སྤུར་རྒྱལ་བོད།

བོད་བཙན་པོའི་གདུང་རྒྱུད་ཙོང་ཁ་རྒྱལ་པོ་དུས་སྐབས་ཀྱི་གྱི་ཐང་ཐུ་བྷོད་སྲིད་དབང་།

        ༄༅།།གྱི་ཐང་ཐུ་བྷོད་སྲིད་དབང་སྟེ།འདི་ནི་སུང་རྒྱལ་རབས་ཀྱི་སྐབས་སུ་མདོ་སྨད་བོད་རིགས་ཀྱིས་བཙུགས་པའི་གྱི་ཐང་མཁར་ལྟེ་བ་བྱས་པའི་བོད་རིགས་ཀྱི་ས་གནས་སྲིད་དབང་ཞིག་ཡིན།འདི་སྤྱི་ལོ་1008་ལོའི་སུང་ཀྲིན་ཙུང་གི་སྐབས་སུ་ཐོག་མར་བྱུང་བའི་རྒྱལ་སྲས་ནས་རྩིས་ཏེ།སྤྱི་ལོ་1116་ལོའི་སུང་ཝེ་ཙུང་གི་དུས་རྒྱལ་སྲས་ཀྱི་མངའ་ཁོངས་ཡོངས་སུ་རྫོགས་པ་སུང་རྒྱལ་རབས་ཀྱི་རྫོང་ཁོངས་སུ་བཙུད་པའི་བར་ཁྱོན་བསྡོམས་ལོ་ངོ་108་འདས་ཤིང་སྲིང་སྐྱོང་གི་མངའ་བདག་སྔ་ཕྱིར་རྒྱལ་སྲས།ལྡོང་བཙན།ཨ་ལི་གོ།བྱ་བཙན།ལུང་བཙན།ལུང་བཙན་གཞོན་པ་བཅས་རྒྱལ་པོ་དྲུག་བྱོན།དུས་རབས་དགུ་པ་ནས་བཅུ་གསུམ་གྱི་བར་ནི་བོད་སིལ་བུའི་སྐབས་དང་མདོ་སྨད་ཀྱི་ཙོང་ཁ་རྒྱལ་པོ་དང་མངའ་རིས་གུ་གེ་རྒྱལ་པོ་གཉིས་ནི་སྐབས་དེ་ཤེད་དུ་བོད་མི་རིགས་ཀྱིས་བཙུགས་པའི་ཆེས་སྟོབས་ཤུགས་ཅན་གྱི་སྲིད་དབང་གཉིས་རེད།ལྷག་པར་དུ་ཙོང་ཁའི་སྲིད་དབང་ནི་སྐབས་དེར་ཡུལ་དབུས་(中原)རྒྱལ་རབས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་དབང་ཞིག་རེད།དེ་བས་ཙོང་ཁའི་སྲིད་དབང་ལ་ཞིབ་འཇུག་གཏིང་ཟབ་ཅིག་བྱེད་པ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་སྣང་ཆུང་བྱ་ཐབས་བྲལ་བ་ཞིག་ཡིན།རྕོམ་ཡིག་འདིས་རྒྱལ་སྲས་དབང་བསྒྱུར་དུས་སྐབས་ཀྱི་ཙོང་ཁའི་སྲིད་དབང་གི་ལོ་རྒྱུས་ལ་ཅུང་མ་ལག་ཚང་བའི་རྟོག་ཞིབ་བྱས་ཏེ།འཐུས་སྒོ་ཚང་བའི་སྒྲོམ་གཞི་ཞིག་བསྐྲུན་པར་འབད་བརྩོན་བྱེད་ཀྱིན་ཡོད།
གཅིག །རྒྱལ་སྲས་སྲིད་དབང་མ་་བཙུགས་སྔོན་གྱི་ཧི་ལུང་河陇་ཀན་སུའུ་ཞིང་ཆེན་གྱི་ནུབ་རྒྱུད་ཁུལ་གྱི་གནས་བབ།
ཐང་མཇུག་གི་ལོ་རབས་ལྔའི་སྐབས་ཀྱི་ཀན་སུའུ་ནུབ་ཁུལ་གྱི་མི་རིགས་གནད་དོན་རྙོག་འཛིང་རང་བཞིན་དེ་ཀུན་གྱིས་ཤེས་གསལ་དུ་གྱུར་པའི་གནས་ཚུལ་ཞིག་རེད།སུང་རྒྱལ་རབས་བཙུགས་རྗེས་མི་རིགས་འདྲེས་མའི་རྣམ་པ་དེ་བས་ཀྱང་མངོན་གསལ་དོད་པོར་གྱུར།དཔེར་ན་ལུང་རིགས་龙族དང།ཐུང་ཅ通颊།ལྷོ་རི་南山།འ་ཞ་吐浑།ཐུ་ཇོ་突厥།བིན་མོ་塭末སོགས་མི་རིགས་སུ་འབོད་པའི་ཚོ་ཁག་རྣམས་མེད་པར་གྱུར།དེ་རྣམས་མི་ཉག་党项དང་།ཐུ་བྷོད།གྲུ་གུ་回纥བཅས་མི་རིགས་ཆེན་པོ་གསུམ་གྱི་སྡེ་ཁག་ཏུ་འཐིམ་སྟེ།ཀན་སུའུ་ནུབ་རྒྱུད་ཧྲིལ་བོ་རྩ་བའི་ཆ་ནས་རིགས་ཆེན་པོ་འདི་གསུམ་གྱིས་ཕན་ཚུན་དཔུང་ཤུགས་ངོམ་ས་ཞིག་ཏུ་གྱུར།ཞ་ཀྲིག་夏州་སྲིད་དབང་སྲོག་ཤིང་བྱས་པའི་མི་ཉག་འཕེལ་རྒྱས་སུ་ཕྱིན་པ་ཧ་ཅང་མགྱོགས་པས་མི་ཉག་ཚོ་དཔོན་ལི་ཇུས་ཆེན་གྱིས་སྤྱི་ལོ་982་ལོའི་སུང་ཐའེ་ཙུང་ལ་ངོ་ལོག་ཅིང་སྤྱི་ལོ་1002་ལོའི་སུང་ཀྲིན་ཙུང་གི་དུས་ལིན་ཀྲུའུ་灵州་འཕྲོག་པས་དེའི་སྟོབས་ཤུགས་དབྱར་གྱི་མཚོ་མོ་བཞིན་རྒྱས་ཏེ།མི་ཉག་ཚོ་བའི་རྒྱ་བསྐྱེད་ཀྱི་མིག་རྒྱང་ནུབ་ཕྱོགས་སུ་བསྲིངས་ཤིང་ནུབ་ཀྱི་བོད་དང་བྱང་གྲུ་གུའི་རྟ་རྒོད་བཅས་འཕྲོག་བཅོམ་བྱས་པས་ནུབ་བྱང་ཁུལ་གྱི་དབང་ཤེད་ཅན་དུ་གྱུར།སུང་ཀྲིན་ཙུང་གི་དུས་རོང་དྲུག་འཚོ་བའི་ཚོ་དཔོན་ཐོག་མ་འཕན་བློ་གྲོས་ལིས་ཇུས་ཆེན་གྱི་ཕྱོགས་གཏོགས་པའི་གཡོ་ཇུས་ཀྱིས་འཆི་ལམ་དུ་བརྫངས་རྗེས་མི་ཉག་ཚོ་དཔོན་ལིས་ཏིག་མིན་གྱིས་རོང་དྲུག་ཚོ་བ་ཟང་ཟིང་དུ་གྱུར་བའི་སྐབས་དང་བསྟུན་ནས་ལིང་ཀྲིག་凉州མཁར་གཏོར་བས་མི་ཉག་ཚོ་ཁག་གི་གཟི་རྔམ་གྱི་བ་དན་དགུང་དུ་བསྒྲེངས།དེ་དུས་ཀྲིང་ཕོས་张浦དེང་ལིང་ཀྲིག་མཁར་བླངས་པས་རྒྱལ་ཁའི་གཟི་རྔམ་དར་ཟིན་ཅེས་སྨྲས།འདིས་མི་ཉག་དང་།བོད།གྲུ་གུ་བཅས་རིགས་ཆེན་པོ་འདི་གསུམ་ཡུན་རིང་ལ་རྩ་བའི་སྟོབས་ཤུགས་མཉམ་གནས་བྱེད་པའི་གནས་བབ་རྨང་ནས་གཏོར་བས་བོད་དང་གྲུ་གུ་གཉིས་ཆགས་འཇིག་གི་གཡང་ལ་འཕངས།
ལིང་ཀྲིག་་་་་་་་་་་་་འཕན་བློ་གྲོས་འདས་རྗེས་རོང་དྲུག་ཚོ་བའི་སྲིད་དབང་གི་སྟོབས་ཤུགས་ཡོངས་སུ་ཟད་མེད་ལ་རོང་དྲུག་ཚོ་བའི་ཚོ་དཔོན་རྣམས་ཀྱིས་བསྐྱར་དུ་འཕན་བློ་གྲོས་ཀྱི་ནུ་བོ་བསེའུ་སྟོབས་རོང་དྲུག་ཚོ་བའི་མགོ་དཔོན་དུ་བསྐོས།བསེའུ་སྟོབས་ལ་བོད་ཀྱི་ཚོ་བ་རྣམས་ཀྱི་ཁྲོད་དུ་མཚན་སྙན་ཅུང་མཐོ་བར་སྣང་སྟེ།བཤད་སྲོལ་ལ་བསེའུ་སྟོབས་ནི་བརྟན་བརླིང་ཞི་འཇམ་ལྡན་པ་ཞིག་དང་།ཚོ་དཔོན་རྣམས་འདུ་ཐེངས་རེར་མཆོད་ཆང་གི་ཐོག་མ་ཁོང་ལ་འདྲེན་དགོས་ཤིང་དེའི་བཀའ་དང་འགལ་ཚེ་ཉེ་རིང་གི་དབྱེ་བ་མེད་པར་ཁྲིམས་ལ་སྦྱོར་བས་ཁུལ་དེའི་མི་རྣམས་ཀྱིས་ཁོང་ལ་བཀུར་བསྟི་བཟང་བོ་བྱེད་ཟེར།སུང་རྒྱལ་རབས་ཀྱིས་ཀྱང་ཁོང་ཉིད་དེ་མ་ཐག་ངོས་ལེན་མཛད་དེ་1004་ལོར་བསེའུ་སྟོབས་སའོ་ཧྥང་དམག་གི་བཀོད་འདོམ་པ་དང་།ལིན་ཀྲུའུ་ནུབ་མའི་ལྟ་ཞིབ་དཔོན།རོང་དྲུག་ཚོ་བའི་ཚོ་དཔོན་ཆེན་མོ་བཅས་སུ་བསྐོས་པར་མ་ཟད།ད་དུང་དཔལ་འབྱོར་དང་དམག་དོན་གཉིས་གྱི་ཐད་ནས་བསེའུ་སྟོབས་ཀྱི་སྲིད་དབང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་སྤྱི་ལོ་1004་ལོའི་ལོ་མཇུག་ཙམ་ལ་བསེའུ་སྟོབས་ཀྱིས་ལིང་ཀྲིག་མཁར་ཕྱིར་བླངས་ཏེ།སུང་རྒྱལ་རབས་དང་འབྲེལ་བ་དམ་ཟབ་བྱུང་ཡང་བོད་ཀྱི་ཚོ་ཁག་རྣམས་ཀྱི་ཁྲོད་བསེའུ་སྟོབས་ཀྱི་དབང་ཤུགས་དང་མི་སྒེར་གྱི་འཇོན་ཐང་བཅས་འཕན་བློ་གྲོས་ཀྱི་དོ་ཟླར་མ་འོངས་ལ་ལིང་ཀྲིག་凉州རོང་དྲུག་ཚོ་བའི་ནང་གི་མི་སྣ་གཉིས་པ་འབྲི་བོན་གཡུ་ལུང་འབུམ་རྩེས་རང་གི་མངའ་གཡོག་རྣམས་ཁྲིད་ནས་མི་ཉག་ཚོ་བར་མགོ་བཏགས་པས་བསེའུ་སྟོབས་ཀྱིས་དབང་བསྒྱུར་བའི་ཚོ་ཁག་གི་སྟོབས་ཤུགས་དེའང་འཕན་བློ་གྲོས་ཀྱི་དུས་སྐབས་ལས་དམན།སྐབས་དེ་ཤེད་དུ་སུང་རྒྱལ་རབས་ཀྱི་འཛིན་སྐྱོང་དཔོན་རིགས་ཤིག་གིས་འདི་ལྟར་བརྗོད་ཡོད་དེ།ཏིག་མིན་གྱིས་དུས་སྐབས་འདི་དམ་བཟུང་གིས་རོང་དྲུག་ཚོ་བར་རྒོལ་ན་སྙམ།འོན་ཏེ་འཕན་བློ་གྲོས་ད་དུང་བཞུགས་ཀྱང་ཏིག་མིན་འཛེམ་ཟོན་མི་དགོས།དེང་སང་འཕན་བློ་གྲོས་འདས་བཀྲོངས་སུ་ཕྱིན་པས་བསེའུ་སྟོབས་དེའི་དོ་ཡ་མིན་ཟེར།བསེའུ་སྟོབས་ཀྱི་སྣེ་ཁྲིད་འོག་མི་ཉག་ཚོ་ཁག་གི་ཚུར་རྒོལ་རྣམས་ལན་དུ་མར་ཕར་བསྐྲད་དེ་བསེའུ་སྟོབས་ཀྱིས་འགོ་ཁྲིད་པའི་ལིང་ཀྲིག་རོང་དྲུག་ཚོ་བ་མིང་ཐོག་ནས་ལོ་ངོ་བཅུ་ཙམ་ལ་གནས་ཀྱང་དོན་དངོས་ཐོག་ཀན་སུའུ་ནུབ་རྒྱུད་ཀྱི་བོད་ཀྱི་ཚོ་བ་རྣམས་སླར་ཡང་གཙོ་ཤུགས་དབེན་པའི་གནས་སུ་གྱར།བོད་མི་ཚོས་དཔའ་རིས་སུ་འབོད་པའི་རོང་དྲུག་ཚོ་དཔོན་བསེའུ་སྟོབས་ཀྱིས་ཀན་སུའུ་ནུབ་རྒྱུད་ཧྲིལ་པོའི་བོད་ཀྱི་ཚོ་ཁག་རྣམས་དབང་བསྒྱུར་བྱེད་མ་ཐུབ་པས་རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་ཙོང་ཁའི་ཚོ་བ་རྣམས་ཐོག་མར་ལིང་ཀྲིག་རོང་དྲུག་ཚོ་བ་ལས་བུད།ཅིན་ཏིག་ཁྲི་ལོ་དང་པོའི་སྐབས་སུ་ཙོང་ཁའི་ཚོ་བ་ནི་ད་དུང་ལིང་ཀྲིག་སྲིང་དབང་དུ་གཏོགས་པའི་ཚོ་བ་ཞིག་རེད།ཅིན་ཏིག་ཁྲི་ལོ་གསུམ་པ་སྤྱི་ལོ་1006་ལོར་ཙོང་ཁ་ཚོ་བས་རང་གི་ཚོ་བའི་མིང་ཐོག་ནས་ཐད་ཀར་དབང་ཤུགས་ཚད་མགོ་ཚུགས།སུང་གི་འདུ་ཚོགས་《宋会要。