྤྱི་ལོ་སྔོན་གྱི་ལོ་ངོ་3500་སྔོན་ལ་ཡོ་རོབ་དང་དབུས་ཤར་ཨེ་ཤ་ཡའི་གྲོང་དང་གྲོང་བརྡལ་ཆུང་ངུ་རྣམས་སུ་གཞི་རྒྱ་ཆེ་བའི་ཆོས་ལུགས་ཀྱི་འཛུགས་སྐྲུན་རྒྱ་ཆེན་བྱས་ཤིང་དཀའ་བ་བརྒྱ་ཕྲག་དུ་མས་ཡུལ་མཆོག་གི་གནས་སུ་དྲངས་ཤིང་བརྩིགས་བའི་ཕ་བོང་རེ་འགའི་ལྗིད་ཚད་ནི་ཏུན་སུམ་བརྒྱ་ཙམ་དང་།དུར་བྱང་དང་རྡོ་འབུར་ལ་སོགས་པའི་རྗེས་དྲན་རྡོ་རིང་འདི་རྣམས་མར་ལེ་ཁྲ་()་དང་།སི་པན།()་ཕོར་ཆི་གྷལ()་བཅས་ནས་་སི་ཊན་ལྷོ་ཁུལ་གྱི་མཚོ་འགྲམ་དང་ཨ་ལན་ཊིའི་ནུབ་རྒྱུད་སོགས་སུ་ཁེབས་འདུག།འདི་ལྟ་བའི་རྡོའི་སྟེགས་བུ་དང་ཨ་ལོང་ལྔ་བརྒྱ་ཙམ་བྷི་རེ་ཁྲིན་དང་ཧྥ་རན་སིའི་ནུབ་མ་བཅས་སུ་བཞེངས་ཤིང་བར་སྐབས་དེར་བྷི་རེ་ཁྲི་ནེའི་()་རྡོའི་ཁང་མིག་རྣམས་ཨེ་ཇར་ཕུ་ཁྲིའི་སྙུང་གཟུགས་མཆོད་རྟེན་བཞིན་དངོས་ནས་ཡ་མཚར་བ་ཞིག་རེད།དེང་སང་ཡུལ་སྐོར་བའི་མིག་གི་ལོངས་སྤྱོད་དུ་གྱུར་བའི་དབྱིན་གྷི་ལན་ཊིའི་རྡོ་རྭ་()་ནི་ཕྱིས་ཀྱི་ལས་གཞི་ཡིན་པ་དང་དེའི་གཙོ་འཁོར་གྱི་རྡོ་རྣམས་སྤྱི་ལོ་སྔོན་གྱི་ལོ་ངོ་2000་གི་ཡས་མས་སུ་བཞེངས།
རྡོ་རྭ་()་དང་དེ་དང་ཉེ་བར་མཚུངས་བའི་བཟོ་བཀོད་འདི་ལྟར་བསྟར་ལ་སྒྲིག་པས་དབྱར་དགུན་ཉི་ལྡོག་བཅས་མངོན་པར་སྟོན་ཐུབ་ལ་དེ་རྣམས་ཀྱིས་ཞིང་བ་ཚོར་ལི་ཐོ་ཚབ་བྱེད་པས་དེ་ཉིད་དུས་བཞིའི་འཁོར་འགྲོས་ཀྱི་དབང་དུ་ཕྱིན་འདུག།དེ་རྣམས་ཞིང་ས་གཤིན་པོའི་ཡུལ་ཁམས་སུ་བཞེངས་བས་གནས་དེ་རུ་མི་ཕྱུགས་དང་ལོ་ཏོག་འཕེལ་བའི་མཆོད་སྦྱིན་དང་ཞབས་བྲོའི་མཛད་ཆེན་བསྡུ་བཞིན་པ་དང་སྐབས་ལ་རེར་རྡོ་དེ་རྣམས་ཤི་ཟིན་པའི་མེས་པོ་བཞིན་མཆོད་བཀུར་བྱེད།
འཛམ་གླིང་གི་ས་ཆ་ལ་ལ་སྟེ།ལྷག་པར་ཏུ་གྲོ་མ་ལ་སོགས་རྩྭ་བར་བརྟེན་པའི་ཚ་ཁུལ་གྱི་ས་ཆ་རྣམས་སུ་མི་ཕྱུགས་དང་ལོ་ཏོག་གི་སྐྱེ་འཕེལ་དེ་ཕན་ཚུན་འབྲེལ་བར་སྙམ་ཞིང་རྩྭ་བ་དང་ཞོག་ཁོག་རིགས་རྣམས་འདས་ཟིན་པའི་ལྷ་མོའི་ལུས་ལས་བྱུང་བར་འདོད་པས་ཁོ་མོར་དད་ཅིང་མ་མཆོད་ཚེ་ལོ་རེར་སྟོན་ཐོག་ལེགས་པོ་མི་འོངས་པར་འདོད།
ཆོས་ལུགས་གསར་བ་འདི་འཇིག་རྟེན་འདི་དང་དེའི་བཀོད་པར་ངོ་མཚར་པ་མ་ཟད།རང་བྱུང་ཁམས་ཀྱི་ཟླ་མེད་ཀྱི་སྟོབས་ཤུགས་འདིར་འཇིགས་སྐྲག་དང་རེ་བཞག་ཀྱང་བྱེད་ཀྱིན་འདུག།དེ་བས་རང་བྱུང་ཁམས་ལ་མཆོད་སྦྱིན་དང་མོས་གུས་བྱེད་ཅིང་དེ་མིན་ཚེ་སད་སེར་དང་ནད་ཡམས།འབུ།ཐན་པ།ཤ་འོད་བཅས་ཀྱི་ས་ཁུལ་ཞིག་གི་ལོ་ཏོག་དང་མི་ཕྱུགས་བཅས་ལ་གཏོར་བཅོམ་གཏོང་བས་མི་དང་སྲོག་ཆགས་མཆོད་སྦྱིན་བྱེད་པའི་ཆོ་ག་དེ་ཤིན་ཏུ་གལ་ཆེ་བར་སྣང་།ཞིང་ས་གཤིན་ཞིང་ལོ་རེའི་སྟོན་ཐོག་ལེགས་ཕྱིར་དཀོན་མཆོག་ལ་མཆོད་པ་བྱེད་འོས་པར་སྙམ་ལ་དེ་དག་ལས་ཆེས་མཆོག་ཏུ་གྱུར་བ་ནི་མིའི་མཆོད་སྦྱིན་རེད།མཆོད་སྦྱིན་དེས་དགོས་འདོད་ལྷུག་ཏུ་བསྩོལ་གྱི་སྒོ་གླེགས་འབྱེད་པར་འདོད།