方域》ལས་ཅིན་ཏིག་ཁྲི་ལོ་གསུམ་པར་མི་ཉག་དང་།ཅའོ་ཀྲུའུ་交州།ནུབ་བོད།ལའོ་ནུབ་མ།大石།ལི་ཡུལ་龟兹ཡི་ཐན་于阗།ཀན་ཀྲུའུ་甘州  ཙོང་ཁ་བཅས་ཀྱིས་བཏེགས་པའི་སྐྱེས་འབུལ་བཞེས་ཞེས་བཀོད་ཅིང་འདིས་ཅིན་ཏིག་ཁྲི་ལོ་གསུམ་པའི་སྐབས་ཀྱི་ཙོང་ཁ་ཚོ་བས་རང་མགོ་ཐོན་ཏེ།སུང་གོང་མར་ལེགས་སྐྱེས་ཕུལ་པར་མ་ཟད།ད་དུང་སུང་གོང་མས་མཐོང་ཆེན་བྱས་ཏེ།ཙོང་ཁ་དེ་ཡི་ཐན་དང་ཀན་ཀྲིག།གྲུ་གུ་སྲིད་དབང་བཅས་གོ་གནས་གཅིག་ཏུ་སླེབས་པ་མཚོན་ཡོད།དེ་མིན་རྨ་ཆུ་དང་ཙོང་ཆུ་བཞུར་རྒྱུད་ཀྱི་བོད་མི་སྟེ།ཙོང་ཁའི་ཚོ་བ་རྣམས་ལིང་ཀྲིག་རོང་དྲུག་ཚོ་བ་ལས་གྱེས་ཏེ།རང་ཉིད་དར་རྒྱས་ཀྱི་ལམ་སྣེར་ཞུགས་མགོ་ཚུགས།སྐབས་འདིའི་ཤེད་དུ་བོད་ཀྱི་ཚོ་ཁག་མི་ཉུང་བ་ཞིག་ཀྱང་རོང་དྲུག་ཚོ་བའི་སྲིད་དབང་དང་བྲལ།བསྡུ་བསྒྲིགས་རིང་མོ་<<长遍>>ལས་སྤྱི་ལོ་1010་ལོར་ཝེ་ཀྲིག་渭州བོད་ཀྱི་ཚོ་དཔོན་ཁྲོ་ཁུག་ཙོང་绰克宗སུང་ལ་རྟ་འབུལ་བར་སླེབས།གྲོ་ཁུག་ཙོང་གིས་སྔར་ཁོང་ཞི་ལིང་གཞུང་西凉府གི་མངའ་གཏོགས་ཡིན་ལ་མི་ཉག་ཇུས་ཆེན་གྱིས་གཏོར་རྗེས་ཁན་ཀའོའི་龛谷ཕྱོགས་སུ་སྤར་ཞེས་བརྗོད།དེ་མིན་དེང་སང་མཚོ་སྔོན་རྨ་ཆུའི་ལྷོ་རྒྱུད་རྣམས་ཀྱང་ལིང་ཀྲིག་རོང་དྲུག་ཚོ་བའི་སྲིད་དབང་དང་གྱེས་འདུག།།<<长遍>>ལེའུ་ལྔ་བརྒྱ་བཅུ་མེད་བདུན་གྱི་གྱི་ཐང་ཟིན་ཐོ་ཞེས་པ་ལས།ཐོག་མར་རྒྱལ་སྲས་ཀྱི་སྤུན་བཀྲ་ཤིས་གཡུ་ལུང་གིས་རྨ་ཆུའི་ལྷོ་ཕྱོགས་ཀྱི་ཚོ་བ་རྣམས་བསྡུས་ནས་རྒྱལ་སྲས་དང་མངའ་ཁུལ་ཁག་བགོས་ཏེ་དབང་བསྒྱུར་བས་ཕན་ཚུན་ལ་ཐེ་གཏོགས་མི་བྱེད་ཟེར།སྔོན་གྱི་ཚོ་བ་རྣམས་རྨང་ནས་མ་ཉིལ་ཡང་དོན་དངོས་ཐོག་ཧི་ལུང་ཁུལ་ཧྲིལ་པོའི་བོད་ཀྱི་ཚོ་བར་དབང་བསྒྱུར་ཡང་དག་ཅིག་བྱེད་པའི་སྟོབས་ཤུགས་མེད་པ་བདེན་དཔང་བྱས།དེ་བས་དམག་ཤུགས་ཆེ་ཆེར་ལྡན་པའི་མི་ཉག་ཚོ་ཁག་གིས་རིམ་གྱིས་དབང་ཤུགས་བསྐྱེད་འོངས་དུས་གཅིག་གྱུར་མེད་པར་རང་ས་རང་བཟུང་དང་རང་དཔོན་རང་གིས་བྱེད་པའི་ཧི་ལུང་ཁུལ་གྱི་བོད་ཀྱི་ཚོ་ཁག་རྣམས་ངེས་པར་དུ་གཅིག་གྱུར་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་གྲུབ་པའི་སྲིད་དབང་ཅིག་ཏུ་གྱུར་ཏེ་མི་ཉག་ལ་རྒོལ་དགོས།དེ་མིན་ཚེ་མི་ཉག་ཚོ་ཁག་གིས་ཁྱུར་མིད་གཏོང་བའི་ལས་དབང་དེ་ལྡོག་དཀའ་བས་རྒྱལ་སྲས་ཀྱི་སྲིད་དབང་ནི་འདི་ལྟ་བུའི་གནས་བབས་འོག་བྱུང་བ་རེད།
གཉིས །ཙོང་ཁ་ཚོ་བའི་འཕེལ་རྒྱས་དང་རྒྱལ་སྲས་སྲིད་དབང་འཛུགས་སྐྲུན།
ཙོང་ཁ་ཚོ་བ་ལིང་ཀྲིག་རོང་དྲུག་ཚོ་བ་ལས་བུད་རྗེས་དེའི་སྟོབས་ཤུགས་ཉིན་རེ་བཞིན་འཕེལ་རྒྱས་བྱུང་།སྔར་རོང་དྲུག་ཚོ་བའི་ཁོངས་གཏོགས་སུ་གྱུར་པའི་དམེ་ནོ་ཚོ་ཆེན་ཡང་མ་པོ་ཚོ་བ་དང་མཉམ་དུ་ཙོང་ཁ་ཚོ་བའི་ནང་ཞུགས།འདི་ལྟར་ཚོ་ཁག་རྣམས་གཅིག་རྗེས་གཉིས་མཐུད་ངང་ཙོང་ཁ་ཚོ་བའི་ནང་ཞུགས་པས་དེའི་སྟོབས་ཤུགས་གློ་བུར་དུ་རྒྱ་བསྐྱེད་བྱུང་།སུང་ཀྲིན་ཙུང་ཀྲུང་ཞང་ཁྲི་ལོ་སྟེ།སྤྱི་ལོ་1008་ནང་1016་བར་ཙོང་ཁ་ཚོ་བ་རྨ་ཆུ་དང་ཙོང་ཆུ་རྒྱུད་ཀྱི་ཆེས་སྟོབས་ཤུགས་ལྡན་པའི་བོད་ཀྱི་ཚོ་ཆེན་ཞིག་ཏུ་གྱུར།རོང་དྲུག་ཚོ་བའི་ཀན་སུའུ་ལྷོ་རྒྱུད་ཀྱི་གོ་གནས་དེ་ཙོང་ཁའི་ཡུལ་ཁམས་ཀྱི་ཙོང་ཁ་ཚོ་བས་བཟུང་བ་འདི་ནི་ཟློག་དཀའ་བའི་ལོ་རྒྱུས་ཀྱི་འཕེལ་རྒྱས་རེད།
ཙོང་ཁ་ཚོ་བ་དེ་ཧ་ལམ་ཕྱོགས་ཁག་ཆེན་པོ་གཉིས་སུ་དབྱེ་ཆོག་སྟེ།གཅིག་ནི་ཙོང་ཁའི་མཁར་平安གྱི་ཀླུ་ལུ་བཙན་ཕྱོགས་ཁག་དང་།གཞན་ཞིག་ནི་མའོ་ཁྲོན་མཁར་乐都གྱི་བོན་པོ་ཆིས་ཕྱོགས་ཁག་རེད།ལིང་ཀྲིག་རོང་དྲུག་ཚོ་བ་རྨང་ནས་ཁ་འཐོར་དུ་མ་ཕྱིན་སྔོན་ལ་ཕྱོགས་ཁག་འདི་གཉིས་ལ་སྟོབས་ཤུགས་ཅི་ཙམ་ཡོད་དམ།དེ་ཡང་སུང་གི་འདུ་ཚོགས་《宋会要。蕃夷》ལས་སྐབས་ཤིག་ལ་ཙོང་ཁའི་ཀླུ་ལུ་བཙུན་དང་།རྒྱལ་སྲས།བོན་པོ་ཆིས་བཅས་ཀྱི་ས་ཁོངས་སུ་རུ་ཁྱིམ་རབ་ཏུ་འཕེལ་ཏེ།ཧྲག་དམག་ཁྲི་དྲུག་བདུན་ཙམ་བྱུང་ཞེས་བཀོད།འདིར་ཧྲག་དམག་ཅེས་བཀོད་པ་ནི་རྩལ་སྟོབས་ཀྱི་ཁོ་ལག་རྫོགས་པའི་དཔའ་རྟུལ་ཁོ་ན་ལས་ཙོང་ཁའི་དཔུང་དམག་ཡོངས་སུ་རྫོགས་པ་འདུས་མེད《宋会要。蕃夷》ནང་བོན་པོ་ཆིས་ཀྱི་ཚ་བོ་བོན་ནག་གྲི་ཡུམ་ཁྲི་སིས་温讷支郢成四་ཀྱིས་མའོ་ཁྲོན་ཚོ་དཔོན་གྱི་འགན་འཁུར་དུས་དེའི་མངའ་ཞབས་སུ་གྱུར་པའི་ཚོ་ཁག་ཉེར་བརྒྱད་ལ་ཕལ་ཆེར་རུ་དམག་ཁྲི་དྲུག་དང་བཞི་སྟོང་ཡོད་པར་འདོད།དེ་ནི་ཕྱིས་ཀྱི་ཀླུ་ལུ་བཙན་ཕྱོགས་ཁག་ཉམས་རྒུད་དང་འབྲེལ་བ་སྨོས་ག་ལ་དགོས།བསྡུ་བསྒྲིགས་རིང་མོ长编》ལེའུ་བརྒྱད་པའི་རྒྱལ་སྲས་དང་།ཀླུ་ལུ་བཙུན་གྱི་སྐབས་ཝང་ཏན་གྱིས་ཀྲུང་ཞང་ཁྲི་ལོ་དགུ་པར་རྒྱལ་སྲས་ཀྱིས་ཁྲིམས་ལུགས་གཏན་འབེལ་བྱས་ཏེ།རྒྱལ་ཁྲིམས་བཙུགས་པས་འབངས་མི་ཁྲི་གསུམ་ཙམ་གཅིག་གྱུར་བྱས་ཟེར།འདི་ནི་ཕལ་ཆེར་ཀླུ་ལུ་བཙུན་ཕྱོགས་ཁག་ལ་མངའ་ཞབས་འབངས་མི་ཁྲི་སུམ་ཅུ་ཙམ་དབང་པའི་མངའ་ཐང་ཆེས་དར་བའི་སྐབས་དང་བོན་པོ་ཆིས་ཕྱོགས་ཁག་གི་སྟོབས་ཤུགས་ཀྱང་ཕལ་ཆེར་དེ་དང་འདྲ་མཉམ་རེད།དུད་ཁྱིམ་རེ་ནས་དམག་རེ་དང་།དུད་ཁྱིམ་རེར་མི་ལྔ་རྩིས་ན་དེར་ཡང་མི་འབོར་ཁྲི་སུམ་ཅུ་ཙམ་དང་དམག་མི་ཁྲི་དྲུག་ལྷག་ཡོད་པ་རེད།
ད་དུང་ངེས་པར་དུ་གསལ་བཤད་ཅིག་བྱེད་དགོས་པ་ནི་ཙོང་ཁ་ཚོ་བའི་ནང་དབང་ཤུགས་ཆེས་ཆེ་བའི་ཕྱོགས་ཁག་རྣམ་གཉིས་ནི་རྩ་བ་ནས་ཐ་དད་པའི་ཆོས་ལུགས་ཀྱི་ཕྱོགས་ཁག་གཉིས་རེད།ཀླུ་ལུ་བཙན་ཕྱོགས་ཁག་ནི་ནང་པའི་བླ་དཔོན་ཚོས་དབུ་ཁྲིད་པའི་ཕྱོགས་ཁག་ཅིག་སྟེ།ཀླུ་ལུ་བཙུན་ལ་ཀླུ་བཙུན་ནམ་ཡང་ན་རིན་པོ་ཆེའང་ཟེར།བསྡུ་བསྒྲིགས་རིང་མོ་长编》ལེའུ་བརྒྱད་པར་ཀླུ་ལུ་བཙུན་ཐོག་མར་རབ་ཏུ་བྱུང་བ་དང་།ཕྱིས་སུ་ཁྱིམ་དུ་ལོག་ཅེས་བཀོད་འདུག།སུང་གི་འདུ་ཚོགས་《宋会要。蕃夷》བདུན་ཆའི་བཞིའི་ནང་དུ་ཀླུ་བཙུན་རབ་བྱུང་ནས་ཁྱིམ་པར་བབས་ཏེ།བོད་ཀྱི་ཚོ་བ་རྣམས་སུ་བཙུན་མོ་བཅོ་བརྒྱད་བླངས་པར་བཤད།འདི་ནི་སུང་གི་ཕོ་ཉའི་གོ་ནོར་ཡིན་པ་སྨོས་ག་ལ་དགོས།ཀླུ་ལུ་བཙུན་རབ་བྱུང་ནས་ཁྱིམ་པར་གྱུར་མེད་ལ་ཁོང་གིས་བོད་ཚོ་ཁག་རྣམས་ལས་བཙུན་མོ་བཅོ་བརྒྱད་བླངས་བས་ཁོང་ཁྱིམ་པ་བར་གྱུར་མེད་དེ།དེ་ནི་སྐབས་དེ་ཤེད་ཀྱི་བོད་ནང་བསྟན་གྱི་ཁྱད་ཆོས་ཤིག་རེད།ལྷོ་བྱང་སུང་གཉིས་ཀྱི་སྐབས་སུ་བོད་ཀྱི་ནང་ཆོས་དེ་བསྟན་པ་ཕྱི་དར་གྱི་སྐབས་ཏག་ཏག་ལ་འཁེལ་ཡོད་པས་སྐབས་དེར་གསང་སྔགས་ཀྱི་བསྟན་པ་ས་དར་རྡོ་དར་ལ་འགྲོ་བའི་དུས་རེད།གསང་སྔགས་ཀྱི་བསྟན་པས་སྡོམ་ཁྲིམས་ལ་གཙིགས་ཆེན་མི་བྱེད་པས་རབ་བྱུང་བ་ཚོས་ཆུང་མ་བསུས་ནས་བུ་ཕྲུག་སྐྱེས་ཆོག།གནས་བབ་འདི་སུང་གི་མིན་ཀྲིག་ཀོན་རིན་བསམ་གཏན་གླིང་གི་རྡོ་རིང་《岷州广仁禅院碑》སྟེང་དངོས་སུ་བཀོད་འདུག་ལ་དེར་ཀླུ་བཙུན་སྟོན་པར་རྒྱུས་ཆེ་བ་ལས་སྡོམ་ཁྲིམས་མི་ཤེས་ཤིང་ཁོང་ལ་ཆུང་མ་མང་བས་གཡེམ་སྦྱོར་དང་སྲོག་གཅོད་བྱེད་ཅིང་ཤ་ཆང་བག་མེད་དུ་སྤྱོད་ཟེར།སུང་གི་མི་རྣམས་ཀྱིས་ཀླུ་ལུ་བཙུན་གྱིས་ཆུང་མ་བླངས་བས་ཁྱིམ་པར་གྱུར་སྙམ་ཡང་།དོན་དམ་ཐོག་ཀླུ་ལུ་བཙུན་ཕྱོགས་ཁག་ནི་ཐོག་མཐའ་ཀུན་ཏུ་ནང་བའི་བླ་དཔོན་ཚོས་སྣེ་ཁྲིད་པའི་ཕྱོགས་ཁག་ཅིག་རེད།དེ་ལས་ལྡོག་སྟེ།བོན་པོ་ཆིས་ནི་བོན་ཀྱི་ཕྱོགས་ཁག་ཅིག་དང་།ཨ་མདོའི་སྐད་དུ་温逋དང་བོན་པོ་ཤིན་ཏུ་ཉེ་བས་ཆིན་རྒྱལ་རབས་སྐབས་ཀྱི་མིས་ཀྱང་བོན་པོ་ཞེས་བསྒྱུར་འདུག།ཙོང་ཁའི་ཡུལ་རྒྱུད་ནི་བོན་ཅུང་དར་ཁྱབ་ཆེ་བའི་ས་ཁུལ་ཞིག་སྟེ།ལྷག་པར་དུ་གླང་དར་གྱིས་བསྟན་པ་བསྣུབས་རྗེས་བོན་གྱི་བསྟན་པ་རབ་ཏུ་རྒྱས་ཤིང་ཤུགས་རྐྱེན་དེ་ད་ལྟའི་བར་ཁུངས་འདེད་ཐུབ་པ་ཞིག་ཆགས་ཡོད།མཚོ་ཤར་དང་།མཚོ་ལྷོ།རྨ་ལྷོ་སོགས་ས་ཁུལ་དུ་བོན་ལ་སྤྱི་ཚོགས་ཀྱི་རྨང་གཞི་ངེས་ཅན་ཞིག་ད་དུང་ཡང་གསོན་པོར་གནས་ཡོད།བོན་པོ་ཆིས་ཀྱི་བོན་པོ་ནི་ཀླུ་ལུ་བཙུན་གྱི་བཙུན་དང་འདྲ་བར་མི་སོ་སོའི་མཚན་གྱིས་ཕྱོགས་གཏོགས་སུ་གྱུར་པའི་ཁོ་ཚོའི་ཆོས་ལུགས་དེ་མཚོན་ཡོད།སྐབས་འདིར་མཐོང་ཐུབ་པ་ནི་ཙོང་ཁ་ཚོ་བའི་ནང་ཁུལ་གྱི་ཆགས་གྲུབ་དེ་ཀླུ་ལུ་བཙུན་གཙོ་བྱས་པའི་ནང་པའི་ཕྱོགས་ཁག་དང་།བོན་པོ་ཆིས་མགོ་ཁྲིད་པའི་བོན་ཆོས་ཕྱོགས་ཁག་གཉིས་རེད།མི་ཉག་ཚོ་ཁག་གི་བཙན་འཛུལ་ལ་རྒོལ་ཕྱིར་དད་ཡུལ་མི་གཅིག་པའི་བོད་ཀྱི་ཆོས་ལུགས་ཕྱོགས་ཁག་འདི་གཉིས་ཀྱི་ཐུན་མོང་གི་ཚོ་བ་ནི་ཙོང་ཁའི་ཚོ་ཆེན་རེད།ཚོ་ཁག་གཅིག་གི་ནང་དུ་སྟོབས་ཤུགས་མཉམ་གནས་བྱེད་པའི་ཕྱོགས་ཁག་གཉིས་བྱུང་བས་ཕྱོགས་གཅིག་གི་སྣེ་ཁྲིད་འོངས་ནས་ཚོ་བའི་དཔོན་བྱེད་པ་ནི་འོས་འཚམ་ཞིག་ག་ལ་ཡིན།འདི་ལྟར་ཕྱོགས་ཁག་གཉིས་པོའི་སྟོབས་ཤུགས་དོ་མཉམ་འོང་ཕྱིར་གཟུ་བོར་གནས་མཁན་ཞིག་མཁོ་བའི་སྐབས་ཏག་ཏག་ལ་བོད་བཙན་པོའི་གདུང་རྒྱུད་དུ་གྲགས་པའི་རྒྱལ་སྲས་ཧི་ཀྲིག་ཁུལ་ལ་འབྱོར་བས་འདིས་དར་ཞིང་རྒྱས་བཞིན་པའི་ཙོང་ཁ་ཚོ་བའི་འཕེལ་རྒྱས་ཀྱི་སྒོ་གླེགས་ཕྱེ།
རྒྱལ་སྲས་ཀྱི་སྐྱེས་ཁུངས་དང་འབྲེལ་བའི་གནད་དོན་ལ་བདག་གིས་སྡོམ་ཚིག་ཡེ་ནས་བཀོད་མ་མྱོངས་ལ་མིག་སྔར་ལག་སོན་བྱུང་བའི་རྒྱུ་ཆར་གཞིགས་ཚེ་རྒྱལ་སྲས་ནུབ་ཡུལ་ལམ་རྨ་ཙོང་ཆུ་བོའི་རྒྱུད་དུ་འཁྲུངས་མིན་དངོས་ནས་ཐག་གཅོད་བྱ་དཀའ་བར་སྣང་།ལོ་རྒྱུས་ཡིག་ཆར་བཀོད་པ་རྣམས་རྙོག་འཛིང་ཆེ་ལ་ཕན་ཚུན་འགལ་བ་ལྟག་སྤྲོད་དུ་གྱུར་པས་ལོ་རྒྱུས་དང་རིགས་ལམ་གཉིས་གཞི་གཅིག་ཏུ་སྦྲེལ་ཐབས་བྲལ་བར་འདུག།སུང་གི་ལོ་རྒྱུས་དང་།བསྡུ་བསྒྲིགས་རིམ་མོ长编》ལུང་ཕིན་ཕྱོགས་བསྡུས《隆瓶集》སོགས་སུ་རྒྱལ་སྲས་མང་ཡུལ་དུ་སྐྱེས་པར་བརྗོད་པ་དང་ལིག་ཆིན་ཕྱོགས་བསྡུས་《乐全集》གཙོས་རྒྱལ་སྲས་བསམ་ཡས་སུ་སྐྱེས་ཞེས་བཀོད།དེ་ལས་ཧྥང་ཀྲིག་ཕྱོགས་བསྡུས་ཀྲའོ་ཇིན་ཝང་གི་དུར་བྱང་方舟集。赵郡王墓志铭》ནང་རྒྱལ་སྲས་ཆུང་དུས་ནས་ཉིན་ཀྲིག་ཏུ་འཚར་ཞིང་སྐབས་དེའི་རྗེ་བོར་རང་ཅག་སུང་གིས་བོན་གཤིན་རྗེ་温希结ཟེར་ཞིང་བུ་གཉིས་བྱུང་ཞིང་དེ་ལ་བུན་ཞི་温希དང་།ཞི་ལེ་锡勒བཅས་སུ་བཏགས长编》གྱི་ཐང་ཟིན་ཐོར་ཐོག་མར་ཇ་ལུག་སི་ལེད་嘉勒斯赉 ཀྱི་སྤུན་བཀྲ་ཤིས་གཡུ་ལུང་འབུམ་ནི་ཙོང་ཁའི་ལྷོ་རྒྱུད་ཀྱི་ཚོ་དཔོན་དུ་བསྐོས་ཏེ།ཇ་ལུག་སི་ལེད་嘉勒斯赉དང་ལོགས་སུ་མངའ་ཁུལ་ལ་དབང་བསྒྱུར་བྱས་ཟེར།མཇུག་གི་བཤད་ཚུལ་འདི་གཉིས་ནི་གོང་གི་ཡིག་ཆའི་བཤད་སྒྲོས་དང་ཡོངས་སུ་འགལ་བར་མ་ཟད།ད་དུང་ཡིག་ཆ་འདི་དག་གཅིག་ལས་གཅིག་བཙུན་པས་གཅིག་དོར་གཉིས་ལེན་བྱ་དཀའ་བར་གྱུར།དེ་བས་ངས་སྔོན་ཆད་བྲིས་པའི་རྩོམ་ཡིག་འགའི་ནང་མཐའ་གཅིག་ཏུ་རྒྱལ་སྲས་དོན་དམ་ཐོག་ནུབ་ཡུལ་ལམ་རྨ་ཙོང་ཆུ་བོའི་ཕྱོགས་སུ་འཁྲུངས་མིན་ནི་ད་དུང་ཐག་གཅོད་དཀའ་བའི་གནས་རེད་ཅེས་ནན་བཤད་བྱས་མྱོང།
འོན་ཏེ་ཅུང་ཟད་ཡིད་རྟོན་འཕེལ་བ་ནི་སྤྱི་ལོ་1008་ལོར་རྒྱལ་སྲས་དགུང་ལོ་བཅུ་གཉིས་སྟེང་ཀན་ལྷོ་ཁུལ་དུ་འབྱོར།དེ་ཡང་སུང་བོད་ཀྱི་ལོ་རྒྱུས་སུ་རྒྱལ་སྲས་དགུང་ལོ་བཅུ་གཉིས་སྟེང་ཀན་ལྷོ་བསོད་ནམས་སྙིང་བྱམསགུང་ཐང་དུ་སྡོད་ཅིང་དེ་དུས་ཁོས་རྒྱལ་སྲས་ཀྱི་བྱད་བཞིན་སོགས་ཁྱད་པར་ཅན་དུ་མཐོང་བས་ཕྱིར་ཁྲིད་ནས་ཙིག་ཞིན་མཁར་དུ་བཞག་ཀྱང་རྒྱལ་སྲས་ཀྱིས་ཧི་ཀྲིག་ཏུ་རྒྱལ་ཁྲིམས་འཛུགས་འདོད་པས་ཀོ་མཁར公城དུ་གནས་སྤར་ཟེར།ལིག་ཆིན་ཕྱོགས་བསྡུས་《乐全集》ཀྱི་ས་བཅད་ཉེར་གཉིས་ཀྱི་ཆིན་ཀྲིག་རྒྱལ་སྲས་ཀྱི་བྱ་བ་སྙན་ཞུ་ཞེས་པ་ལས་ནུབ་བོད་མགོན་མེད་དུ་གྱུར་ཞིང་བོད་ཚོ་བའི་སུང་ཁྲང་སེའུ་ཡུམ་བསམ་ཡས་སུ་ལྷགས་ཏེ།རྒྱལ་སྲས་གདན་དྲངས་ཤིང་ཡུལ་ཁམས་དེར་མངའ་དབང་བསྒྱུར་ཏུ་བཅུག་ཅིང་དགུང་ལོ་བཅུ་གཉིས་སྟེང་ཧི་ཀྲིག་ཏུ་རྒྱལ་ཁྲིམས་འཛུགས་འདོད་སྐྱེས་ཞེས་བཀོད་འདུག།
          ཙིག་ཞིན་མཁར་ནི་དེང་སང་ཀན་སུའུ་བསང་ཆུ་རྫོང་གི་བྱང་ངོས་དང་།དེར་ཡུས་ཀོང་མཁར公城་ཟེར་ཞིང་དེ་ནི་དེང་སང་བསང་ཆུ་རྫོང་རྒན་རྒྱ་ས་ཁུལ་གྱི་སྲས་ལོ་ཁུང་斯柔城ཡིན་པ་དང་དེའི་རྗེས་ཤུལ་དེ་ད་ལྟའང་ལྷག་འདུག།སྲས་ལོ་ཁུང་ནི་རྒྱལ་སྲས་ཀྱི་སྒྲ་འགྱུར་དང་ང་ཚོས་མཐོང་ཐུབ་པ་ནི་རྒྱལ་སྲས་ཀྱི་ཧི་ཀྲིག་ཏུ་རྒྱལ་ཁྲིམས་འཛུགས་དུས་དེ་ནི་རྒྱལ་སྲས་སྲིད་དབང་འཛུགས་པའི་ཆེས་ཐོག་མའི་དུས་སྐབས་ཡིན་འོས་ལ་དེ་བས་རྒྱལ་སྲས་ཧི་ཀྲིག་ཁུལ་དུ་ཡུན་རིང་མ་བསྡད་པར་ལོ་དེ་ག་རང་ལ་ཙོང་ཁ་ཚོ་བའི་ཕྱོགས་ཁག་ཆེན་པོ་གཉིས་ཀྱི་མགོ་གཙོ་ཀླུ་ལུ་བཙུན་དང་བོན་པོ་ཆིས་གཉིས་ཀྱིས་བཙན་ཤེད་ཀྱིས་ཡར་གཟུར་མཁར་ཕྱོགས་སུ་བསྐྱལ་ཟེར།
          དེ་ཡང་སུང་བོད་ཀྱི་ལོ་རྒྱུས་ལས་ཙོང་ཁའི་བཙུན་པ་ཀླུ་ལུ་བཙུན་དང་མའོ་ཁྲོན་གྱི་ཚོ་དཔོན་བུན་པོ་ཆིས་གཉིས་ཀྱིས་རྒྱལ་སྲས་འཕྲོག་སྟེ།ཀོ་ཀྲིག་ཏུ་བཞག་ཟེར།འོ་ན་ཡིག་ཆ་ཅི་ཞིག་གིས་རྒྱལ་སྲས་ཀོ་ཀྲིག་ཏུ་འབྱོར་བའི་དུས་ནི་ཀྲུང་ཞང་ཁྲི་ལོ་ཡིན་པ་བདེན་དཔང་བྱེད་ཐུབ་བམ་ཞེ་ན།ཧྲན་ཐང་རྟོག་དཔྱོད་ཕྱོགས་བསྡུས་ཕྱི་མ《山堂考索后集》ས་བཅད་ཞེ་བཞི་རུ་འདི་ལ་ཚད་མའི་རྒྱབ་རྟེན་ཅུང་ཙམ་རྙེད་ཐུབ།དེ་ནི་ཀྲུང་ཞང་ཁྲི་ལོའི་ཟླ་བཅུ་གཅིག་པར་ཙོང་ཁའི་རྒྱལ་སྲས་ཀྱིས་རྟ་ཕུལ་ཞེས་པ་དེ་རེད།
          རྒྱལ་སྲས་ཙོང་ཁ་ཚོ་བའི་གྲས་སུ་བཞག་པ་མ་ཟད།ད་དུང་ཚོ་བའི་ཚོ་དཔོན་བྱས་ཏེ་སུང་རྒྱལ་ཁབ་ལ་སྐྱེས་འབུལ་བཏེགས་པ་འདིས་ཙོང་ཁའི་རྒྱལ་སྲས་སྲིད་དབང་དེ་སྤྱི་ལོ་1008་དེ།སུང་ཀྲིན་ཙུང་ཀྲུང་ཞང་ཁྲི་ལོར་དངོས་སུ་བཙུགས་པ་མཚོན།རྒྱལ་སྲས་དང་།ཀླུ་ལུ་བཙུན།བུན་པོ་ཆིས་བཅས་ཀྱིས་བཙུགས་པའི་དཔུང་ཁག་འདི་ནི་གཅིག་སྟོབས་གཉིས་ཀྱིས་ནོན་པའི་མགོ་ཁྲིད་རྣམས་འདུས་ནས་ཧི་ལུང་ཙོང་ཁ་ཚོ་བའི་ཁྲོད་བྱུང་བ་དང་རྒྱལ་སྲས་ཀྱི་མཚན་ལ་གཞུག་སྐྱོང་བོད་བཙན་པོ་ཞེས་སུ་བཏགས།
          ཀླུ་ལུ་བཙུན་དང་བུན་པོ་ཆིས་གཉིས་ཀྱིས་དགུང་ལོ་བཅུ་གཉིས་ཅན་གྱི་རྒྱལ་སྲས་བཙན་པོར་བསྐོས་པ་ནི་ཕྱོགས་གཉིས་ཀའི་དགོས་མཁོར་དམིགས་པ་ཞིག་སྟེ།
གཅིག།
ཙོང་ཁ་ཚོ་བའི་ནང་ཀླུ་བཙུན་དང་བོན་ཆིས་ཕྱོགས་ཁག་གཉིས་ཀྱི་སྟོབས་ཤུགས་མཉམ་གནས་བྱེད་དགོས་ཤིང་གོང་དུ་བརྗོད་པ་བཞིན་ཀླུ་བཙུན་དང་བོན་ཆིས་ཕྱོགས་ཁག་ནི་ཙོང་ཁ་ཚོ་བའི་ནང་སྟོབས་ཤུགས་མཉམ་པའི་ཕྱོགས་ཁག་ཆེན་པོ་གཉིས་ཡིན་པར་མ་ཟད།ད་དུང་ཕྱོགས་ཁག་སོ་སོས་དད་ཀྱིན་པའི་ཆོས་ལུགས་ཀྱང་ཐ་དད་པ་གཉིས་རེད།གལ་ཏེ་ཕྱི་དགྲ་མི་ཉག་ཚོགས་ཁག་གིས་བོད་ལ་བཙན་འཛུལ་དང་འཇིགས་སྐུལ་མ་བྱས་ཚེ་ཕྱོགས་ཁག་འདི་གཉིས་ཀྱིས་ཕན་ཚུན་དགྲར་འཛིན་པ་ནི་སྨོས་མེད་རེད།དེ་མིན་ད་སོ་མ་བཙུགས་མ་ཐག་པའི་ཙོང་ཁ་ཚོ་ཆེན་ནི་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་དགོས་པས་སུ་ཞིག་ཚོ་དཔོན་བྱེད་དགོས་པ་ནི་ངོ་མས་ཐག་གཅོད་བྱ་དཀའ་བ་ཞིག་རེད།འོན་ཏེ་བོད་བཙན་པོའི་གདུང་རྒྱུད་ཅིག་ཚོ་བའི་ཚོ་དཔོན་བསྐོས་ཚེ་གནད་དོན་འདི་ཐག་གཅོད་བྱེད་ཐུབ་པ་དང་།དེ་ནི་གཉིས་ཀས་དང་ལེན་བྱེད་ནུས་ལ་གཉིས་ཀས་བློ་ཡང་འབབ་ངེས།ཅིའི་ཕྱིར་ཅེ་ན།གཅིག་རྒྱལ་སྲས་ནི་བཙན་པོའི་གདུང་རྒྱུད་ཡིན་པ་དང་།ཙོང་ཁ་ཚོ་བའི་ཚོ་དཔོན་གྱི་གོ་གནས་ཁ་དོན་གཉིས་ནས་ཁོ་ལ་རན་འདུག།གཉིས་རྒྱལ་སྲས་ནི་ད་དུང་དགུང་ལོ་བཅུ་གཉིས་ལོན་པའི་བྱིས་པ་ཞིག་ཡིན་པས་ཁོ་ཚོ་རང་རང་གི་སྟོབས་ཤུགས་དང་དབང་ཆ་འཕྲོག་ངེས་སྙམ་པའི་སེམས་ཁྲལ་མེད།
གཉིས།
ཙོང་ཁ་ཚོ་བ་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པའི་དགོས་མཁོ།ཐུ་བྷོད་ཀྱི་སྲོལ་ནི་རིགས་གཙོ་བོར་འཛིན་ཞིང་དེར་ཀྲང་ཧྥང་ཕིན་གྱིས་ཏ་ཀྲུང་ཁྲི་ལོའི་རྗེས་སུ་ཐུ་བྷོད་ཀྱི་ཚོ་ཁག་རྣམས་ཉམས་དམས་སུ་སོང་ནའང་རིགས་ཀྱི་གཙོ་བོ་དེ་མཐའ་ཁུལ་གྱི་སྤྱང་རིགས་རྣམས་ཀྱི་ཁྲོད་སྔར་བཞིན་བརྩི་འཇོག་བྱེད་ཟེར་ལ་དེ་མིན་ཝང་ཡིན་གྱིས་ཀྱང་ནུབ་བོད་ཀྱི་རིགས་ཐམས་ཅད་མཆོག་ཏུ་བརྩི་ལ་དེ་ལས་བཙན་པོའི་རྒྱུད་དེ་བས་ཀྱང་མཆོག་ཏུ་བརྩི།བོད་བཙན་པོའི་གདུང་རྒྱུད་རྒྱལ་སྲས་ཚོ་དཔོན་དུ་བསྐོས་པ་ནི་སིལ་བུར་ཕྱིན་པའི་བོད་ཀྱི་ཚོ་བ་རྣམས་གཅིག་སྒྲིལ་གྱི་ནུས་པ་ཞིག་ཏུ་གྱུར་ཏེ།སྔར་ཡོད་ཀྱི་ཙོང་ཁའི་འོག་གི་ཚོ་བ་རྣམས་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་མཉམ་གནས་འོང་བར་སྐུལ་འདེད་བྱས་པར་མ་ཟད།དར་གྱིན་པའི་ཙོང་ཁའི་ཚོ་བ་འཕེལ་རྒྱས་དང་རྒྱ་བསྐྱེད་བཏང་བས་རྒྱལ་སྲས་ཙོང་ཁའི་ཚོ་དཔོན་དུ་གྱུར་པའི་རྗེས་སུ་ལོ་རྒྱུས་ཐོག་བོད་ཀྱི་ཚོ་བ་རྣམས་གཅིག་གྱུར་བྱུང་སྟེ།དཔུང་སྟོབས་རྒྱས་པས་རོང་དྲུག་ཚོ་བའི་བསེའུ་སྟོབས་ཀྱིས་ཀྱང་རང་གི་མངའ་ཞབས་རྣམས་ཁྲིད་ནས་རྒྱལ་སྲས་ལ་མགོ་བཏགས་ཟེར།