ཊན་མི་རིགས་ཀྱིས་ཕྱིས་སུ་ཞིང་ལས་བགྱི་བའི་མགོ་ཚུགས་ཤིང་དེ་དག་གིས་གསར་བྱུང་གི་ཞིང་ལས་འདིར་ལོ་ལྷའི་རོགས་སྐྱབས་མཁོ་བའི་ཡིད་ཆེས་བརྟན་པོ་བྱེད།ཊན་ནེ་ཤིའི་དབྱར་ལྗོངས་ཤིན་ཏུ་ཐུང་བས་ལོ་ལྷའི་རོགས་སྐྱབས་ལ་ངེས་པར་དུ་རྟེན་དགོས་ཤིང་གལ་ཏེ་དབྱར་ཁ་སླེབས་པ་འཕྱི་དྲགས་པའམ་གནམ་གཤིས་གྲང་བ་བཅས་བྱུང་ཚེ་ལོ་ལྷས་ཁོང་རྣམས་འཇིག་པ་ལས་སྐྱབས་ཐུབ་ལ་འགྲོ་བ་མིའི་ཚེ་སྲོག་གི་མཆོད་སྦྱིན་ནི་ལོ་ལྷར་མཁོ་བའི་རིན་ཐང་རེད།དེ་ཉིད་ལོ་ལེགས་མ་བྱུང་བར་མི་རྣམས་བཀྲེས་སྐོམ་གྱི་སོ་གྲིའི་ཁར་རིམ་གྱིས་འཆི་ལམ་ཏུ་བསྐྱོད་པ་དང་བསྡུར་ཚེ་གླེང་རིན་མེད་པ་ཞིག་རེད།
ཆོས་ལུགས་ཀྱི་ཆོ་གས་དམར་མཆོད་བཏང་བའི་ཊན་མི་མང་པོ་ཞིག་ཇ་ཁྲི་ལན་ཊི་ཁེབས་པའི་ན་འདམ་དུ་སྦས་ཤིང་དེའི་ནང་གི་སྐྱུར་རྫས་ལ་ཕུང་བོ་ཉར་ཚགས་ཀྱི་ནུས་པ་ལྡན།དུས་རབས་འགའི་རྗེས་སུ་ན་འདམ་ལས་ཐོན་པའི་སྐྱུར་རྫས་རྣམས་ཁང་བའི་ནང་བུད་ཤིང་བཞིན་མེ་རུ་འབར་ཞིང་ན་འདམ་འདྲུ་མཁན་གྱི་ངལ་རྩོལ་བ་ཚོས་སྐབས་སྐབས་སུ་མ་རུལ་རང་སོར་གནས་བའི་གནའ་མིའི་བེམ་པོ་ཧྲིལ་པོ་གང་མང་རྙེད།དེ་ལྟར་1946་ལོར་ཡེ་ཤེས་སྟོན་པ་མ་འཁྲུངས་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་བསད་པའི་བེམ་པོ་ཞིག་རྙེད་ཅིང་སླེ་མ་གསུམ་ཅན་གྱི་སོ་མའི་ཐགས་པ་ཞིག་སྐེ་རུ་དཀྲིས་པས་དེ་ཉིད་དཔྱང་པའམ་དབྱུགས་བཏུམ་བྱས་པ་གསལ་བོ་མཚོན།ཁོའི་ནག་ཅིང་ཀོ་བ་ལྟ་བུའི་ངོ་གདོང་དུ་སྲབ་ཅིང་མཁྲེགས་པའི་སྨ་ར་ཐར་ཐོར་རེ་ལྷག་འདུག་ཅིང་དེ་ཉིད་གཡོ་སྤྲུགས་བྱས་ཚེ་མིག་གཅིག་ཕྱེད་ཙམ་འབྱེད་ཅིང་སྐྱ་སེར་ཅན་གྱི་མིག་རྡོ་དེར་ནག་ཤིག་ཤིག་གི་འཇའ་སྐྱི་ལྡན།སྐྱེ་བུ་དེའི་ཕོ་བར་གསོད་ལ་ཉེ་སྐབས་ཁྱུར་མུད་བཏང་བའི་འབྲུ་རྡོག་དང་ལྡུམ་བུ་བཅས་ཟས་ངན་ངོན་གྱིས་ཁེངས་ཤིང་ལུག་ལྤགས་ཀྱི་ཞྭ་མོ་དང་ཐགས་ལས་བྱས་པའི་གྱོན་ཆས་ཤིག་ཁོའི་འཁྲིས་སུ་བཞག་འདུག།དེ་བཞིན་ན་འདམ་དེ་ག་རང་དུའང་ཤི་ནས་ཡུན་རིང་ཕྱིན་པའི་བུད་མེད་ཅིག་ཁ་སྦུབ་ཏུ་སྦས་ཤིང་ལུས་སྟེང་ལ་བལ་གྱི་ཉལ་ཐུབ་ཧྲལ་ཧྲུལ་ཅིག་བཀབ་འདུག།
སྤྱིར་དམར་མཆོད་ནི་གདུག་ཅིང་རྩུབ་པ་ཞིག་ཡིན་མོད་གནོད་འཚེ་ཕོགས་མཁན་རྣམས་དེར་འཇིགས་ཤིང་ཞུམ་ལ་རེ་ཐག་ཆད་ཡོད་མེད་ཐག་གཅོད་དཀའ་བར་སྣང་།ཡང་ཅིག་བརྗོད་ཚེ་དེ་རྣམས་ཀྱི་འཆར་ཡན་ཁྲོད་འཆི་ལམ་དུ་ཁོ་ཚོའི་རྣམ་ཤེས་སྐད་ཅིག་ཉིད་ལ་དག་ཞིང་དུ་སླེབས་པར་འདོད།ཡང་ཉེ་འཁོར་དུ་བྱིས་པ་ཅིག་སྦས་ཤིང་དེ་རུ་ཁ་ཏྭ་དང་ཕོ་རོག་གི་གཤོག་པ་ཆེ་བ་བཞི་དང་ཆུང་བཅུ་གཉིས་བཅས་རྙེད་སོན་བྱུང་ལ་གཤོག་པ་འདི་རྣམས་ལ་རྟེན་ནས་བྱིས་པའི་རྣམ་ཤེས་དེ་དག་ཞིང་དུ་འཕུར་བསྐྱོད་བྱེད་ཐུབ་པར་སྙམ།

        གྲོལ་དཀའ་བའི་ནའེ་བོ་གྷི་ནེ་དང་མེ་གླིང་གི་གསང་བའི་མདུད་པ།