སུང་གི་འདུ་ཚོགས་《宋会要。蕃夷》ལས་ཀྲུང་ཞང་ཁྲི་ལོ་བརྒྱད་པའི་ཟླ་བཅུ་བར་ཙོང་ཁ་ཚོ་བའི་བསེའུ་སྟོབས་ཀྱིས་ཕོ་ཉ་མངགས་ཏེ།སྐྱེས་འབུལ་བཏེགས་ཞེས་བཀོད་ཅིང་བསེའུ་སྟོབས་སྔར་རོང་དྲུག་ཚོ་བའི་ཁོངས་ཡིན་ལ་ད་ནི་ཙོང་ཁའི་ཁོངས་གཏོགས་སུ་གྱུར།མངོན་གསལ་ལྡན་པ་ནི་ཀྲུང་ཞང་ཁྲི་ལོ་བརྒྱད་པར་བསེའུ་སྟོབས་ཀྱིས་རོང་དྲུག་བོད་མི་རྣམས་ཁྲིད་ན་རྒྱལ་སྲས་ཀྱིས་དབུ་ཁྲིད་པའི་ཙོང་ཁའི་ཚོ་བར་ཞུགས།ཡང་བསྡུ་བསྒྲིགས་རིང་མོ་长编》ལས་ཀྲུང་ཞང་ཁྲི་ལོ་བརྒྱད་པའི་ཟླ་བ་བརྒྱད་པ་ལ་རྒྱལ་སྲས་ཀྱི་ཕྱོགས་གཏོགས་ལིག་ཝང་ཧྲིས་刘王叔ཅིན་པོ་ཅིས青波吉མངགས་ཏེ།རྒྱལ་སྲས་ལ་ཉེ་ཆར་ཞི་ལིང་གཞུང་གི་བསེའུ་སྟོབས་ཀྱི་དཔུང་དམག་ཁྲི་བཅུས་བྱང་རྒྱུད་ཚོ་བ་བཅོམ་ཟེར།གང་ལྟར་བསེའུ་སྟོབས་ཀྱིས་རོང་དྲུག་ཁུལ་གྱི་བོད་མི་ཁྲི་བཅུ་ལྷག་ཁྲིད་དེ་ཙོང་ཁའི་ཚོ་བར་ཞུགས་པས་དེས་རྒྱལ་སྲས་སྲིད་དབང་དེ་སྐད་ཅིག་ཉིད་ལ་འཕེལ་རྒྱས་སུ་སོང་།
       
གསུམ །རྒྱལ་སྲས་སྲིད་དབང་གི་འཕེལ་རྒྱ་དང་དེའི་ནང་ཁུལ་གྱི་འཐོར་ཞིག
          རྒྱལ་སྲས་སྲིད་དབང་འཛུགས་སྐྲུན་གྱི་ཐོག་མའི་དུས་རིམ་ནི་ཙོང་ཁ་ཚོ་བའི་རྣམ་པ་བྱུང་བ་ནས་ཡིན་ཀྱང་ཙོང་ཁ་ཚོ་བའི་མགོ་ཁྲིད་ནི་རྒྱལ་སྲས་དང་།ཀླུ་ལུ་བཙུན།བོན་པོ་ཆིས་བཅས་ཕྱོགས་ཁག་གསུམ་གྱི་སྒྲོམ་གཞི་ལས་གྲུབ་ཡོད།དེ་ལས་རྒྱལ་སྲས་ནི་ཙོང་ཁའི་ཚོ་བ་འཕེལ་རྒྱས་སུ་འགྲོ་བའི་དཔུང་སྣ་ཡིན་པར་མ་ཟད།ཀླུ་ལུ་བཙུན་དང་བུན་པོ་ཆིས་གཉིས་ཀྱི་དབང་ཤུགས་བཙན་གཉོམ་མི་ཤོར་བའི་རྒྱ་རྡོའང་ཡིན་པས་རྒྱལ་སྲས་སྲིད་དབང་བཙུགས་པའི་ཉིན་དང་པོ་ནས་བཟུང་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པའི་ནུས་ཤུགས་དང་ནང་ཁུལ་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་རྣམས་མཉམ་གནས་བྱས་ཡོད་པ་རེད།རྒྱལ་སྲས་སྲིད་དབང་འཕེལ་རྒྱས་སུ་ཕྱིན་པའི་གོ་རིམ་ཧྲིལ་པོའི་ཁྲོད་ནང་ཁུལ་འཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྣམས་མགོ་མཇུག་ཀུན་ཏུ་གནས་འདུག།ང་ཚོས་རྒྱལ་སྲས་སྲིད་དབང་དེ་ཕལ་ཆེ་བ་རྒྱ་བསྐྱེད་ཀྱི་གོ་རིམ་ཆེན་པོ་གསུམ་དང་འཐོར་ཞིག་གི་དུས་རིམ་ཆེན་པོ་གསུམ་དུ་བགོས་ཆོག་ལ་དེ་ནི་དར་རྒུད་དང་ཆགས་འཇིག་མོད་པས་འདི་ནི་རྒྱལ་སྲས་སྲིད་དབང་གི་ཁྱད་ཆོས་ཤིག་ཏུ་རྩིས་ཆོག
          སྤྱི་ལོ་1008་ལོར་ཀླུ་ལུ་བཙུན་དང་།བོན་པོ་ཆིས་གཉིས་ཀྱིས་རྒྱལ་སྲས་བཙན་གྱིས་ཡར་གཟུར་མཁར་ཕྱོགས་སུ་ཁྲིད་རྗེས་ཐོག་མར་རྒྱལ་ཁྲིམས་བཙུགས་ཏེ།རྒྱལ་སྲས་བོད་བཙན་པོའི་རྗེས་སྐྱོང་དུ་བསྐོས།རྒྱལ་སྲས་ཞེས་པའི་མཚན་དེ་ཕྱིས་ཧི་ཀྲིག་ཁུལ་དུ་འབྱོར་རྗེས་བསྒྱུར་ཞིང་དེ་སྔོན་ལ་སུང་ཁྲང་སི་ཅིན་ཟེར་ཞིང་ཞན་ཕིན་ཁྲི་ལོའི་ལོ་དཀྱིལ་ལ་ཧི་ཀྲིག་ཏུ་འབྱོར་ནས་རྒྱལ་ཁྲིམས་འཛུགས་རྩིས་བྱས་ཤིང་དེ་དུས་མཚན་བསྒྱུར་ནས་རྒྱལ་སྲས་བཏགས།གལ་ཏེ་ལི་ཧྲིས་མཛད་པའི་ཀྲའོ་ཇིན་ཝང་གི་དུར་བྱང་赵郡王墓志铭》ཞེས་པ་ཡིད་རྟོན་རུང་བ་ཞིག་ཡིན་ན་རྒྱལ་སྲས་ཀྱི་མཚན་ངོ་མ་ནི་ཞི་ལུག་锡勒ཡིན་འོས།རྒྱལ་སྲས་ཞེས་སུ་བསྒྱུར་བའི་མཚན་འདི་ལ་བོད་སྐད་ཀྱི་ཁྲོད་དུ་རྒྱལ་བོའི་སྲས་སམ་རྒྱལ་རིགས་ཞེས་པའི་དོན་འདུས་ཤིང་གང་ལྟར་དེ་དབང་བསྒྱུར་བ་ཞིག་གི་མཚན་ཡིན་པས་མདོར་འདྲིལ་ན་དེ་ནི་ཀྲུང་གོའི་གནམ་སྲས་ཞེས་པ་དང་གཅིག་འདྲ་རེད།ཙོང་ཁ་ཚོ་བས་རྒྱལ་སྲས་ཞེས་བཙན་པོའི་གདུང་རྒྱུད་འདི་ཡར་བཏེགས་པ་ནས་བཟུང་ཚོ་བ་དེ་འཕེལ་རྒྱས་མགྱོགས་ཤིང་ཧི་ལུང་ཁུལ་གྱི་བོད་ཚོ་བ་རྣམས་རིམ་གྱིས་རྡོག་རྩ་གཅིག་ཏུ་སྒྲིལ།ཀྲུང་ཞང་ཁྲི་ལོ་བདུན་པ་དང་བརྒྱད་པ་སྟེ།སྤྱི་ལོ་1014་དང་1015་གཉིས་ནི་ཙོང་ཁ་ཚོ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་རེད།ཡིན་ནའང་སྣང་འཇོག་བྱ་དགོས་པ་ཞིག་ནི་ཀྲུང་ཞང་ཁྲི་ལོ་བདུན་པར་རྒྱལ་སྲས་སྲིད་དབང་གི་ཕོ་བྲང་རྨ་ཆུའི་བྱང་རྒྱུད་ཀྱི་ཡར་གཟུར་མཁར་ནས་ཙོང་ཆུའི་བྱང་རྒྱུད་ཀྱི་ཙོང་ཁ་གྲོང་དུ་སྤར།ཙོང་ཁ་གྲོང་ཁྱེར་ནི་ཀླུ་བཙུན་ཕྱོགས་ཁག་གི་གནས་གཞི་ཆེ་ཤོས་ཡིན་པ་དང་གྲོང་ཁྱེར་དེར་གནས་སྤར་རྗེས་ཀླུ་ལུ་བཙུན་ཁོང་གི་བློན་པོ་བྱས།འདིས་ཙོང་ཁ་ཚོ་བའི་ཁྲོད་རྒྱལ་སྲས་སྲིད་དབང་གི་གཙོ་ཤུགས་ཀླུ་བཙུན་ཕྱོགས་སུ་ཤོར་ཞིང་བོན་པོ་ཆིས་ཙོང་ཁ་ཚོ་བའི་ཁྲོད་ཀྱི་མི་སྣ་གསུམ་པར་གྱུར་པ་གསལ་བཤད་བྱེད་ཐུབ།ཕྱོགས་རིས་རང་བཞིན་འདི་ཕལ་ཆེར་འདི་རྒྱལ་སྲས་དང་ཀླུ་བཙུན་ཕྱོགས་ཁག་བར་གྱི་གཉེན་འབྲེལ་ལ་རག་ལས་སྙམ་ལ་ལིག་ཆིན་ཕྱོགས་བསྡུས《乐全集》ས་བཅད་གཉིས་པར་ཙོང་ཁ་གྲོང་ཁྱེར་དུ་གནས་སྤར་བ་དང་བསྟུན་ཀླུ་ལུ་བཙུན་གྱི་བུ་མོ་བཙུན་མོར་བསུས་ཞེས་བརྗོད་འདུག།སུང་བོད་ཀྱི་ལོ་རྒྱུས་ལས་ཀྱང་རྒྱལ་སྲས་ཀྱིས་ཀླུ་ལུ་བཙུན་གྱི་བུ་མོ་གཉིས་ཀ་བཙུན་མོར་བསྟེན་ཞེས་བཀོད།དོན་དངོས་ཐོག་གཉེན་འབྲེལ་འདི་ནི་ཕྱོགས་གཉིས་ཀའི་དགོས་མཁོར་དམིགས་ནས་ཀླུ་ལུ་བཙུན་གྱིས་རང་གི་བུ་མོ་རྒྱལ་སྲས་ལ་སྤྲད་པས་བོད་ཀྱི་བཙན་པོ་ཁྱིམ་རྒྱུད་དང་ཐག་ཉེ་རུ་ཕྱིན་པ་ལས་གཞན།ད་དུང་བཙན་པོ་འདི་ཚོད་འཛིན་བྱ་བར་དེ་བས་སྟབས་བདེ་རུ་ཕྱིན་མོད་རིམ་གྱིས་ནར་སོན་པའི་རྒྱལ་སྲས་ལ་མཚོན་ན།ཀླུ་ལུ་བཙུན་ལྟ་བུའི་དངོས་ཤུགས་ཕྱོགས་ཁག་གིས་ཁོང་རང་གི་སྲིད་གཞུང་ལ་རམ་འདེགས་བྱས་བས་ཁོས་ཙོང་ཁར་དེ་བས་ཀྱང་དབང་བསྒྱུར་བྱ་ཐུབ་པར་གྱུར།ཀླུ་ལུ་བཙུན་ཙོང་ཁ་ཚོ་བའི་དབང་འཛིན་མི་སྣར་གྱུར་པ་མ་ཟད།་ད་དུང་དམིགས་བསལ་གྱི་དབང་ཤུགས་ལྡན་པའི་ཧམ་ཤེད་ཅན་དུ་གྱུར་པས་ཚོ་བའི་ཁྲོད་ཀྱི་མི་རྣམས་ཁོ་ལ་ཞེ་འཁུན།ལོ་རྒྱུས་ཁྲོད་དུ་གོང་འོག་ཐམས་ཅད་སྡང་ནས་འབངས་སེམས་དཀྲུགས་ཤིང་ཚོ་བའི་ཆིག་སྒྲིལ་བོར་ཞེས་བཀོད་འདུག།ཁོར་དབང་བའི་སྟོབས་ཤུགས་ཀྱི་རྐྱེན་ཀྱིས་ཀླུ་བཙུན་ཧམ་སེམས་ཇེ་ཆེར་གྱུར་ནས་བསྟུད་མར་སུང་གོང་མར་ཁོང་ལ་བཙན་པོའི་གོ་གནས་སྤྲོད་པའི་རེ་སྐུལ་དང་སུང་གོང་མའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་སྲས་ཀྱི་གོ་གནས་རང་གིས་ཧམ་བཟུང་བྱེད་རྩིས་བྱས།སུང་རྒྱལ་ཁབ་ཀླུ་བཙུན་བཙན་པོར་བཞེངས་འདོད་ཀྱི་མོས་པ་དེར་མོས་མཐུན་མེད་ནའང་རོང་དྲུག་ཚོ་བའི་བསེའུ་སྟོབས་བཞིན་ཀླུ་ལུ་བཙུན་ལ་ཁུལ་བདེ་སྲུང་དཔོན་གྱི་གོ་གནས་སྤྲད་ཅིང་དེའི་ཡར་སྔོན་དུ་སུང་སྲིད་གཞུང་གིས་རྒྱལ་སྲས་ལ་ཐད་བསྐོས་ལྟ་ཞིབ་དཔོན་གྱི་མིང་ཙམ་བསྩལ།དམིགས་ཡུལ་མི་གསལ་བའི་སུང་སྲིད་གཞུང་གི་གོ་གནས་འདིས་གནད་དོན་ཞིག་གསལ་བཤད་བྱ་ཐུབ་སྟེ།དེ་ནི་སྐབས་དེ་ཤེད་ཀྱི་སུང་སྲིད་གཞུང་གི་དཔོན་རིགས་རྣམས་གསར་དུ་དར་ཞིང་རྒྱས་པའི་ཙོང་ཁ་ཐུ་བྷོད་ཚོ་བའི་ནང་ཁུལ་ལ་ད་དུང་རྩ་བ་ནས་རྒྱུས་མངའ་མེད་ཅིང་ཁོ་ཚོས་རྟོགས་པ་ནི་ཀླུ་ལུ་བཙུན་དེ་ཁུལ་དེའི་ཐུ་བྷོད་ཚོ་བའི་ནང་གི་དངོས་ཤུགས་ཅན་གྱི་མི་སྣ་ཞིག་ཡིན་པ་དེ་རེད།