ནའེ་བོ་གྷི་ནེ་ས་མཐོ་ནི་ཤིན་ཏུ་མཐའ་འཁོབ་ཡིན་པས་དུས་རབས་ཉི་ཤུ་བར་ཡོ་རོབ་གླིང་གི་མི་རྣམས་ཀྱིས་འཚོལ་ཞིབ་བྱས་པ་ཧ་ཅང་ཉུང་།ཡང་ཕྱོགས་གཅིག་ནས་བརྗོད་ཚེ་དེ་རྣམས་ཡུལ་མཐའ་འཁོབ་མིན་པར་དེ་ལྗང་མདོག་གི་གསར་བརྗེ་ཞིག་གི་ལྟེ་བ་རེད།སྤྱི་ལོ་སྔོན་གྱི་ལོ་ངོ་7000་གི་སྔོན་ལ་ཞིང་ལས་དེ་ཡོ་རོབ་གླིང་དུ་མ་སླེབས་སྔོན་ལ་ནའེ་བོ་གྷི་ནེ་རུ་གྲོ་མའི་རིགས་སུ་གྱུར་བའི་རྩ་བ་ཅན་གྱི་ལོ་ཏོག།གྲིབ་བསེལ་ལ་དུངས་བའི་དོ་བ།ངར་ཤིང་།ས་གནས་རང་སྐྱེས་ཀྱི་ངང་ལག་རྣམས་འདེབས་འཛུགས་བྱེད་ཅིང་ལག་ཟུང་གིས་ཡུར་བ་དྲུས་ཏེ།ས་གཤིས་ཇེ་ལེགས་དང་ཞིང་འདེབས་ལས་རིགས་བཅས་སྟབས་བདེ་རུ་གཏོང་གིན་འདུག།ལྡུམ་རྭ་བཟོ་བའི་བསམ་བློ་དེ་ལྷོ་ཤར་ཨེ་ཤ་ཡ་ནས་ནའེ་བོ་གྷི་ནེར་འབྱོར་བའི་ཚོད་མིན་ཡང་དེ་ཉིད་མི་སྲིད་པ་ཞིག་མ་རེད།
ནའི་བོ་གྷི་ནེ་རུ་རྡོ་སྟས་ཤིང་ནགས་གཅོད་འབྲེག་བྱེད་ཅིང་གཅོད་བྱེད་གྱི་ཡུ་བ་རིང་བོ་དེང་སང་གི་སྟ་རེ་མིན་པར་ཐུང་ལ་ཡང་བའི་སྟ་རེ་བྱ་མགོ་ཅན་རེད།མཐར་ནགས་དང་རྩི་ཤིང་རྣམས་མེར་བསྲེགས་ཤིང་མཐའ་སྐོར་ཏུ་རྭ་བ་བསྐོར་ཏེ།གསར་ཏུ་བསྲེག་མ་ཐག་པའི་ཐལ་ཤུལ་ཏུ་ཟ་རུང་བའི་ཞོག་ཁོག་སོགས་འདེབས་པ་དང་།ཡུར་མ་ཡུར་བ་ནི་ལས་ཀ་གལ་ཆེན་ཞིག་ཡིན་ལ་དེ་ཉིད་དུས་རྒྱུན་བུད་མེད་ཚོས་སྒྲུབ་བཞིན་ཡོད།དེ་ལྟར་སྟོན་ཐོག་འགའ་བསྡུ་རྗེས་བར་སྐབས་ཞིང་སའི་བཅུད་ཤོར་འགྲོ་བས་ཐག་རིང་གི་ནགས་མའི་ཀློང་ནས་ཞིང་ས་གསར་བ་ཞིག་དཀའ་ཚེགས་ལྡན་པའི་ངང་རྔོག་གིན་འདུག།རྔུལ་ཁྲག་དང་སྙིང་སྟོབས་དྲག་པོས་འདི་ལྟར་གསར་སྤེལ་བྱེད་པ་ནི་སྔར་མེད་སྲོལ་གཏོད་ཅིག་རེད།ཕར་སྤོ་ཚུར་སྤོའི་རྣམ་པ་ཅན་གྱི་འདེབས་འཛུགས་འདིར་སྐབས་ལ་རེར་གཅོད་བསྲེག་ཟེར་ཞིང་འདི་ཉིད་དུས་རབས་ཉི་ཤུའི་སྐབས་སུའང་ཚ་ཁུལ་གྱི་ས་ཆ་འདྲ་མིན་གྱི་མི་འབོར་ས་ཡ་གཉིས་ལྷག་གི་འཚོ་བའི་རྟེན་གཞིར་གྱུར་འདུག།ནགས་ཚལ་གྱི་ས་ཁོངས་ཆེན་པོ་མཁོ་བའི་ས་ཆ་དེ་བཀོད་སྤྱོད་འཐུས་ཚང་མི་བྱེད་ཀྱང་དེ་དག་ལས་ཆ་ཕྲན་བུ་ཙམ་ལོ་ངེས་མེད་ལ་རྨོས་ཏེ།ལོ་ཏོག་འདེབས་འཛུགས་བྱེད།
གཡུར་ཟའི་འབྲས་བུ་འདི་སྨིན་དུས་ནའེ་བོ་གྷི་ནེ་དེ་དཀྱིལ་ཤར་ཨེ་ཤ་ཡ་དང་དཔུང་བ་མཉམ་གཤིབ་བྱས་མེད་ཅིང་དེའི་རྒྱུ་མཚན་གཙོ་བོ་ཁོས་འབྲུ་རིགས་འདེབས་མ་ནུས་པ་དེ་རེད།དེར་ས་གནས་གཞན་གྱི་གནའ་བོའི་རྨོ་འདེབས་པ་རྣམས་ཀྱིས་དགའ་མོས་བྱེད་པའི་འབྲུ་རྡོག་ཆེ་ཆེར་སྨིན་པའི་རྩྭ་དང་རྩྭི་ཤིང་སོགས་ཅི་ཡང་

ཐོག་མར་ཇར་རེ་ཁོལ་སྡེ་བ་དང་དེ་མཚུངས་ཀྱི་སྡེ་བ་ཚོས་སྒོ་ཕྱུགས་ཉར་མེད་ཅིང་ཁོ་ཚོ་རོལ་བའི་དམར་ཟས་མང་ཆེ་བ་རྒོད་ལ་གནས་བའི་དགོ་བ་དང་རི་དྭགས།ད་དུང་ཁོ་ཚོས་བརྡ་འདེད་བྱེད་པའི་འདབ་ཆགས་ལས་བྱུང་།འོན་ཏེ་ལོ་ངོ་ལྔ་བརྒྱ་ཙམ་གྱི་ནང་རོལ་ལ་ཐོག་མར་གྲོ་ནས་སྲན་གསུམ་སོགས་བཏུས་ཤིང་རྭ་ལུག་བཅུ་ཁ་ཙམ་སྡེ་བའི་ཉེ་འཁོར་ཏུ་གསོས།དོན་དམ་ཐོག་འདིའང་དཀོར་མཛོད་དུ་བཅུག་པའིབཟའ་བཏུང་གི་མཛོད་གཞན་ཞིག་རེད།ལག་སོན་བྱུང་བའི་དཔང་བོ་ལྟར་ན་གནའ་བོའི་རྒོད་སྐྱེས་སྲོགས་ཆགས་ཏེ།དེང་གི་གྲུ་གུ་དང་ཨེ་རག་མཐའ་མཚམས་ས་ཁུལ་གྱི་ལུག་དང་།ཨེ་རན་གྱི་རི་ངོགས་སུ་འཚོ་བའི་ཪྭ་མ།ཨན་ནི་ཁྲོ་ལེ་ཡ་མཐོ་སྒང་གི་བ་གླང་རྣམས་ཐོག་མར་ཤར་དབུས་ཀྱི་ས་ཁུལ་འདྲ་མིན་དུ་གཡུང་ལ་ཕབ་ཟེར།རྭ་ལུག་རྣམས་ཤིན་ཏུ་གཉོམ་ཞིང་གཡུང་ཏུ་ཕབ་བདེ་བ་ལ་དེ་དག་ལས་གཅིག་གཡུང་དུ་ཕབ་པ་ནི་མང་པོ་གཡུང་དུ་ཕབ་པ་དང་ཁྱད་མེད།སྒོ་ཟོག་འདི་དག་ལས་ཕོ་རྣམས་ཆུང་དུས་ནས་ཤ་གཟན་བྱེད་ཅིང་མོ་རྣམས་ཕྱུགས་ཀྱི་འཕེལ་ཁ་དལ་ཕྱིར་གསོ།སྒོ་ཕྱུགས་དེ་ཚོ་བོངས་ཆུང་ལ་གཟབ་ནན་གྱི་གསོ་སྐྱོང་བྱེད་པའི་འདུ་ཤེས་དེ་ད་དུང་ནར་སོན་མི་འདུག།

གཡུར་ཟའི་འབྲས་བུ་འདི་སྨིན་དུས་ནའེ་བོ་གྷི་ནེ་དེ་དཀྱིལ་ཤར་ཨེ་ཤ་ཡ་དང་དཔུང་བ་མཉམ་གཤིབ་བྱས་མེད་ཅིང་དེའི་རྒྱུ་མཚན་གཙོ་བོ་ཁོས་འབྲུ་རིགས་འདེབས་མ་ནུས་པ་དེ་རེད།དེར་ས་གནས་གཞན་གྱི་གནའ་བོའི་རྨོ་འདེབས་པ་རྣམས་ཀྱིས་དགའ་མོས་བྱེད་པའི་འབྲུ་རྡོག་ཆེ་ཆེར་སྨིན་པའི་རྩྭ་དང་རྩྭི་ཤིང་སོགས་ཅི་ཡང་མེད་ཅིང་ས་ཞིང་མཁྲེགས་པའི་དཀྱིལ་ཤར་ཨེ་ཤ་ཡའི་གྲོ་དང་ནས་དེ་ནའེ་བོ་གྷི་ནེ་ལས་ཐོན་སྐྱེད་བྱས་པའི་ཞོག་ཁོག་སོགས་རྩ་བའི་རིགས་ཀྱི་ཐོན་རྫས་ལས་དུས་ཡུན་རིང་བོར་ཉར་ཚགས་བྱེད་ཐུབ་ལ་དེ་ཉིད་རྒྱ་ཆེ་ལ་བོངས་མཐུག་པའི་འབྲུ་མཛོད་ཅིག་ཡིན་པས་དམིགས་བསལ་གྱི་སྤྱི་ཚོགས་ཤིག་དཀྱིལ་ཤར་ཨེ་ཤ་ཡར་འབྱུང་བའི་སྐུལ་འདེད་བྱས་པ་ལས་ནའེ་བོ་གྷི་ནེ་རུ་བྱེད་ནུས་དེ་ཐོན་མེད།དེ་བཞིན་དུ་རྒྱ་ནག་ལའང་འབྲས་འདེབས་འཛུགས་བྱེད་པའི་དགེ་མཚན་མངའ་ལ་དེའང་དུས་ཡུན་རིང་པོར་ཉར་ཚགས་བྱེད་ཐུབ་པའི་འབྲུ་རིགས་ཤིག་རེད།ནའེ་བོ་གྷི་ནེར་འབྲུ་མཛོད་ཆེན་པོ་མི་མཁོ་བས་དེ་ལ་རྩིས་དང་རྩིས་ཁྲ།ཡི་གེ་སོགས་མཁོ་དོན་མེད།
ནའེ་བོ་གྷི་ནེར་གཡུང་ལ་ཕབ་ཆོག་པའི་སྲོག་ཆགས་དཀོན་པ་མ་ཟད།སྒོ་ཕྱུགས་དང་ལོ་ཏོག་གཉིས་ཀ་གཡུང་བའི་ལམ་ཁ་དེའང་མེད་པས་དཀྱིལ་ཤར་ཨེ་ཤ་ཡ་དང་རྒྱ་ནག་བཅས་སུ་བཅས་སུ་བྱུང་བའི་ཚེགས་མེད་ཀྱི་ལམ་ཁ་དེ་ནའེ་བོ་གྷི་ནེ་རུ་འབྱུང་མི་སྲིད།རྔམ་ཆེ་བའི་སྲོག་ཆགས་རྔོན་རྒྱུ་དཀོན་པའི་རྐྱེན་གྱིས་སྤྲི་དཀར་གྱི་མ་འདང་བར་གྱུར་ལ་གྲོ་ནས་སྲན་གསམ་དང་བསྡུར་ཚེ་ཞོག་ཁོག་སོགས་རྒྱུན་ཟས་སུ་གྱུར་བའི་ཟས་རིགས་ལ་སྤྲི་དཀར་གྱི་རྫས་འདི་བྲལ་བས་གནས་བབས་དེ་སྔར་བས་ཚབས་ཆེ་རུ་ཕྱིན་པས་ནའེ་བོ་གྷི་ནེ་རུ་མི་ཟ་ཞིང་མི་ཁྲག་འཐུང་བའི་ལུགས་བྱུང་བ་དེ་ནི་ཕལ་ཆེར་སྤྲི་དཀར་ལ་རྔམ་པས་ཡིན་ནམ་སྙམ།
ནའེ་བོ་གྷི་ནེ་བཞིན་མེ་གླིང་གིས་ཀྱང་ཁོ་ཚོ་རང་ཉིད་ཀྱི་ལྡུམ་རྭ་བསྐྲུན་ཞིང་སྤྱི་ལོ་སྔོན་གྱི་ལོ་ངོ་༦༠༠༠་གི་སྔོན་ལ་མར་ཁུ་སེ་ཁོར་རུ་ཀུ་བ་དང་སྲིན་བལ།དམར་ཚ་སོགས་རྩི་ཤིང་འདེབས་འཛུགས་བྱེད་ཅིང་ཕྱིས་སུ་མ་རྨོས་ལོ་ཏོག་དང་རྒྱ་སྲན་ཡང་བྱུང་།དེང་སང་ཨ་རི་ཞེས་སུ་འབོད་པའི་ཤར་ཁུལ་མཚོ་འགྲམ་དུ་སྤྱི་ལོ་སྔོན་གྱི་ལོ་ང་༢༥༠༠་སྔོན་ནས་ལྡུམ་རྭ་བྱུང་འདུག།དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ཞིང་ལས་དེ་མེ་གླིང་གི་དཔལ་ཡོན་གྱི་རྨང་གཞི་རུ་གྱུར་ཞིང་དེ་ཉིད་མཐར་ཞི་པན་ཡས་གསར་རྟོགས་བྱུང་།