          སུང་སྲིད་གཞུང་གིས་མགོ་རྟིང་སློག་སྟེ།སྤྲད་པའི་གོ་གནས་དེ་ནི་དགུང་ན་ཉི་ཤུ་ལོན་པའི་ཐུ་བྷོད་ཀྱི་བཙན་པོར་མཚོན་ན་འཁོན་སེམས་མི་སྐྱེས་ཐབས་མེད་དུ་གྱུར་པའི་གནས་ཤིག་རེད།ཞིབ་འཇུག་པ་མང་པོ་ཞིག་གི་བསམ་པར་རྒྱལ་སྲས་ཀླུ་ལུ་བཙུན་གྱི་དབང་འོག་ཏུ་ཤོར་ཏེ།ཅི་བྱ་གཏོལ་མེད་དུ་གྱུར་སྙམ།དངོས་ཡོད་ཐོག་དེ་འདྲ་ཞིག་མིན་པར་རྒྱལ་སྲས་བཙན་པོ་བྱས་པའི་ལོ་ངོ་བདུན་བརྒྱད་ཙམ་གྱི་ནང་དུ་ཁོས་རིམ་གྱིས་རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་དེ་ཐུ་བྷོད་ཚོ་བའི་ཁྲོད་གཟི་རྔམ་མི་དམན་པ་ཞིག་བསྐྲུན་འདུག།དེ་ལྟར་སུང་སྲིད་གཞུང་ལ་ཞེ་ཁུན་ཞིང་ཡིད་མ་རངས་པས་ཀྲུང་ཞང་ཁྲི་ལོ་བརྒྱད་པ་དང་དགུ་པར་ཁོས་སུང་གི་མཐའ་མཚམས་སུ་དམག་དྲངས་ནས་བཙན་འཛུལ་བྱས།ལིག་ཆེན་ཕྱོགས་བསྡུས་《乐全集》གཉིས་པར་ཀྲུང་ཞང་ཁྲི་ལོ་བརྒྱད་པའི་སྟོན་ཁར་རྒྱལ་སྲས་ཀྱིས་ཐུ་བྷོད་ཚོ་བའི་ཏུའུ་ཙའོ་ཆིན་ཀྲིག་秦州ཤར་བྱང་གི་ཏོན་ཐིག་རི་བོར་断头山མངགས་ཏེ།ཐུ་བྷོད་ཚོ་བར་རྒྱལ་ཁྲིམས་ཟུར་དུ་འཛུགས་པའི་ངན་སྐུལ་བྱས།ཡང་ཀྲུང་ཞང་ཁྲི་ལོ་དགུ་བའི་དཔྱིད་ཀར་ལྷོ་གྲོང་ཐུ་བྷོད་ཚོ་བའི་གོ་སིས་郭斯རྒྱལ་སྲས་གདན་དྲངས།ཁོས་ཡང་བསྐྱར་ཀླུ་བཙུན་དང་ཡིས་ཅའོ་ཁྲན་鱼角蝉སོགས་ལ་དམག་ཁྲིད་ནས་མཐའ་ཁུལ་བཅོམ་དུ་བཅུག་ཟེར།
བསྡུ་བསྒྲིགས་རིང་མོ་长编》ས་བཅད་བརྒྱད་པར་ཀྲུང་ཞང་ཁྲི་ལོ་དགུ་བའི་ཟླ་དྲུག་པར་རྒྱལ་སྲས་ཀྱིས་ཝེ་ཀྲིག་མཐའ་ཁུལ་དུ་མི་མངགས་ཏེ།དུད་སྡེ་རྣམས་དཀྲུགས་ཤིང་དཔྱ་ཁྲལ་བསྡུས།ཁྲལ་མི་སྤྲོད་པའི་དུད་སྡེ་རྣམས་གཏོར་ཅེས་བཀོད།
          སུང་བོད་ཀྱི་ལོ་རྒྱུས་སུ་ཙོང་ཁ་རྒྱལ་སྲས་དང་།མ་པོ་འཕྲིན་ལས马波叱腊 །ཡིས་ཅའོ་ཁྲན་སོགས་ཀྱིས་མ་ཞན་ཧྲན་དང་།ལན་ཀྲིག།ཁན་ཀའོ།ཀྲན་མའོ་ཧྲན།ཀྲའོ་ཀྲིག།ཧི་ཀྲིག་སོགས་ཀྱི་སྤྱང་དམག་ཁྲིད་ནས་ཆང་ཀྲད་ལུང་གསུམ་དབང་དུ་བསྡུས་ཞེས་བརྗོད།དེ་ཡང་ལུང་ཕིན་ཕྱོགས་བསྡུས隆平集》ས་བཅད་གཉིས་པར་རྒྱལ་སྲས་ཀྱིས་ཀླུ་བཙུན་ལ་དཔུང་དམག་ཁྲི་བརྒྱད་ཁྲིད་ནས་ཆིན་ཀྲིག་གི་དུད་ཁྱིམ་རྣམས་བཅོམ་དུ་བཅུག་ཟེར།
          རྒྱལ་སྲས་དང་ཀླུ་བཙུན་གཉིས་ཀྱིས་ཐེངས་འདིའི་སུང་གི་མཐའ་ཁུལ་གྱི་ཆིན་ཀྲིག་秦州ཏུ་བཙན་འཛུལ་བྱས་པ་དེར་ཚའོ་ཝེ་曹玮ཡིས་རྒོལ་ལན་སློག་པས་ལུང་གསུམ་གཡུལ་འགྱེད་ཁྲོད་རྒྱལ་སྲས་དང་ཀླུ་ལུ་བཙུན་ཚའོ་ ཝེ་曹玮ཡིས་ཕམ་ཉེས་སྤྲད་ཅིང་བྱང་རྒྱུད་ཁུལ་གྱི་ས་ལེ་དབར་ཉི་ཤུ་མཚམས་སུ་དམག་མི་སྟོང་ཕྲག་གི་མགོ་བྲེགས་ཤིང་མི་བདུན་གསོན་པོར་བཟུང་ལ་དེ་མིན་རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་དང་།གྱོན་གོས།དམག་ཆས་བཅས་སུམ་ཁྲི་སུམ་སྟོང་ཙམ་ལོན་ཅེས་བཀོད།ལུང་གསུམ་གཡུལ་འགྱེད་ཀྱི་རྗེས་སུ་རྒྱལ་སྲས་ཀྱི་གཟི་རྔམ་བོར་ཞིང་ཧི་དང་ཀྲའོ།ལན་བཅས་ཁུལ་གསུམ་དང་།ཨན་ཅང་安江།མའོ་ཏུན་妙敦།མའོ་ཁྲོན།ཏང་ཕུ་党逋སོགས་ཀྱི་སྤྱང་རྣམས་ཙོང་ཁ་བྲལ་ཏེ།རང་ཁྲིམས་བཙུགས་ཤིང་ནང་ཁུལ་དུ་ཁྲལ་བསྡུས་ཟེར།ཙོང་ཁའི་རྒྱལ་ཁྲིམས་བཤིག་པ་དང་ཙོང་ཁ་ཚོ་བ་སིལ་བུར་འཐོར་བ་ཁྱབ་བསྒྲགས་བྱས་པས་རྒྱལ་སྲས་དང་ཀླུ་བཙུན་གཉིས་དབར་གྱི་འགལ་བ་གཏིང་ཇེ་ཟབ་ཏུ་ཕྱིན་ཏེ།ཁོང་གཉིས་གཏན་ནས་ཁ་བྲལ་དུ་ཕྱིན་ཅིང་རྒྱལ་སྲས་ཀྱིས་རང་གི་མངའ་ཞབས་རྣམས་ཁྲིད་དེ་ཀླུ་ལུ་བཙུན་དང་གྱེས་ཏེ།མའོ་ཁྲོན་མཁར་གྱི་ཚོ་དཔོན་བོན་པོ་ཆིས་ལ་མགོ་བཏགས་པས་འདི་ནི་རྒྱལ་སྲས་སྲིད་དབང་བཙུགས་རྗེས་ཀྱི་གོད་ཆག་དང་པོ་རེད།
          རྒྱལ་སྲས་མའོ་ཁྲོན་ཕྱོགས་སུ་གནས་སྤར་བ་ནི་ཐན་ཧྲིན་ཁྲི་ལོ་གཉིས་པའི་རྗེས་ཀྱི་དོན་ཡིན་འོས་ཏེ།མའོ་ཁྲོན་ནི་བུན་པོ་ཆིས་དབང་ཤུགས་ཀྱི་མངའ་ཁོངས་ཡིན་ལ་རྒྱལ་སྲས་མའོ་ཁྲོན་དུ་འབྱོར་རྗེས་བོན་པོ་ཆུས་ཀྱང་བློན་པོར་བསྐོས་ཤིང་དེའི་དམིགས་འབེན་ནི་བོན་པོ་ཆུས་ཀྱི་དབང་ཤུགས་སྤྱད་དེ་རང་ཉིད་ཀྱི་སྟོབས་ཤུགས་སླར་གསོ་བྱ་རྒྱུ་དེ་རེད།རྒྱལ་སྲས་ཀྱི་གཉེན་དོན་ཐོག་མ་ནི་ཀྲུང་ཞང་ཁྲི་ལོ་བདུན་པ་སྟེ།དགུང་ན་བཅོ་བརྒྱད་རེད།སྐབས་དེའི་སྟོབས་ཤུགས་དེ་ད་དུང་ཤིན་ཏུ་གཉོམ་པས་རྒྱལ་སྲས་ཀྱིས་ཀླུ་བཙུན་ཕྱོགས་ཁག་དང་ཆབ་སྲིད་ཀྱི་གཉེན་བཟུང་སྟེ།རང་ཉིད་ཀྱི་མངའ་ཐང་རྒྱ་བསྐྱེད་འདོད་པ་ནི་མངོན་གསལ་ཧ་ཅང་དོད་པོ་རེད།ཀླུ་ལུ་བཙུན་གྱི་ཉམས་རྒུད་དང་ཀླུ་ཚང་ཕྱོགས་ཁག་དང་ཁ་འཐོར་དུ་ཕྱིན་པ་དེས་རྒྱལ་སྲས་ལ་ཆབ་སྲིད་རང་བཞིན་གྱི་གཉེན་འབྲེལ་གཉིས་པ་དེ་བྱུང་དུ་བཅུག
          བསྡུ་བསྒྲིགས་རིང་མོ་长编》ས་བཅད་བརྒྱ་དང་བཅུ་དགུ་པར་ཅིན་ཡིག་ཁྲི་ལོ་གསུམ་པའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་རྒྱལ་སྲས་ཐོག་མར་ཀླུ་བཙུན་གྱི་བུ་མོ་དང་གཉེན་བསྒྲིགས་ཏེ།བུ་ཞ་བཙན་དང་མའོ་བཙན་ཅའོ་གཉིས་སྐྱེས།དེ་ནས་ཡང་བྲེ་བོ་ཚང་དང་གཉེན་འགྲིག་ནས་བུ་ལྡོང་བཙན་སྐྱེས་ཟེར།འོ་ན་རྒྱལ་སྲས་དུས་ནམ་ཞིག་ལ་གྲེ་བོ་ཚང་དང་འགྲིག་པ་རེད་ཅེ་ན།ཡང་བསྡུ་བསྒྲིགས་རིང་མོ་长编》ལྟར་ན་མའོ་ཁྲོན་ཚོ་བའི་མགོ་དཔོན་རྒྱལ་སྲས་ཀྱི་བུ་ལྡོང་བཙན་ཧེ་ཀྲིག་གི་མྱུལ་ཞིབ་དཔོན་དུ་བསྐོས་ཤིང་ལྡོང་བཙན་ནི་དགུང་ན་དགུ་ལ་སོན་ཟེར།འདིར་གཞིག་ཚེ་ལྡོང་བཙན་སྤྱི་ལོ་1031་ལོར་སྐྱེས་པ་རྟོགས་ཤིང་དེ་ནི་སུང་རིན་ཙུང་ཐན་ཧྲིན་ཁྲི་ལོ་དགུ་བ་ཡིན་ཞིང་ང་ཚོས་རིགས་བསྒྲེས་ཏེ་དཔོག་ཐུབ་པ་ནི་རྒྱལ་སྲས་གྲེ་བོ་ཚང་དང་གཉེན་འགྲིག་པ་ནི་ཉུང་མཐར་ཡང་ཐན་ཧྲིན་ཁྲི་ལོ་དྲུག་པ་དང་བདུན་པའི་བར་གྱི་གནས་ཚུལ་ཡིན་ལ་དུས་སྐབས་འདི་ནི་ཏག་ཏག་རྒྱལ་སྲས་མའོ་ཁྲིན་དུ་ཕྱིན་ཏེ་སྟོབས་ཤུགས་བསྐྱར་དུ་བསྐྲུན་པའི་དུས་རེད།གྲེ་བོ་ཚང་ནི་ཐུ་བྷོད་ཀྱི་ཁྱིམ་རྒྱུད་ཆེན་པོ་ཞིག་སྟེ།ཚོ་བ་དེར་མི་ཁྲི་དྲུག་བདུན་ཙམ་ཡོད་ཅིང་སྔར་ལིས་ཅིན་མཁར་历精城དུ་གནས་ཤིང་ཕྱིས་ཧི་ཀྲིག་ཡར་གཟུར་མཁར་ལྷོ་ཕྱོགས་སུ་གནས་བཅས་ཤིང་རྒྱལ་སྲས་བྲེ་བོ་ཚང་དང་གཉེན་འགྲིག་པས་དབང་ཤུགས་ཇེ་ཆེར་འགྱུར་བ་ནི་སྨོས་མེད་ཡིན་མོད།འོན་ཏེ་མའོ་ཁྲོན་སྲིད་དབང་གི་དངོས་ཤུགས་འཛིན་མཁན་གྱི་མི་སྣ་བོན་པོ་ཆིས་ལ་མཚོན་ན་དེ་ནི་འབྱུང་འགྱུར་གྱི་ཉེན་ཁ་ཞིག་རེད།དེ་བས་རྒྱལ་སྲས་དང་བྲེ་བོ་ཚང་བར་གྱི་གཉེན་སྒྲིག་དེས་རྒྱལ་སྲས་སྲིད་དབང་ཐེངས་གཉིས་པར་འཐོར་ཞིག་ཏུ་འགྲོ་བའི་ས་བོན་བཏབ་པ་རེད་ཅེས་བརྗོད་ཆོག།ཁོ་ཚོའི་བར་གྱི་འགལ་བ་དེ་ཡོངས་སུ་མངོན་གསལ་ཅན་ཏུ་མ་འགྱུར་བར་ཐུན་མོང་ཁེ་ཕན་གྱི་ཕྱིར་དུ་རྡོག་རྩ་གཅིག་སྒྲིལ་བྱེད་དུ་བཅུག
          ལིག་ཆིན་ཕྱོགས་བསྡུས《乐全集》་་ས་བཅད་ཉེར་གཉིས་སུ་ཐན་ཧྲིན་ཁྲི་ལོ་དགུ་བའི་ཟླ་བཅུ་གཉིས་པར་བོན་པོ་ཆིས་ཀྱི་ཚ་བོས་རྟ་སྐལ་དང་འོ་ཕྱུར་ཁྱེར་ནས་རྒྱ་ཡུལ་དུ་བསྐྱོད་དེ་རྒྱལ་སྲས་སུང་དང་འདུམ་པའི་གྲོས་བྱས་ཞེས་བརྗོད།འདི་སྐབས་ཀྱི་རྒྱལ་སྲས་ནི་སྐབས་དེའི་གཞོན་ནུའི་ངར་ཤུགས་གནོན་མ་ཐུབ་པའི་རྒྱལ་སྲས་མིན་ཏེ།མིག་སྔར་གྱི་ཁོས་ཁོང་གི་མིག་སྔར་གྱི་དངོས་ཤུགས་དང་གནས་བབ་གཟིགས་ཚེ་སུང་སྲིད་གཞུང་གིས་ངོས་ལེན་དང་རོགས་རམ་མ་མཛད་ཚེ་ཧི་ལུང་ཐུ་བྷོད་ཚོ་དབང་བསྒྱུར་ཐབས་བྲལ་བས་རྒྱལ་སྲས་ཀྱིས་ཆིན་ཀྲིག་ཏུ་ཕོ་ཉ་མངགས་ཏེ།དེའི་ཁོངས་གཏོགས་བྱེད་པའི་རེ་འདུན་བཏོན་ཞིང་སུང་སྲིད་གཞུང་ལ་ཐུ་བྷོད་ཀྱི་རྟ་མཁོ་ཕྱིར་ཐུ་བྷོད་དུ་ཕོ་ཉ་བརྫངས་ཏེ།རྒྱལ་སྲས་མའོ་ཁྲོན་ཕྱོགས་སུ་བཀུག་ནས་སྤྱང་མི་སུང་གི་རྒྱལ་ཁམས་སུ་བསྐྱོད་དེ་རྟ་ཕུལ་ཟེར།