ཆེས་ཐུན་མོང་དུ་གྱུར་བའི་ལྟ་ཚུལ་ཞིག་ནི་མེ་གླིང་གི་ཞིང་ལས་དང་དེའི་ཐུན་མོང་མ་ཡིན་པའི་དཔལ་ཡོན་ནི་གཙོ་ཆེ་བ་ཁེར་རྐྱང་གི་ཁྲོད་ནས་བྱུང་ལ་མི་མང་པོ་ཞིག་གིས་མཚོ་མོ་འཕྱུར་བ་དེས་ཨེ་ཤ་ཡ་བྱང་མ་བརྒྱུད་དེ་མེ་གླིང་ལ་གསར་ཏུ་འབྱོར་བའི་གནས་སྤོར་བ་རྣམས་དུས་གཏན་དུ་ཁེར་རྐྱང་ལ་ཕུད་སྙམ་ཡང་ཨེ་ཤ་ཡ་ཤར་མ་དང་།ཧྥེ་གླིང་།ཡོ་རོབ་བཅས་ཀྱི་རིག་གཞུང་གི་ཤུགས་རྐྱེན་རང་བཞིན་དེ་རྩ་ནས་དོར་ཐུབ་མེད་ཅིང་གཅིག་རྗེས་གཉིས་མཐུད་ཀྱི་གནས་སྡོད་པ་སྐབས་ལ་རེར་མེ་གླིང་དུ་འབྱོར་ཡོད་ངེས།
ཡིད་རྟོན་འཕེལ་བའི་དཔང་པོ་འགས་ཨེ་ཤ་ཡ་དང་མེ་གླིང་གཉིས་ཕན་ཚུན་འབྲེལ་འོང་བྱེད་པའི་གཞུང་ལུགས་རབ་འདེགས་བྱེད་ཅིང་རུས་པ་དང་ཤ་མདོག་ནག་པོར་གྱུར་བའི་རྒྱ་ནག་གི་ཁྱིམ་བྱ་ནག་པོ་མེ་གླིང་དུའང་ཡོད་ལ་འཕྲུལ་དང་ནད་རིགས་གསོ་ཕྱིར་དེ་ཉིད་དམར་མཆོད་དུ་ཕུལ་པ་ལས་ཟས་སུ་མི་སྤྱོད་པ་ལ་སོགས་པའི་བྱེད་སྒོ་ནི་རྒྱ་ནག་དང་གཉིས་སུ་མ་མཆིས།ཁྱིམ་བྱ་འདི་རྗེས་སུ་ཕྱིས་ཀྱི་གནས་སྤོར་བ་ཚོའི་གྲུ་གཟིངས་ནང་རྒྱ་ནག་ནས་ཁྱེར་འོང་བ་ཡིན་ནམ།དེ་བཞིན་དུ་མཁས་པ་འགས་ཚ་བ་ཆེ་བའི་མེ་གླིང་ཁུལ་གྱི་མ་ཡ་༼༽ལི་ཐོ་དེ་དེང་སང་པ་གི་སི་ཐན་ནས་འོང་བར་འཁུམས་ཤིང་ལི་ཐོ་ཁྲོད་ཀྱི་ཉིན་ཉི་ཤུ་ལས་ཉིན་བཞི་ལ་ཐད་ཀར་ཧིན་རྡུའི་སྲུང་མའི་མཚན་གནངས་འདུག།
ལྟ་བ་དང་།སྐྱེ་ཤིང་།སྲོག་ཆགས་བཅས་ཞི་བདེ་རྒྱ་མཚོ་ཆེན་མོ་ནས་ཕྱོགས་གཉིས་ཀར་རྒྱུ་སྲིད་ལ་དཔང་པོ་ཞིག་ཡོད་ཀྱང་དེ་ཉིད་ཁོངས་བཙུན་པ་ཞིག་མ་རེད།དེ་ནི་ལོ་ངོ་༡༠༠༠་གི་ཡར་སྔོན་ལ་མེ་གླིང་གི་བ་དམ་གྱི་སྡོང་པོ་རྒྱ་ནག་གི་མཚོ་འགྲམ་དུ་འབྱོར་ཞིང་མེ་གླིང་གི་སྲིན་བལ་རྒྱ་གར་ཕྱོགས་སུ་དར།དུས་རབས་ཉེར་གཅིག་གི་ནང་དུ་དཔང་པོ་མང་པོས་གྲོལ་བའི་དྲི་བ་འདི་རྣམས་ཀྱི་ལན་རྙེད་ཐུབ།
དེ་ལྟའང་ཞིང་ལས་ས་ཁུལ་ཅིག་གཞན་ལས་ཅུང་སྔ་བར་བྱུང་བ་དེ་ནི་ནུས་བའི་ཐད་ནས་སྟོབས་ལྡན་པ་ཞིག་རེད།ཤར་དཀྱིལ་ཨེ་ཤ་ཡ་དེ་མེ་དཔུང་ཞིག་དང་འདྲ་བར་ཐེངས་གཅིག་འབར་བས་དེར་སྔར་མེད་ཀྱི་མེ་ལྕེ་མཆེད།

                ཐབ་ཁ་དང་།སྲེག་སྦྱོར་ཁང་།ཞུན་སྦྱང་ཁྲོ་ཐབ།

ལག་ཟུང་གིས་བཟོས་བའི་རྫ་བུམ་འདི་ཉི་མའམ་དམར་ལམ་ལམ་གྱི་མེ་དཔུང་བཅས་གང་གིས་བསྲེག་ཀྱང་དེ་ནི་འཚོ་བ་གསར་བ་འདིའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར།དུས་བཞིའི་འགྱུར་འགྲོས་དང་བསྟུན་ཏེ།དུས་རྒྱུན་རྩྭ་ཆུ་སྙེགས་བཞིིན་གནས་སྤོར་བྱེད་པའི་འབྲོག་པ་རྣམས་ཀྱིས་རྫ་བུམ་བཀོད་སྤྱོད་རྒྱ་ཆེར་མི་བྱེད་མོད།ལོ་ཡི་འཁོར་མོ་ཀུན་ལ་གནས་གཅིག་ཏུ་གཞི་སྡོད་བྱེད་པའི་མི་རྣམས་ལ་མཚོན་ན་རྫ་བུམ་གསར་གཏོད་བྱས་པ་དེ་དགེ་ཕན་ཆེན་པོ་ལྡན་པ་ཞིག་ཡིན།དེང་གི་ནུབ་ཕྱོགས་ཡུལ་ཁམས་སུ་རྫ་བུམ་དེ་མཆོད་བཤམ་ལ་སོགས་བེད་སྤྱོད་ཕྲན་བུ་བྱེད་པ་ལས་དེ་སྔོན་རྫ་བུམ་དེ་ཇི་འདྲ་གལ་ཆེན་ཡིན་པ་རྟོགས་དཀའ།ཁ་སང་དེ་རིང་རྫ་བུམ་གྱི་དོད་དུ་འགྱིག་དང་ཤིང་གིས་བཟོས་པའི་སྣོད་དང་གོས་སྒྲོན།ལྕགས་དང་ཤེལ་སྒོས་བཟོས་པའི་སྒམ།རྒྱུ་ཆ་འདྲ་མིན་གྱིས་བཟོས་པའི་ཁུག་མ།ཤིང་ཟོ།ཧ་ཡང་གི་སྡེར་མ།ཟངས་ཀྱི་བུམ་པ་སོགས་གང་མང་ཞིག་མཆིས་མོད་ཉེ་བའི་ཆར་ཁྲན་ཛི་ནེ་ཡ()་དང་།ལེ་སོ་ཐོ()ཡོ་གྷན་ཊ()་ན་ཇར་རེ་ཡ()སོ་ཊན()་ཛོམ་བྷེ་ཡ()་བཅས་ཧྥེ་གླིང་གི་ས་ཆ་གཞན་དག་ཏུ་རྫ་བུམ་གྱིས་འཚོ་བ་ཧྲིལ་པོའི་ཇི་འདྲའི་མེད་དུ་མི་རུང་བའི་གོ་གནས་ཤིག་བཟུང་ཡོད་པ་མཐོང་ཐུབ།རྫ་བུམ་རྣམས་ཟ་མ་གཡོ་སྦྱོར་དང་མེ་ཁ་གསོ་བར་ལྷག་ཏུ་རིན་ཐང་ཆེ་ལ་བུད་ཤིང་སོགས་ཆུད་ཟོས་སུ་ཏོག་ཙམ་ཡང་མི་འགྲོ་བས་དེར་རྫ་མའི་མཆོད་མེ་དང་དཀར་ཡོལ་སོགས་མཆིས་ཤིང་དེ་དག་གི་ནང་དུ་སྒྲོན་མེ་སྤར་ཆོག།རྫ་བུམ་ཆེན་པོ་འགར་ཁ་ལེབ་དང་ཡུ་བ་བཟོས་ཏེ།ཁང་བའི་ནང་དུ་ཆུ་དང་ཆང་སོགས་འཇོག་སའི་སྣོད་བྱེད་ལ་དེ་དག་ལས་འཇམ་རྩི་མ་བྱུག་པའི་རྫ་བུམ་གྱིས་འཐུང་ཆུ་ཤིན་ཏུ་གྲང་ཞིང་བསིལ་བར་བགྱི་ཐུབ་པས་ཀུན་གྱིས་དགའ་མོས་བྱེད།གཞན་དག་གིས་ཁོ་ལ་()སྐོགས་མཁྲེགས་སྤྱོད་དུས་ཁེར་མུ་རོན་()་རྩྭ་ཐང་དུ་རྫ་མ་ཆེན་པོ་སྤྱད་དེ་ཏ་ལའི་ཤིང་གི་ཆང་བསྙལ་གྱིན་འདུག།དེ་བཞིན་ཏུ་ན་ཇར་རེ་ཡས་འདས་མཆོད་དུ་རྫ་མའི་རྔ་བོ་བརྡུང་ཞིང་རོན་ཊའི་()་ཁྲོ་ཚེ་རུ་ཁང་བ་དུག་སེལ་བྱེད་པའི་རྩ་དང་ལོ་མ་རྣམས་རྫ་བུམ་ནག་པོར་བཅུག་སྟེ།མེ་བསྲེག་བྱེད།དེ་དག་ལས་རྫ་བུམ་རེ་འགའ་ཤིན་ཏུ་ལྕི་ཞིང་དེ་དག་ཆུས་བཀངས་རྗེས་སྐྱེས་བུ་དར་མ་གཉིས་ཀྱིས་ཀྱང་ཡར་འཇོག་དཀའ།ས་ཁུལ་ལ་ལར་བུད་མེད་ནི་རྫ་བཟོ་མཁན་པོ་དང་དེ་ནི་སྐབས་དེ་ཤེད་དུ་ཁོང་ཚོས་བཟུང་བའི་ཐོན་སྐྱེལ་བཟོ་ལས་ཨང་དང་པོ་དེ་རེད།
གཏན་འཇགས་ཀྱི་སྤྱི་ཚོགས་འདི་རྫ་ཆས་བཟོ་བར་མཁས་པས་བཟའ་བཏུང་གི་རྣམ་གྲངས་གསར་པར་རོལ་པའི་གོམ་སྟབས་བསྒྱུར་ཞིང་དེ་དག་འབྲོག་པ་རྣམས་ལས་བཟའ་བཏུང་བསྙལ་བ་ཤིན་ཏུ་མང་པོས་དེ་རྣམས་འཇོག་བྱེད་ཀྱི་སྣོད་དུ་རྫ་ཆས་ཆེན་པོ་མཁོ་ལ་རྫ་ཆས་ཅན་གྱི་སྤྱི་ཚོགས་ཤིག་གིས་ཕབས་སོགས་བཟོ་ཐུབ་ལ་དེ་བཟོས་རྗེས་ཕབས་སྤྱད་དེ་རྫ་ཐབ་ནང་བག་ལེབ་བསྲེགས་ཤིང་ཚྭ་ལ་རྔམ་པའི་སྤྱི་ཚོགས་དེས་ཤ་ཟས་རྡོ་དང་མེའི་སྟེང་ཏུ་བསྲེགས་མི་དགོས་པར་རྫ་མའི་ནང་དུ་བཙོ་བཞིན་ཡོད།དོན་དངོས་ཐོག་ཚྭ་དེ་དཀྱིལ་ཤར་དང་ཨེ་ཤ་ཡ་ནང་གི་རྒྱུན་ལྡན་གྱི་ཚོང་ཟོག་གི་རྣམ་གྲངས་ཤིག་ཏུ་གྱུར་བའི་ཟས་རིགས་དང་པོ་དེ་རེད།