          སྤྱི་ལོ་1032་ཏེ།སུང་རིན་ཙུང་ཏའོ་ཡོན་ཁྲི་ལོ་དང་པོའི་ཟླ་བརྒྱད་པར་སུང་རྒྱལ་ཁབ་ཀྱིས་རྒྱལ་སྲས་ལ་དངོས་སུ་ཉི་ཡོན་དམག་སྤྱི་ཆེན་མོ་དང་ཨེ་ཀྲིག་གི་ཐོན་ལེན་ཧྲིའི爱州团练使་གོ་གནས།བོན་པོ་ཆིས་ལ་ཕྱི་འདུལ་དམག་སྤྱིའི་གོ་གནས་བཅས་བསྩལ་བས་ལོ་དེ་ག་རང་ལ་མའོ་ཁྲོན་སྲིད་དབང་གི་མི་སྣ་གཉིས་པས་སྲིད་འགྱུར་ཞིག་བསླངས་ཏེ་རྒྱལ་སྲས་བཙོན་དུ་བརྫངས།སུང་བོད་ཀྱི་ལོ་རྒྱུས་སྟེང་འདི་འདྲ་ཞིག་བཀོད་ཡོད་དེ།བོན་ཆིས་ཀྱིས་ཟིང་ཆ་བསླངས་ནས་རྒྱལ་སྲས་ནག་སྦལ་དུ་བཅུག་མོད་བཙོན་སྲུང་རྒྱལ་སྲས་ལ་གློ་བ་ཉེ་ནས་ཁོང་དང་དཔུང་བ་གཅིག་སྦྲེལ་གྱིས་བོན་ཆིས་བཀྲོངས།ལིག་ཆན་ཕྱོགས་བསྡུས་ཀྱི་ས་བཅད་ཉེར་གཉིས་སུ་བོན་ཆིས་ངོ་ལོག་ནས་རྒྱལ་སྲས་བཟུང་སྟེ།བཙོན་ལ་བརྫངས་རྗེས་ཕྱི་ཡུལ་ལ་དམག་དྲངས་སུ་བསྐྱོད།དེ་ནས་བཙོན་སྲུང་རྣམས་རྒྱལ་སྲས་དང་བློ་ཁ་མཐུན་ནས་དམག་རྟ་རྣམས་བསྡུས་ཏེ།མཁར་སྒོ་བསྡམས་ནས་འཛིངས་པས་བོན་ཆིས་ཕམ་ཞེས་བཀོད།
          ཞིབ་འཇུག་པ་རྣམས་ཀྱི་བསམ་པར་བོན་པོ་ཆིས་ཀྱི་ཐེངས་འདིའི་སྲིད་འགྱུར་ནི་ཁོང་རང་ཉིད་ཀྱི་ཧམ་སེམས་ཡིན་ཏེ།དེས་རྒྱལ་སྲས་ཀྱིས་རང་གི་གོ་གནས་འཕྲོག་ངེས་པའི་དོགས་པ་རེད་སྙམ་ཡང་བདག་གིས་དེ་ལྟར་མི་འདོད་དེ།བོན་ཆིས་ཀྱི་ཐེངས་འདིའི་སྲིད་འགྱུར་ནི་མི་ཉག་ཚོ་ཁག་གི་ནུབ་འདུལ་ལ་རྒྱལ་ཁ་ཐོབ་པ་དེའི་རྐྱེན་ཡིན་ཚོད་རེད།མིན་ཏོ་ཁྲི་ལོ་དང་པོར་མི་ཉག་ཚོ་ཁག་གིས་ཀན་དང་ལིང་གཉིས་གཏོར་རྗེས།ལྷོ་ངོས་ཀྱི་ཙོང་ཆུའི་རྒྱུད་དུ་རྒོལ་བ་ནི་གཡོལ་ཐབས་བྲལ་བའི་སྟོབས་ཤུགས་ཤིག་རེད།སྤྱིར་ཡོན་ཧོ་གཡོ་སྒྱུ་ཆེ་ཞིང་དབྱེན་ལ་མཁས་པས་ཙོང་ཆུའི་རྒྱུད་ལ་དམག་མ་དྲངས་སྔོན་སྟོབས་ཤུགས་ཅུང་ཆེ་བའི་བོན་ཆིས་ཕྱོགས་ཁག་ངེས་པར་དུ་ཚུར་སླུས་དགོས་ཤིང་མའོ་ཁྲོན་ཕྱོགས་ཁག་གི་མགོ་དཔོན་བོན་ཆུས་དཔུང་སྟོབས་རབ་ཏུ་རྒྱས་པའི་མི་ཉག་ཚོ་བའི་གནོན་ཤུགས་དྲག་པོས་རང་ཉིད་ཀྱི་དབང་ཤུགས་བརླག་འདོད་མེད་པ་དང་།ཕྱོགས་གཞན་ནས་རྒྱལ་སྲས་བྲེ་བོ་ཚང་དང་གཉེན་འགྲིག་པ་དེས་མའོ་ཁྲོན་སྲིད་དབང་ཁྲོད་ཀྱི་ཁོང་གི་གོ་གནས་ལ་ཚབས་ཆེ་བའི་འཇིགས་སྐུལ་ཐེབས་པས་བོན་ཆིས་ཀྱིས་ལྐོག་ནས་མི་ཉག་ཚོ་ཁག་ལ་མགོ་སྒུར་ནས་ཐེངས་འདིའི་སྲིད་འགྱུར་འདི་བསླངས་ཡོད་སྲིད་ལ་འདི་བོན་ཆིས་ཀྱི་བུ་བོན་ཧྲི་ཁྲིན་གཡུ་ལུང་དང་མི་ཉག་བར་གྱི་འབྲེལ་བས་བདེན་དཔང་བྱེད་ཐུབ།
          བསྡུ་བསྒྲིགས་རིང་མོ་长编》ལས་བོན་པོ་ཆིས་ཀྱི་བུ་ཅིན་ལུང་གིས་མངའ་ཞབས་པ་ཁྲི་ལྷག་ཁྲིད་ནས་ལྐོག་ཏུ་ཡོན་ཧོ་ལ་མགོ་བཏགས་ཟེར།འདི་ནི་རྒྱལ་སྲས་སྲིད་དབང་ནང་ཁུལ་དུ་བྱུང་བའི་གོད་ཆག་ཐེངས་གཉིས་པ་དེ་རེད།ཐེངས་དང་པོའི་འཐོར་ཞིག་གིས་རྒྱལ་སྲས་ལ་ཀླུ་བཙུན་ཕྱོགས་ཁག་གི་སྟོབས་ཤུགས་བོར་དུ་བཅུག་པ་དང་།ཐེངས་གཉིས་པས་མའོ་ཁྲོན་ཕྱོགས་ཁག་གི་བོན་ཆིས་སྟོབས་ཤུགས་བོར་དུ་བཅུག།གང་ལྟར་སྲིད་འགྱུར་འདི་དུས་ཡུན་ཐུང་ངུ་ཙམ་གྱི་ནང་རོལ་ལ་ཞོལ་འཇགས་སུ་སོང་མོད་རྒྱལ་སྲས་ཀྱི་དངོས་ཤུགས་ཇེ་ཉམ་དང་ཇེ་རྒུད་དུ་ཕྱིན་པས་ཁོས་སྐབས་འདི་དང་བསྟུན་ནས་བྲེ་བོ་ཚང་དང་ལྷན་དུ་དམག་རྟ་རྣམས་ཁྲིད་ནས་རྒྱལ་མཁར་མའོ་ཁྲོན་ནས་ཡང་བསྐྱར་གྱི་ཐང་དུ་སྤོས།
          རྒྱལ་སྲས་གྱི་ཐང་དུ་གནས་སྤར་རྗེས་རྒྱབ་རྟེན་སའི་ཉེ་འབྲེལ་གྱི་དཔུང་ཤུགས་གཙོ་བོ་ནི་བྲེ་བོ་ཚང་ཡིན་ལ་དེའི་རྟེན་གཞི་ནི་ལི་ཅིན་མཁར་历精城ཡིན།མཁར་དེ་གྱི་ཐང་ནུབ་ངོས་ཀྱི་ལེ་དབར་དྲུག་གི་མཚམས་སུ་གནས་ཤིང་རང་གི་སྲིད་དབང་སྲ་བརྟན་ཡོང་ཆེད་རྒྱལ་སྲས་ཀྱིས་ཁ་གཏད་ཕྱོགས་ཁག་རྣམས་བཏུལ་ནས་ངོ་ལོག་གི་སྒོ་མོ་བསྡམས་ཏེ།དཔུང་དམག་གི་སྣ་དྲངས་ནས་གྱི་ཐང་དུ་གཞི་བྱས་པ་དང་བྲེ་བོ་ཚང་གི་ལྕམ་བཅས་ལི་ཅིན་མཁར་དུ་བཞུགས་ནས་ཕན་ཚུན་དཔུང་བ་མཉམ་གཤིབ་ཀྱི་ཚུལ་དུ་བསྡད།དེ་ནི་ལིང་ཀྲིག་གི་མི་ཉག་དཔུང་དམག་ལྷོ་རྒོལ་དུ་འོང་བ་དང་ནམ་འོང་ཆ་མི་མཚལ་བའི་བོན་ཆུང་གྱི་འཁོན་ལན་བཅས་རྒྱུ་རྐྱེན་གང་མང་ཞིག་ལ་དམིགས་ཏེ།གཅིག་ལ་གཅིག་རྟེན་བྱེད་ཐུབ་པའི་ཆེད་དང་།ཡང་གཞན་ཞིག་ནི་ལི་ཅིན་མཁར་དབང་དུ་བཟུང་ཚེ་སྐབས་དེའི་ནུབ་འབྲེལ་གྱི་ཚོང་ལམ་དབང་དུ་བཟུང་བ་དང་ཁྱད་མེད་པ་དང་བཅས་གཉིས་སོ།སུང་བོད་ཀྱི་ལོ་རྒྱུས་ལས་རྒྱལ་སྲས་ཧྲན་ཀྲིག་ཏུ་བཞུགས་ཤིང་ནུབ་འབྲེལ་གྱི་ལི་ཅིན་མཁར་མཚོ་སྔོན་དང་འབྲེལ་ཞིང་ལི་ཡུལ་གོང་ཐང་སོགས་རྒྱལ་ཁབ་རྣམས་ཀྱི་ཚོང་བ་ཧྲན་ཀྲིག་བརྒྱུད་ནས་ཚོང་ཟོག་བརྗེ་རེས་བྱེད་པས་འབྱོར་ཕྱུག་རབ་ཏུ་རྒྱས་ཟེར།གྱི་ཐང་དུ་གནས་སྤར་རྗེས་རྒྱལ་སྲས་ཀྱིས་ཕྱོགས་གཅིག་གི་སའི་གནས་བབས་བེད་སྤྱད་ནས་ཚོང་ལས་དཔལ་འབྱོར་ཡར་རྒྱས་སུ་བཏང་ནས་དངོས་པོའི་རྨང་གཞི་འཛུགས་བསྐྲུན་དང་།ཡང་གཞན་ཞིག་ནས་མུ་མཐུད་དེ་ཐུ་བྷོད་བཙན་པོའི་གདུང་རྒྱུད་ཀྱི་མཚན་སྤྱད་ནས་མཐའ་གཅིག་ཏུ་རང་ཉིད་ཀྱི་དངོས་ཤུགས་རྒྱ་བསྐྱེད།སྔོན་ཙོང་ཁ་ཚོ་བའི་སྐབས་སུ་རྒྱལ་སྲས་ལ་མགོ་བཏགས་པའི་བསེའུ་སྟོབས་ཚོ་བས་ཙོང་ཁའི་རྒྱལ་ཁྲིམས་བཤིག་སྟེ།ཚོ་བ་དང་ལོགས་སུ་གྱེས་ནའང་རྒྱལ་སྲས་གྱི་ཐང་དུ་སྤར་རྗེས་རོང་དྲུག་གི་ཚོ་བ་འགས་ཕྱིར་རྒྱལ་སྲས་སྲིད་དབང་ལ་མགོ་བཏགས།དེ་ཡང་སུང་བོད་ཀྱི་ལོ་རྒྱུས་ལས་ཡོན་ཧོ་ཡོས་ཞིས་ལིང་མཁར་བཟུང་མ་ཐག་ཕན་བློ་གྲོས་ཀྱི་ཕྱོགས་གཏོགས་རྣམས་ཀྱིས་རྒྱལ་སྲས་ལ་མགོ་བཏགས་ཤིང་གྲུ་གུ་མི་རིགས་ཀྱང་ཁྲི་ལྷག་ཙམ་འབྱོར་ཟེར།
དེ་མིན་ གྲོ་ཚང་གྲོང་གི་ལོ་རྒྱུས་རགས་རམ东都市略传》ཀྱི་ས་བཅད་བརྒྱ་དང་བཅུ་དགུའི་ཟིན་བཀོད་ཨང་བདུན་པར་ཡོན་ཧོས་ཞི་ལིང་མཁར་བཅོམ་རྗེས་རྒྱལ་སྲས་ལ་བསེའུ་སྟོབས་ཀྱི་མངའ་ཞབས་ཁྲི་བཅུ་ལྷག་དང་།གྲུ་གུ་བ་ཁྲི་ཙམ་གྱིས་མགོ་བཏགས།མིན་ཏའོ་ཁྲི་ལོ་དང་པོར་ཡོན་ཧོས་ཞི་ལིང་མཁར་བཅོམ་པས་ཐེངས་འདིར་བསེའུ་སྟོབས་ཀྱིས་རྒྱལ་སྲས་ལ་མགོ་བཏགས་པ་རྒྱལ་སྲས་གྱི་ཐང་དུ་སྤར་བའི་རྗེས་རེད།དེ་ལྟར་རོང་དྲུག་བོད་མི་ཁྲི་བཅུའི་སྟེང་ད་དུང་གྲུ་གུའི་མི་འབོར་ཁྲི་འགའ་བསྣན་ཚེ་ཧ་ལམ་མི་འབོར་ཁྲི་ཉེར་ལྔ་ཙམ་གྱི་སྟོབས་ཤུགས་དེ་མཐའ་གཅིག་ཏུ་རྒྱལ་སྲས་ལ་དབང་བས་ཁོའི་དཔུང་ཤུགས་དེ་སྐད་ཅིག་དེ་ཉིད་ལ་བརྡོལ་དུ་བཅུག
བསྡུ་བསྒྲིགས་རིང་མོ་长编》ས་བཅད་བརྒྱ་དང་བཅུ་བདུན་དུ་ཡོན་ཧོ་ཡིས་གྱི་ཐང་དང་།ཨན་འར་安二།ཙོང་ཁ།ཏར་ཞིན་ལིན་带星岭མཁར་རྫོང་བཅས་ལ་རྒོལ་བས་རྒྱལ་སྲས་ཀྱི་དམག་སྤྱི་ཨན་ཙི་ལོས་安子罗དམག་དཔུང་ཁྲི་བཅུའི་སྣེ་དྲངས་ནས་ཕྱི་བསྐྱོད་ཀྱི་ལམ་བུ་བསྡམས་ཟེར།ཨན་ཙི་ལོ་安子罗གཅིག་པུས་དཔུང་དམག་ཁྲི་བཅུའི་སྣ་དྲངས་ཚེ་སྐབས་འདི་ཤེད་དུ་རྒྱལ་སྲས་ཀྱི་དམག་དོན་ནུས་ཤུགས་དེ་ཉུང་མཐར་ཡང་ཁོ་ལས་ལྡབ་གཉིས་རེད།རྒྱལ་སྲས་གྱི་ཐང་དུ་གནས་སྤར་རྗེས་བསེའུ་སྟོབས་ཀྱི་མངའ་ཞབས་ལས་གཞན་གྲུ་གུའི་འབངས་མི་རྣམས་ཀྱིས་ཀྱང་ཁོང་ལ་མགོ་བཏགས་པས་ཙོང་ཁའི་རྒྱལ་ཁྲིམས་བཤིག་སྟེ།སིལ་བུར་འཐོར་པའི་ཐུ་བྷོད་ཀྱི་ཚོ་བ་རྣམས་སླར་ཡང་རྒྱལ་སྲས་དབང་འོག་ཏུ་འདུས་པས་ལོ་རྒྱུས་སུ་དེར་རྒྱལ་སྲས་ཀྱི་སྟོབས་ཤུགས་རིམ་གྱིས་སྤྱང་ངམ་ཆའང་གི་ཚོ་ཁག་ལས་སྟོབས་ལྡན་པར་གྱུར།