རྫ་བཟོ་མཁན་ནི་ལྕགས་རིགས་བཞུ་སྦྱོང་མཁན་གྱི་མ་ཡར་ཡིན་ལ་རྫ་བཟོ་མཁན་དང་དེ་དག་གི་འཇིམ་པ་བཅས་ནི་མགར་བ་དང་དེ་རྣམས་ཀྱི་གཏེར་རྡོའི་མེས་པོ་རེད།ཤིན་ཏུ་ཚ་བའི་དྲོད་ལ་བརྟེན་ཏེ།རྫ་ཆས་བཟོ་དུས་གཏེར་རྡོ་དེ་རྣམས་རང་བཞིན་གྱིས་བཞུ་མི་སྲིད་པས་རྫ་ཆས་དེ་ཉིད་བཞུ་བར་དགེ་ཕན་ཆེན་པོ་ཞིག་བསྐྲུན་པས་དེ་ནི་འཕེལ་རྒྱས་ཀྱི་གོམ་སྟབས་འགངས་ཆེན་ཞིག་རེད།བུད་ཤིང་ཆུད་ཟོས་སུ་མ་སོང་བར་ལེགས་པོར་བེད་སྤྱོད་གཏོང་བ་དང་།རླུང་ལ་བརྟེན་ནས་ཚ་དྲོད་ཆེ་རུ་གཏོང་བ།རྫ་ཆས་ཀྱི་མཐའ་རྣམས་མེས་མི་འཚིག་པ།དེ་བཞིན་དུས་ཡུན་ཅི་ཙམ་ལ་འཁྱག་ཏུ་འཇུག་རྒྱུ་བཅས་ཀྱི་འདྲི་གཞི་འདི་རྣམས་ལ་ལན་འདེབས་བྱེད་པར་མཛུབ་སྟོན་དང་གཏེར་རྡོ་རྣམས་བཞུ་བར་ཚ་དྲོད་ཆེན་པོའི་སྣེ་ཁྲིད་ཀྱི་ནུས་པ་ཐོན།
འཛམ་གླིང་ལོ་རྒྱུས་སྟེང་གི་ཆེས་འགངས་ཆེ་བའི་ཉིན་མོ་ཞིག་ནི་མེར་བརྟེན་ཏེ།སྲ་ཞིང་མཁྲེགས་ལ་ཟངས་འདྲེས་བའི་གཏེར་རྡོ་ལས་ལྕགས་གཙང་མ་འདོན་པའི་དུས་དེ་རེད།ཟངས་བཞུ་བའི་ཆེས་གནའ་བོའི་བཞུ་སྦྱང་ཁྲོ་ཐབ་དེ་རྩྭ་ཉག་ཙམ་ཡང་མེད་པའི་ཇོར་ཊིན་གྱི་རི་ཁུལ་ཏེ།ཨེ་བཟི་རལ་()་ལྷོ་ཁུལ་གྱི་ཊིམ་ན་()་རུ་གསར་རྙེད་བྱུང་།སྐྱེས་བུ་དར་མའི་ལག་པའི་ཚད་ཙམ་བརྐོས་ཤིང་སྒོང་གཟུགས་ཅན་གྱི་ས་དོང་ཆུང་ངུ་དེ་ནི་བཞུ་སྦྱང་ཁྲོ་ཐབ་ཡིན་ལ་དེ་ཉིད་སྤྱི་ལོ་སྔོན་གྱི་ལོ་ངོ་4200་ཙམ་ལ་ཐོག་མར་བཟོས་འདུག།ཚ་དྲོད་རྣམས་ཕྱི་རུ་མི་འགྲོ་བའི་ཆེད་དུ་རྡོ་ལེབ་སྟབས་བདེ་ཞིག་མེའི་སྟེང་ལ་ཁ་ལེབ་གྱི་ཚུལ་ཏུ་བཞག་ཅིང་དེ་ནི་རྗེས་ལུས་རེད་ཅེས་བརྗོད་ཀྱང་དེའི་བྱེད་ནུས་ལ་སྒྲོ་འདོགས་བྱས་པ་རེད།
དལ་ལ་རིང་བའི་བཞུ་སྦྱང་གི་གོ་རིམ་དེ་ནི་ཐབ་ཁ་བཞིན་ཆུ་ཚོད་གཉིས་རེའི་ནང་དུ་བག་ལེབ་རེ་བསྲེག་གིན་ཡོད་ལ་ཁྱིམ་སྤྱོད་བཞུ་སྦྱང་ཐབ་ཁས་ཟངས་དང་སྙིགས་མ་འདོར་ལེན་བྱས་པ་ཡིད་ཚིམ་པ་ཞིག་མིན་པས་ཟངས་རྣམས་རྡེའུ་རྣམ་པ་བྱས་ཏེ།ཕྲན་ཙམ་རེ་ལེན་གྱིན་ཡོད།དེ་ལྟར་གོམ་གང་མདུན་སྤོས་ཀྱི་ཚུལ་ཏུ་བཞུ་སྦྱང་གི་ཐབས་ལམ་མང་པོ་ཞིག་ཁོང་ཏུ་
ཆུད།ང་ཚོའི་མིག་མདུན་དུ་དེ་ནི་ཇི་འདྲའི་གླེང་རིན་མེད་པ་ཞིག་ཡིན་རུང་།གལ་ཏེ་ལྕགས་གཏེར་བཞུ་སྦྱང་གི་མེས་པོ་རྣམས་ལོ་ངོ་1000་གི་རྗེས་སུ་ཕྱིར་ལོག་སྟེ།ཁྲིམ་ནའི་བཞུ་སྦྱང་གི་ཡོ་བྱད་རྣམས་མཐོང་ཚེ་དེའི་སྔར་མེད་ཀྱི་ཡར་རྒྱས་མཐོང་སྟེ།དེ་རྣམས་ངོ་མཚར་ངེས།
ཟངས་བཞུ་བས་མཐར་ལི་མ་བཟོ་སྟངས་ཤེས་པས་དེ་ཉིད་སྟེས་དབང་ཞིག་ཀྱང་ཡིན་སྲིད་ལ་ཡིན་ནའང་རྣམ་རིག་རྒོད་པོ་ཁོ་ནས་ད་གཟོད་སྟེས་དབང་གི་འགྱུར་ལྡོག་དེ་མཐོང་ཐུབ།ལི་མ་དེ་བརྒྱ་ཆའི་དགུ་བཅུའི་ཟངས་རྣལ་མ་དང་བརྒྱ་ཆའི་བཅུ་ཡི་གཤའ་གཉིས་འདྲེས་པ་ལས་བྱུང་ལ་རྗེས་ཀྱི་ལྕགས་བསྲེས་མ་འདི་ཟངས་ལས་སྲ་མཁྲེགས་ལྡན་ཞིང་གཟུགས་དབྱིབས་དོད་སླ།སྤྱི་ལོ་སྔོན་གྱི་ལོ་ངོ་3500་སྔོན་ཙམ་ལ་ལི་མ་དེ་མར་སི་ཕུ་ཁྲེན་མེ་ཡའི་()་གྲོང་ཁྱེར་མངའ་སྡེ་ནང་གི་མགར་བས་བཟོས་ཤིང་རྒྱུ་ཆ་གལ་ཆེན་དུ་གྱུར་བའི་གཤའ་གཏེར་དེ་ནམ་ཚོད་རྙེད་མིན་དེ་ཐག་གཅོད་དཀའ་བར་གྱུར།དཀྱིལ་ཤར་དུ་ཟངས་མོད་ཅིང་གཤའ་དཀོན་མོད་ཨེ་ཇིབ་ཤར་ཁུལ་གྱི་བྱེ་ཐང་སོགས་ཡུལ་ཁུལ་རྣམས་ཀྱི་ས་ངོས་སུ་གཤའ་ཡི་བྱེ་འདམ་ཕྲན་བུ་ཡོད་མེད་ནི་མ་ཤེས།གང་ལྟར་ལི་མའི་མཚོན་ཆ་དང་རལ་གྲི་རྣམས་ཐོག་མར་རྩ་ཆེན་དུ་གྱུར་ཏེ།དེ་རྣམས་མི་ཕལ་བས་ཕལ་ཆེར་བེད་སྤྱོད་བྱེད་དཀའ།
                   བོར་བརླག་ཏུ་ཕྱིན་པའི་ཡོ་རོབ་རི་ཁུལ་གྱི་ལུག་རྫི།
ཡིད་རྟོན་བྱེད་དཀའ་བ་ཞིག་ལ་ཟངས་ཆས་དུས་སྐབས་ཀྱི་མི་ཞིག་ཉེ་ཆར་བེམ་པོའི་ཚུལ་གྱི་མཇལ་རྒྱུ་བྱུང་བ་དང་།དེའི་རུས་སྟེང་གི་ཤ་ད་དུང་ཡང་མ་རུལ་བར་ལྷག་པའི་སྐྱེ་པ་ཞིག་ཁྲ་རོ་ལིན་ཨལ་ལི་ཕི་()རུ་འཇིགས་རུང་འགྲུལ་བསྐྱོད་བྱས་རྗེས་ལོ་ངོ་5000་ཙམ་ནང་ལ་ཁོང་གི་བེམ་པོ་གསར་དུ་རྙེད།ཁོ་དེང་སང་རི་རྒྱུད་འཕྲེད་ཀྱིས་བཅད་པའི་ལམ་ལས་ཀྱང་མཐོ་བའི་རི་བོ་ཉག་ཁ་3200་ཅན་དེ་བརྒལ་ཞིང་དུས་སྐབས་དེ་སྟོན་དུས་ཡིན་སྲིད་ལ་ཁོས་གྱོན་པའི་ལྭ་བ་ཤིན་ཏུ་དྲོ་ཞིང་མགོ་དེ་སྤུ་བསླས་པའི་ཞྭ་མོས་གཡོགས་འདུག།སྐྱེ་པ་དེའི་ཕྲག་གཞུང་ཙག་རླུང་དང་ཁ་བས་མི་ཤུད་པར་སྲ་ཞིང་མཁྲེགས་པའི་རྩྭ་དང་འདམ་བུས་བཟོས་པའི་གཡང་ལྭས་སྒྲིབ་ཅིང་ཁོ་རང་འགྲོ་བསྐྱོད་བྱེད་དུས་ཤྭའི་པགས་པའི་ཕྱིང་ལ་རིང་པོས་དྲོད་ཁོལ་མི་དམན་པ་ཞིག་བསྐྱིལ་ཡང་ཕྱིང་ལ་དེར་ཕུ་ཐུང་ཡོད་མེད་སྒྲོ་འདོགས་གཅོད་དཀའ་བར་སྣང་།དེ་ཡང་ཁོའི་རྐང་པ་བེའུའི་པགས་པས་གཡོགས་འདུག་པས་བརླ་རྐང་ཡང་འབོག་གིས་བཏུམས་པ་ཐག་གིས་ཆོད།སྲོག་ཆགས་འདྲ་མིན་དང་དེ་དག་གི་པགས་པ།སྤུ་བཅས་ཀྱིས་ཁོང་ལ་དྲོད་ཁོལ་སྦྱིན་རུང་དུས་ཚོད་ཉིན་རེ་བཞིན་འདས་དུས་ཁོ་གྲང་ཡོད་ངེས།
ཁོ་ནི་རི་མགོའི་ལུག་རྫི་ཞིག་ཡིན་ངེས་ལ་དེས་རང་གི་ལུག་ཁྱུ་རི་འདབས་སུ་སྐྱིལ་བའམ་གར་སོང་མ་ཤེས་པའི་ལུག་དེ་འཚོལ་བའི་གྲ་སྒྲིག་བྱས།ཁོས་འཁུར་བའ་རྡོག་ཁྲེས་ཀྱིས་ཁོ་རང་རྒྱང་ཐག་རིང་པོར་བསྐྱོད་པ་གསལ་བཤད་བྱེད་ཅིང་ཟངས་དབལ་གྱི་སྟ་རེ་དང་ཤིང་དབྱུག་གི་རྡོའི་བློ་གྲི།གཞུ་རྒྱུད་ལ་མ་དྲངས་པའི་ཉག་ཕྲན་མདའ་མོ་བཅུ་བཞི།དེ་དག་འཕེན་བྱེད་གཞུ་ཆག་རོ་ཞིག།ཁོས་ཁུར་བའི་རྡོག་ཁྲེས་ལྕི་བོ་དེ་འདེགས་ཕྱིར་ཤིང་དང་གོ་པགས་ཀྱིས་བཟོས་པའི་རྒྱབ་ཁུག་བཅས་བཅས་ཁུར་འདུག།ཙག་རླུང་དང་གྲང་ངར་ཆེ་བའི་མཚན་མོར་མེ་དྲོད་མཁོ་དུས་བུད་ཤིང་དང་སོལ་བ་རྡོག་ཙམ་ཡང་རྙེད་དཀའ་བའི་ས་ཆ་རུ་ཁོས་རི་ཁུལ་གྱི་མི་རྣམས་ལ་མེད་དུ་མི་རུང་བའི་མེ་རོ་འཛིན་ནུས་པའི་སྟག་པའི་ཤུན་པགས་ནང་མེ་ཁྱེར་དེ་ཉིད་རང་ལ་ནམ་དགོས་དུས་སུ་སྤྱོད་ཀྱིན་འདུག།
ཁོ་རང་གངས་ཁྲོད་དུ་ཡལ་ཞིང་ཕྱིར་རང་ཁྱིམ་ཏུ་ལོག་པ་འཕྱི་དྲགས་དུས་གཉེན་ཉེ་དུ་རྣམས་ཀྱིས་ཁོང་རང་བཙལ་ཞིང་ཁོའི་ལུས་སྟེང་དུ་བཀོད་པའི་ཁྲ་ཐིག་དང་རིན་ཐང་ཅན་གྱི་ཟངས་ཀྱི་སྟ་རེ་བཅས་ཉེ་དུ་ཀུན་ལ་རྒྱུས་མེད་མིན་པས་ཁོང་ཉིད་ངོས་འཛིན་བྱེད་པར་དཀའ་ཚེགས་བྲལ་ཡང་འཚོལ་སྙེགས་ཀྱི་དཔུང་རྩ་ལྷོད་པས་ཁོ་རང་ཁ་བའི་གོས་དཀར་གྱི་འོག་ཏུ་དུས་རབས་ནས་དུས་རབས་བར་ལྷག་ཅིང་སྤྱི་ལོ་1991་ཁོ་ནར་གངས་བཞུ་སྟེ།ཁོའི་ལུས་པོ་ཕྱི་རུ་བཏོན།