སུང་རིན་ཙུང་ཅིན་ཡིག་ཁྲི་ལོ་གཉིས་པའི་ཟླ་བཅུ་གཉིས་པ་ནི་རྒྱལ་སྲས་གྱི་ཐང་དུ་གནས་སྤར་བའི་ལོ་གསུམ་པ་ཡིན་ལ་མི་ཉག་ཚོ་ཁག་གི་མགོ་པ་ཡོན་ཧོས་ཙོང་ཆུའི་ལྷོ་རྒྱུད་ལ་དམག་དྲངས་ནས་ཐོག་མར་མཛོ་མོ་མཁར་གཏོར་ཞིང་ཕྱིས་སུ་ཨན་འར་དང་།ཙོང་ཁ།ཏར་ཞིན་ལིན་རྫོང་མཁར་རྣམས་ལའང་རྒོལ་བས་རྒྱལ་སྲས་ཀྱི་ཐུ་བྷོད་ཚོ་ཁག་གི་སྣེ་དྲངས་ནས་མི་ཉག་དམག་དཔུང་དང་ཉིན་སུམ་བརྒྱའི་རིང་ཉིན་མཚན་བསྟུན་ཏེ།གཡུལ་འགྱེད་དྲག་པོ་བྱས་མོད་མཐར་གཡུལ་ཕམ་པས་ཡོན་ཧོས་དམག་དཔུང་ཐད་ཀར་རྒྱལ་སྲས་ཀྱི་རྒྱལ་ས་གྱི་ཐང་དུ་དྲངས།རྒྱལ་སྲས་ཀྱིས་མི་ཉག་ཚོ་ཁག་གི་དམག་ཤུགས་ལ་འགྲན་མི་བཟོད་པ་མཐོང་བས་གྱི་ཐང་མཁར་སྒོ་བརྟན་སྲུང་བྱེད་བཞིན་གཡུལ་འགྱེད་ལ་ནར་འགྱངས་དང་ཞོར་དུ་སོ་མྱུལ་མངགས་ཏེ།མི་ཉག་དམག་དཔུང་གི་སྟོབས་ཤུགས་ཆེས་ཞན་ས་དེ་བཙལ།ཡོན་ཧོས་དམག་སྣེ་དྲངས་ཏེ།ཙོང་ཆུ་བརྒལ་སྐབས་དར་བཙུགས་ནས་ཆུ་བོའི་ཟབ་ཚད་འཇལ་བའི་མཚན་མ་བཏབས་པ་དེ་རྒྱལ་སྲས་ཀྱིས་ལྐོག་ནས་མི་མངགས་ཏེ་གཏིང་སར་བཙུགས་ཤིང་ཡོན་ཧོའི་དཔུང་དམག་རྣམས་ངལ་ཞིང་དུབ་པའི་དུས་སུ་རྒྱལ་སྲས་ཀྱིས་དཔུང་དམག་དྲངས་ནས་ཐོལ་གྱིས་རྒོལ་པས་གཡུལ་འགྱེད་ཐེངས་གཅིག་གིས་མི་ཉག་གི་དམག་དཔུང་རྣམས་ལ་ཕམ་ཉེས་ཚབས་ཆེན་སྤྲད་དེ་ཕྱིར་ཙོང་ཆུ་བརྒལ་སྐབས་ཉིས་ཆའི་ཕྱེད་ལས་བརྒལ་བའི་དམག་མི་མང་པོ་ཞིག་ཆུ་བོའི་འཇིངས་སུ་ནུབ།གཡུལ་འགྱེད་འདིས་མི་ཉག་དམག་དཔུང་གི་དཔུང་འཇུག་ལ་རྒོལ་ལན་སྤྲད་ཅིང་བསྐྱར་དུ་བཙུགས་མ་ཐག་པའི་རྒྱལ་སྲས་སྲིད་དབང་ཡང་བརྟན་བསྲུང་ཐུབ་པས་ཐུ་བྷོད་ཚོ་བའི་ཁྲོད་ཀྱི་རྒྱལ་སྲས་ཀྱི་གཟི་རྔམ་དགུང་ལ་གཏད་ཅིང་རྒྱལ་སྲས་ཀྱིས་ཐུ་བྷོད་ཚོ་བ་གཅིག་གྱུར་བྱ་བའི་སྒུལ་ཤུགས་སྔར་བས་ཀྱང་ཇེ་ཆེར་གྱུར།
དེ་བས་དུས་སྐབས་འདིར་རྒྱལ་སྲས་སྲིད་དབང་ནང་ཁུལ་གྱི་གོད་ཆག་གསུམ་པ་དེ་བསྐྱར་དུ་བྱུང་ཞིང་དེ་ནི་ད་དུང་རྒྱལ་སྲས་ཁྱིམ་རྒྱུད་ནང་ཁུལ་དུ་བྱུང་།རྒྱལ་སྲས་ཀྱི་བཙུན་མོ་སྔ་མ་གཉིས་ནི་ཀླུ་ལུ་བཙུན་གྱི་བུ་མོ་ཡིན་ལ་ཀླུ་བཙུན་ཕྱོགས་ཁག་གི་ཉམས་རྒུད་དང་ཕྱོགས་ཁག་ནང་འགལ་གྱིས་བཙུན་མོ་ཆེ་བ་གཉིས་དང་འགལ་ཟླར་གྱུར་པ་སྨོས་ག་ལ་དགོས།དེ་མིན་བྲེ་བོ་ཚང་དང་དེའི་སྒེག་ཅིང་མཛེས་ལ་རྒྱབ་གཟུར་མཐོ་བ།འཁོས་འཇོན་གཉིས་ལྡན་གྱི་བུ་མོ་བྲེ་ཧྲི་དང་གཉེན་བསྒྲིགས་པས་ཀླུ་ཚང་བུ་མོར་འདང་བོར་བ་ནི་མ་བཅོས་ལྷུན་གྱིས་འབྱུང་བ་ཞིག་རེད།རྒྱལ་སྲས་ཀྱིས་ཀླུ་ཚང་གི་བུ་མོ་བཙུན་མ་བྱེད་པའི་བཀའ་ཕབ་ཅིང་གོ་ཀྲིག་ཏུ་སྡོད་དུ་བཅུག་པ་དེར་ཀླུ་ཚང་ཕྱོགས་ཁག་ཧ་ཅང་ཡིད་མ་རངས་པར་གྱུར་པས་དེའི་བུ་ཞ་བཙན་དང་མའོ་བཙན་ཅའོ་མའི་ཕྱོགས་སུ་འཁོར་ཏེ།ཁོ་ཚོས་རང་གི་ཨ་མ་ཁྲིད་ནས་ཙོང་ཁའི་ཕྱོགས་སུ་བྲོས་ཤིང་རྒྱལ་སྲས་ཀྱི་བུ་ཆེ་འབྲིང་གཉིས་ཕ་དང་ཞེ་འགྲས་ཏེ།ཞ་བཙན་ཧི་ཀྲིག་ཁན་ཀོ་དང་མའོ་བཙན་ཅོ་ཙོང་ཁར་བཞུགས་འདི་ལྟར་རྒྱལ་སྲས་ཁྱིམ་རྒྱུད་འཐོར་ཞིག་ཏུ་སོང་བས་མི་ཉག་ཕྱོགས་ཁག་ལ་ཚུར་རྒོལ་གྱི་སྒོ་གླེགས་ཕྱེ།ཡོན་ཧོས་རྒྱལ་སྲས་ཀྱི་བུ་གཉིས་ཕར་སྡང་བ་རྟོགས་པས་ལྐོག་རྔན་གྱ་ནོམ་པ་བརྫངས་ཏེ་དབྱེན་དཀྲུགས་པས་ཚོ་དཔོན་རྣམས་ཀྱང་བློ་ལོག།མི་ཉག་གིས་ཧི་ཞིས་ཁུལ་གྱི་ཀབ་ཀྲིག་དང་།ཧྲ་ཀྲིག།སའོ་ཀྲིག་བཅས་ཀྲིག་གསུམ་གཏོར་རྗེས་ལྷོ་ཁུལ་དུ་དམག་དྲངས་ནས་ལན་ཀྲིག་ཁུལ་གྱི་ཐུ་བྷོད་ཀྱི་ཚོ་བ་རྣམས་ཕམ་པར་བརྒྱབ་ཅིང་གནས་དེའི་དུད་ཁྱིམ་སྟོང་ཕྲག་ལ་དབང་བསྒྱུར་བའི་བོད་ཀྱི་ཚོ་དཔོན་རྨ་དཔལ་གྱིས་མི་ཉག་ལ་མགོ་བཏགས་ནས་མི་ཉག་རྒྱལ་ཁབ་ཀྱི་མག་པར་གྱུར་ཅིང་མི་ཉག་དམག་དཔུང་གིས་ལྷོ་ནས་མ་ཞན་བར་བཙན་འཛུལ་བྱས་ཤིང་ཝ་ཁྲིན་ཧེ་瓦川会རུ་རྫོང་མཁར་བརྩིགས་ཏེ་དམག་དཔུང་དྲག་པོས་སྲུང་བས་སུང་རྒྱལ་ཁབ་དང་ཧི་ཧོང་ཐུ་བྷོད་ཀྱི་འབྲེལ་ལམ་བཅད།དེ་ལྟར་མི་ཉག་གིས་བྱང་རྒྱུད་ཀྱི་ལིང་ཀྲིག་དང་ཤོར་ངོས་ཀྱི་ལན་ཀྲིག་རྣམས་ལ་དབང་བསྒྱུར་བས་ཙོང་ཁའི་ཡུལ་ཁམས་དེ་རྒྱལ་སྲས་ལ་རྒྱབ་འགལ་བྱས་བའི་ཀླུ་ཚང་ཕྱོགས་ཁག་གི་ལག་ཏུ་ཤོར་ཞིང་མའོ་ཁྲོན་དེ་རྒྱལ་སྲས་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཟླར་གྱུར་པའི་བོན་ཡུམ་ཁྲི་གཡུ་ལུང་གི་དབང་དུ་ཤོར་ལ་རྨ་ཆུའི་ལྷོ་ཕྱོགས་རྣམས་རྒྱལ་སྲས་ཀྱིས་འདུལ་ཐབས་བྲལ་བའི་སྤུན་མཆེད་བཀྲ་ཤིས་གཡུ་ལུང་འབུམ་གྱིས་དབང་དུ་བསྡུས།ཧི་ཀྲིག་ཁུལ་རྒྱལ་སྲས་ལ་ངོ་ལོག་མཁན་གྱི་ཞ་བཙན་གྱིས་བཟུང་བས་རྒྱལ་སྲས་ཀྱི་རྒྱལ་མཁར་གྱི་ཐང་དེ་ཁོང་གི་དགྲ་དང་ངོ་ལོག་པའི་མདུང་རྩེར་ལྷུང་པས་བར་སྐབས་སུ་གྱི་ཐང་དང་གྱེས་ཏེ་གྲེ་བོ་ཚང་གི་གནས་གཞི་ལི་ཅིན་མཁར་དུ་历精城་མི་སྡོད་ཀ་མེད་བྱུང་།ཐན་ཁོན田况གྱིས་རྒྱལ་སྲས་ཉིན་རེ་བཞིན་རྒུད་པ་འདིས་རྒྱལ་སྲས་སྲིད་དབང་ཐེངས་གསུམ་པར་འཐོར་ཞིག་ཏུ་སོང་རྗེས་སུ་བྱུང་བའི་རྣམ་པ་ཏག་ཏག་མཚོན་ཡོད།
གནས་བབ་འདི་ཧ་ལམ་ལོ་ངོ་ཉི་ཤུ་སྟེ།སུང་རིན་ཙུང་ཅིན་ཡུག་ཁྲི་ལོ་གསུམ་པ་སྤྱི་ལོ་1058་ལོར་ཞ་བཙན་དང་མའོ་བཙན་ཅའོ་གཉིས་འདས་པའི་བར་རང་སོར་གནས་ཤིང་ཕྱིས་སུ་གནས་བབ་འདིར་འགྱུར་བ་ཕྲན་བུ་ཕྱིན་ཏེ།མའོ་བཙན་ཅའོའི་བུ་ཞ་བཙན་སི་ཏིན་དང་རྨོ་ཡུལ་བྲེ་བོ་ཚང་ཙོང་ཁའི་ཚོ་དཔོན་རྣམས་ཀྱིས་སླར་ཡང་དུས་གཅིག་ཏུ་རྒྱལ་སྲས་ལ་མགོ་བཏགས།ལོ་དེའི་ཟླ་བཅུ་གཉིས་པར་རྒྱལ་སྲས་རིམ་གྱིས་གྱི་ཐང་ནས་ཙོང་ཁའི་ཡར་པེ་མཁར་དུ་ཀླུ་ཚང་དང་ཞ་ཊི་སི་ཏིན་བཅས་ལྷན་དུ་བཞུགས།དེ་ཡང་ལིག་ཆིན་ཕྱོགས་བསྡུས་乐全集》་་སུ་སྤྱི་ལོ་1059་སྟེ།ཅ་ཡིག་ཁྲི་ལོ་བཞི་བའི་ཟླ་བཞི་བར་མའོ་ཁྲོན་མཁར་གྱི་ཚོ་དཔོན་ཆེན་མོ་ཡུམ་ཁྲི་གཡུ་ལུང་འབུམ་ཡང་ནད་ཀྱིས་མནར་ཏེ་འདས་པས་ལྡོང་བཙན་གྱིས་རྒྱུན་ཆད་མེད་པར་དམག་སྣ་དྲངས་ཏེ།དེའི་ས་ཆ་རྣམས་འཕྲོག་པས་མའོ་ཁྲོན་ཡང་རྒྱལ་སྲས་ཀྱི་དབང་འོག་ཏུ་ཤོར།ཞ་བཙན་འདས་པའི་རྗེས་སུ་ཁོང་གི་བུ་རྣམས་མིང་ཐོག་ནས་ཧི་དང་།ཐའོ །ཝུན་བཅས་སུ་གནས་ཀྱང་དོན་དངོས་ཐོག་ཕལ་ཆེར་རྒྱལ་སྲས་ལ་དབང་ཡོད་པས་ཀྲང་ཧྥང་ཕིན་张方平གྱིས་སྔོན་རྒྱལ་སྲས་དང་།ཞ་བཙན།མའོ་བཙན་ཅའོ་རྣམས་ཀྱིས་ས་ཁུལ་བཅད་བཟུང་བྱས་ཏེ།རང་ས་རང་གིས་དབང་དུ་བསྒྱུར་ཀྱང་དེང་སང་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་སྟོབས་ཤུགས་ཆེ་རུ་ཕྱིན་འདུག།འདིར་རྒྱལ་སྲས་ཀྱི་སྲིད་དབང་དེ་ལོ་ངོ་ཉི་ཤུའི་གས་ཆག་གི་ལོ་ཟླ་རིང་མོ་བརྒྱུད་ཅིང་མཐར་རྒྱལ་སྲས་དགུང་ལོ་མཐོ་རུ་སོན་དུས་སླར་ཡང་གཅིག་སྒྲིལ་གྱི་ཕྱོགས་སུ་གོམ་ཁ་ཕྱོགས་པ་མཐོང་མོད་སྐབས་འདིའི་རྒྱལ་སྲས་ནི་རྒས་ཤིང་འཁོགས་པས་ཐུ་བྷོད་གྱི་ཐང་སྲིད་དབང་གི་དབང་ཤུགས་དངོས་དེ་རྒྱལ་སྲས་ཀྱི་བུ་ཐ་ཆུང་ལྡོང་བཙན་གྱི་ལག་ན་གནས།
བཞི །རྒྱལ་སྲས་སྲིད་དབང་གི་ལོ་རྒྱུས་བྱེད་ནུས།
        སྤྱི་ལོ་1065་སྟེ།སུང་ཡུན་ཙུང་ཀྲིས་ཕིན་ཁྲི་ལོ་གཉིས་པར་རྒྱལ་སྲས་སྙུང་གཞིས་བཀྲོངས་ཤིང་དགུང་ན་རེ་དགུར་སོན།རྒྱལ་སྲས་སྲིད་དབང་དེ་སྤྱི་ལོ་1008་དེ།སུང་ཀྲིན་ཙུང་ཏ་ཞང་ཁྲི་ལོ་དང་པོ་ནས་བཙུགས་པར་རྩིས་ཚེ་རྒྱལ་སྲས་ཀྱིས་ཧི་ལུང་ཁུལ་གྱི་ཐུ་བྷོད་ཚོ་བ་རྣམས་ལོ་ངོ་ལྔ་བཅུ་ལྔ་བདུན་རིང་དབང་བསྒྱུར་བྱས་པ་དེ་ནི་སུང་དང་།ལེའོ།མི་ཉག་བཅས་རྒྱལ་ཁབ་རྣམས་ཀྱི་རྒྱལ་རིང་གསུམ་རེའི་བར་ཡིན་པས་དེ་ནི་དུས་རབས་བར་མའི་སྐབས་སུ་དབང་ཤུགས་བཟུང་བ་ཆེས་རིང་བའི་རྒྱལ་བོ་ཞིག་ཡིན་ལ་འདི་ལྟ་བུའི་དབང་བསྒྱུར་བས་དེ་ལྟ་བུའི་སྲིད་དབང་གི་ལོ་རྒྱུས་སྟེང་ཐེབས་པའི་ཤུགས་རྐྱེན་དང་བྱེད་ནུས་ལ་འདི་འདྲའི་གདེང་འཇོག་བྱེད་རིན་མཆིས།
གཅིག།རྒྱལ་སྲས་སྲིད་དབང་གིས་ཧི་ལུང་ཐུ་བྷོད་ཚོ་བར་དབང་བསྒྱུར་བ་དེས་ས་ཁུལ་དེ་ཡོངས་རྫོགས་གཅིག་གྱུར་བྱེད་པར་སྐུལ་འདེད་བྱས།
སྤྱི་ལོ་842་ལོར་ཐུ་བྷོད་ཀྱི་བཙན་པོ་གླང་དར་མ་ལྷ་ལུང་དཔལ་རྡོར་གྱིས་ལྐོག་གསོད་བྱས་པས་ལྷ་སའི་ཐུ་བྷོད་སྲིད་གཞུང་དེ་སྐད་ཅིག་ཉིད་ལ་རྒུད་ཅིང་འོད་སྲུང་དང་ཡུམ་བརྟན་གཉིས་ལ་ཕྱོགས་གཏོགས་བློན་པོ་ཚོས་རྒྱབ་སྐྱོར་བྱས་བས་དེ་གཉིས་ཀྱིས་ནང་དམེ་རྒྱུན་རིང་བྱས།ལོ་ངོ་ཉི་ཤུ་ལྷག་གི་རྙོག་འཛིང་གི་ནང་དམེ་ཁྲོད་སྐུ་དྲག་དང་།དབང་ཤུགས་ཅན།ཚོ་དཔོན་རྣམས་ཀྱིས་ཕན་ཚུན་འཕྲོག་བཅོམ་གྱི་འཁོར་ལོ་བསྐོར་བས་བོད་ཁམས་ཡོངས་རྫོགས་སིལ་བུར་འཐོར་ཞིང་སྤྱི་ལ་དབང་བའི་རྒྱལ་བོ་མེད་པར་སིལ་བུའི་གནས་བབས་འདི་ལོ་ངོ་བརྒྱ་དང་ལྔ་བཅུ་ཙམ་གནས་ཤིང་ལིང་ཀྲིག་རོང་དྲུག་ཚོ་བ་མཉམ་འབྲེལ་བྱུང་རྗེས་རྣམ་པ་འདི་དལ་གྱིས་འཕོ་འགྱུར་བྱུང་།དེ་ཕྱིར་ལིང་ཀྲིག་རོང་དྲུག་ཚོ་བ་དེ་མ་ཐག་མི་ཉག་ཕྱོགས་ཁག་གི་དྲག་པོའི་དམག་ཤུགས་ཀྱིས་སིལ་བུར་གཏོར་པས་རྒྱལ་སྲས་ཀྱིས་གནས་བབ་འདིའི་འོག་ནས་རྒྱལ་ཁྲིམས་བཙུགས་ཏེ།ཧི་ལུང་ཁུལ་གྱི་བོད་ཀྱི་ཚོ་བ་རྣམས་གཅིག་གྱུར་བྱས་ཏེ་ཐུ་བྷོད་ལོ་རྒྱུས་སྟེང་གི་མདོ་སྨད་ཀྱི་སྲིད་དབང་ཐོག་མ་དེ་བཙུགས།སྲིད་དབང་འདིར་ནང་ཁུལ་ཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྐྱེན་ཤིན་ཏུ་འཛོམས་ཤིང་གཅིག་གྱུར་གྱི་ས་ཁོངས་ལ་ཚད་བཀག་ཡོད་རུང་མཐར་གཏུགས་ན་དེ་ནི་ས་ཁུལ་ཞིག་ལ་དབང་བསྒྱུར་བའི་ཆབ་སྲིད་ཀྱི་ཕུང་བོ་ཞིག་ཡིན་པས་ས་ཁུལ་འགར་དོན་དམ་གྱིས་དབང་བསྒྱུར་བྱས་པས་སྔོན་གྱི་ལུང་པ་རེ་ལ་ཚོ་བ་རེ་དང་།ས་ཆ་རེ་ལ་དཔོན་པོ་རེ་ཞེས་པའི་ཁ་འཐོར་གྱི་རྣམ་པ་དེ་བསྒྱུར།འདི་ལྟར་ས་ཕྱོགས་རེ་འགའ་གཅིག་གྱུར་གྱི་རྣམ་པ་བྱུང་བས་ཧི་ལུང་ཐུ་བྷོད་ཚོ་བ་རྣམས་གཅིག་གྱུར་དང་མཐུན་སྒྲིལ་འོང་པའི་སྟོབས་ཤུགས་ཇེ་ཆེར་གྱུར།ཕྱི་ཕྱོགས་སུ་ཧི་ལུང་ཐུ་བྷོད་ཚོ་བའི་ཆབ་སྲིད་ཀྱི་ཁེ་ཕན་དཔལ་འབྱོར་གྱི་ཡོང་སྒོས་མཚོན་པའི་སྲིད་དབང་གི་འབྲེལ་འོང་འདི་དུས་ཡུན་རིང་པོར་སིལ་བུར་གནས་པའི་མདོ་སྨད་བོད་རིགས་རྣམས་ལ་མཚོན་ན་འདི་ནི་དངོས་ནས་བཀྲ་ཤིས་པའི་དོན་ཞིག་རེད།
གཉིས།རྒྱལ་སྲས་སྲིད་དབང་གིས་རྒྱལ་ཁའི་ངང་མི་ཉག་གི་བཙན་འཛུལ་ལ་རྒོལ་ལན་སྤྲད་པ།
          ཐུ་བྷོད་སིལ་བུར་འཐོར་རྗེས་དུས་ཡུན་རིང་བོར་ས་ཁུལ་བཅད་བཟུང་གི་རྣམ་པར་གནས་ཏེ།ཕན་ཚུན་ནང་དམེ་བྱས་པས་ཐུ་བྷོད་ཀྱི་སྟོབས་ཤུགས་ཡོངས་སུ་ཟད།དེ་ཡང་མི་རབས་ལྔ་བའི་དེབ་ཐེར་གསར་མའི་བོད་ཀྱི་རྣམ་ཐར་ལས་མི་རབས་ལྔ་བའི་དུས་སུ་ཐུ་བྷོད་ཀྱི་སྟོབས་ཤུགས་ཟད་ཅིང་གྲུ་གུ་དང་མི་ཉག་སོགས་ཀྱིས་དེ་ལ་བཙན་འཛུལ་བྱས་ཏེ།མི་དམངས་ཚོར་དཀའ་སྡུག་ཚད་མེད་སྤྲད་པས་ཕྱིའི་བཙན་འཛུལ་ལ་རྒོལ་བའི་ནུས་སྟོབས་རྨང་ནས་ཉིལ།ལིང་ཀྲིག་རོང་དྲུག་ཚོ་བ་འཛུགས་དུས་མི་ཉག་གི་ཚུར་རྒོལ་མཐའ་གཅིག་ཏུ་ཉམས་ཉེས་བཏང་མོད་ཅུང་མ་ཕྱིན་པར་མི་ཉག་ཕྱོགས་ཁག་གི་དཔུང་ཤུགས་དྲག་པོས་ཚོ་བ་འདི་གྱོ་ཆག་སྐྱ་ཉིལ་ལེར་བཏང་།རྒྱལ་སྲས་སྲིད་དབང་བཙུགས་རྗེས་མི་ཉག་ཡོན་ཧོ་དང་ལིང་ཙོ་གཉིས་ཀྱིས་སྔ་གཞུག་ཏུ་ཅིན་ཡིག་ཁྲི་ལོ་གཉིས་པ་དང་གསུམ་པ།ཅ་ཡིག་ཁྲི་ལོ་གསུམ་པ་བཅས་སུ་དམག་དྲངས་ནས་ཙོང་ཆུའི་ཕྱོགས་སུ་བཙན་འཛུལ་བསྟུད་མར་བྱས།རྒྱལ་སྲས་སྲིད་དབང་གི་སྣེ་ཁྲིད་འོག་ཧི་ལུང་ཐུ་བྷོད་རྣམས་ཀྱིས་ཕྱིའི་བཙན་འཛུལ་ལ་རྒོལ་པས་མི་ཉག་ཕྱོགས་ཁག་གི་དྲག་པོའི་དཔུང་ཤུགས་རྨང་ནས་བྲི།སུང་བོད་ཀྱི་ལོ་རྒྱུས་ལས་རྒྱལ་སྲས་ཀྱི་ཐབས་མཆོག་དུ་མས་ཡོན་ཧོ་ཆམ་ལ་ཕབ་པས་ཕྱིས་ཡོན་ཧོ་ཡིས་གྱི་ཐང་ཁུལ་ལ་རྒོལ་མ་ནུས་ཟེར།རྒྱལ་སྲས་སྲིད་དབང་གིས་རྒྱལ་ཁའི་རང་ཉིད་ཀྱི་ས་ཁུལ་སྲུང་ཞིང་མི་ཉག་གིས་སུང་གི་མཐའ་ཁུལ་དུ་བཙན་འཛུལ་བྱེད་པར་འགོག་རྐྱེན་བཟོས་པས་སུང་གི་སུན་ཕོའིས་ཡོན་ཧོས་སྲིད་ཀྱི་ཁ་ལོ་བསྒྱུར་བ་ནས་བཟུང་ཀོན་ཀྲོང་ཁུལ་དུ་བསྐྱོད་མི་ནུས་པ་རྣམས་རྒྱལ་སྲས་ལ་སྐྱབས་མ་བཅོལ་ཚེ་ཕྱིས་འབྱུང་གི་སེམས་ཁྲལ་ཡིན།
གསུམ།རྒྱལ་སྲས་སྲིད་དབང་གིས་ཤར་ནུབ་འབྲེལ་འོང་གི་གནའ་ལམ་སླར་གསོ་དང་སྲུང་སྐྱོབ་བྱས་ཏེ།རྒྱ་ནག་དང་ཡ་གླིང་དབུས་མ་དང་ནུབ་མའི་ས་ཁུལ་བར་གྱི་ཆབ་སྲིད་དང་།དཔལ་འབྱོར།རིག་གནས་བཅས་ཀྱི་འབྲེལ་འོང་ལ་སྐུལ་འདེད་བྱས།
          སུང་བྱང་མའི་དུས་འགོར་སུང་རྒྱལ་ཁབ་ནུབ་ཡུལ་དང་ཡ་གླིང་དབུས་མའི་རྒྱལ་ཁབ་རྣམས་དང་སྦྲེལ་བའི་ལམ་ཆེན་ནི་ལྷོ་བྱང་ལམ་བུ་གཉིས་སུ་བགོས་ཆོག་སྟེ།བྱང་ལམ་ནི་དེང་གི་ཉིང་ཞ་བྱང་རྒྱུད་ཀྱི་ཇི་ཡན་ཧར་ནས་ཞིན་ཅིང་ཏུ་འཐེན།ལྷོ་ལམ་ནི་ཧི་ཞི་ཙུག་ལང་ནས་ཞིན་ཅང་ནང་ཟུག་ཡོད།ལམ་ཆེན་གྱི་ཐོན་ཡུལ་ནི་ལིན་ཀྲིག་དང་ཞ་ཀྲིག་གཉིས་ཡིན་ལ་མི་ཉག་ཇུས་ཆེན་གྱིས་སུང་ལ་ངོ་ལོག་བྱས་རྗེས་ལིན་ཀྲིག་དང་ཞ་ཀྲིག་གཉིས་མི་ཉག་ཕྱོགས་ཁག་གིས་དབང་བསྒྱུར་བྱས་ཤིང་མི་ཉག་གི་དབང་བསྒྱུར་པས་ཡ་གླིང་དབུས་མའི་ཚོང་བ་རྣམས་བཅོམ་སྟེ།འབྲེལ་འོང་གི་ཕོ་ཉ་ཚོ་བཀག་འཇུག་བྱས་པས་འགྲོ་འོང་ཟབ་པའི་དར་ལམ་ལ་ཆད་མཐུད་ཀྱི་བར་ཆད་གང་མང་བྱུང་ལ་ཡོན་ཧོས་ཧི་ཞི་ས་ཁུལ་ཡོངས་རྫོགས་དབང་འོག་ཏུ་བསྡུས་རྗེས་མི་ཉག་སྲིད་གཞུང་གིས་ཚོང་ཟོག་གི་བཅུ་ཆའི་གཅིག་ཁྲལ་དུ་བསྡུས་པའི་ལམ་སྲོལ་བཙུགས་ཤིང་དེ་མིན་ཚོང་ཟོག་ཁྲོད་ཀྱི་ཅ་དངོས་སྤུས་དག་རྣམས་བཙན་གྱིས་སྤྲོད་དུ་བཅུག་སྟེ།ཕྱོགས་བཞིའི་ཚོང་བ་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་དེད།རྒྱལ་སྲས་སྲིད་དབང་བཙུགས་རྗེས་ཐོག་མར་ཉེ་འབྲེལ་གྱི་ཀན་ཀྲིག་གྲུ་གུའི་ཕོ་ཉ་སྐྱབས་ཏེ།ཙོང་ཆུ་བརྒྱུད་ནས་སུང་གི་ཡུལ་ཁམས་སུ་བསྐྱོད་དུ་བཅུག།དེ་དང་མཐུད་ནས་སྤྱི་ལོ་དུས་རབས་བཞི་བ་དང་ལྔ་བའི་སྐབས་སུ་དར་ཞིང་རྒྱས་མྱོང་བའི་འ་ཞའི་ཚོང་ལམ་དེ་སླར་གསོ་བྱས།ཙོང་ཆུའི་འ་ཞའི་ཚོང་ལམ་འདིར་ཞུགས་སྟངས་རྣམ་པ་གཉིས་ཡོད་དེ།གཅིག་ཤིན་ཅང་དུ་བསྐྱོད་རྗེས་ཧིག་ཞི་ཙུག་ལིང(河西走郎)་བྱང་ཁུལ་བརྒྱུད་དགོས་ལ་དེ་ནས་ཇུ་ཡན་ཧད་(居延海)ལྷོ་རྒྱུད་དུ་བབས་ཏེ།ཧི་ཞི་ཙིག་ལིང་(河西走郎)འཕྲེད་ཀྱིས་བཅད་དེ་ཏ་ཊིག་པ་ཀོ(大斗拔谷)་བརྒྱུད་ཚེ་རྨ་ཙོང་ཆུ་བོའི་རྒྱུད་དུ་འབྱོར་ཐུབ་ལ་དེ་ནས་ཞི་ཧིག་(熙河)བརྒྱུད་ཚེ་ཆིན་ཀྲིག་ས་ཁུལ་ཏུ་འབྱོར་ངེས།
དེ་ཡང་ལམ་གཞན་ཞིག་ནི་ཤིན་ཅང་དུ་བསྐྱོད་རྗེས་ཧི་ཞི་ཙིག་ལིང་(河西走郎)གི་ལྷོ་རྒྱུད་ཕྱོགས་སུ་བགྲོད་དགོས་ལ་དེ་ནས་མདོ་ལ་རིང་མོ་རྒྱུད་དེད་དེ་ལྷོ་ལམ་བགྲོད་ཚེ་མཚོ་སྔོན་པོར་འབྱོར་ཞིང་ཙོང་ཆུའི་ཕྱོགས་སུ་སླེབས་པས་སླར་ཡང་ཞི་ཧག་(熙河)བརྒྱུད་དེ་ཆིན་ཀྲིག་ཏུ་འབྱོར།སྐབས་འདི་ཤེད་དུ་གྲུ་གུ་དང་།ཨ་རབ།ཡི་ཐན།གུང་ཐང་།ལི་ཡུལ་བཅས་རྒྱལ་ཁབ་རྣམས་ཀྱི་ཕོ་ཉ་བ་དང་ཚོང་བ་རྣམས་ཚོང་ལམ་འདི་ཉིད་བརྒྱུད་ཅིང་རྒྱལ་སྲས་མངའ་ཁོངས་ཀྱི་གྱི་ཐང་དང་།ལི་ཅིན།མའོ་ཁྲོན་ལ་སོགས་པའི་ས་ཆ་རྣམས་ནུབ་བྱང་རྒྱལ་ཁབ་ཁག་གི་ཚོང་ལས་ཀྱི་ལྟེ་གནས་སུ་གྱུར།དེ་ཡང་ཆིན་ཀྲིག་གི་བདེ་སྲུང་བློན་ཆེན་ཡུག་ཧྲི་ཞུང་游师雄གིས་ཡི་ཐན་དང་།ཨ་རབ།གྲུ་གུ་བཅས་རྒྱལ་ཁབ་རྣམས་ཀྱི་ཕོ་ཉ་གཅིག་རྗེས་གཉིས་མཐུད་དུ་འབྱོར་བས་བཟའ་བཏུང་མཁོ་སྤྲོད་ཐུབ་མིན་ལ་དོགས་ནས་བཀག་འགོག་བྱས་ཏེ།ལོ་གཉིས་རེའི་ནང་རོལ་ལ་ཐེངས་གཅིག་འོང་དུ་བཅུག།འདི་ལྟར་ནུབ་ཡུལ་གྱི་ཕོ་ཉ་མང་དྲགས་པས་དེ་དག་ཚོད་འཛིན་བྱེད་པའི་བྱ་ཐབས་མི་སྤྱོད་ཀ་མེད་དུ་གྱུར་པས་རྒྱལ་སྲས་སྲིད་དབང་གིས་ཤར་ནུབ་འབྲེལ་འོང་གི་ལམ་བུ་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་པར་བྱེད་ནུས་གལ་ཆེན་ཐོན་ཡོད།
བཞི།རྒྱལ་སྲས་སྲིད་དབང་གིས་རྒྱ་བོད་འབྲེལ་ལམ་བཟང་པོ་རྒྱུན་བསྲིངས་ཏེ།དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་བ་སྲ་བརྟན་ཏུ་བཏང་།
          རྒྱལ་སྲས་ཀྱིས་དབང་བསྒྱུར་བྱས་པའི་ལོ་ངོ་ལྔ་བཅུའི་ནང་ཀྲུང་ཞང་ཁྲི་ལོ་དགུ་བའི་སན་ཏུ་ཀུའུ་གཡུལ་འགྱེད་(三都谷之战)སོགས་རྒྱ་བོད་ཕན་ཚུན་གྱི་བར་ལ་འགལ་བ་མི་དམན་པ་གཅིག་ཙམ་ལས་མ་བྱུང་བས་ང་ཚོས་རྒྱལ་སྲས་དབང་བསྒྱུར་དུས་སྐབས་ཀྱི་གྱི་ཐང་ཐུ་བྷོད་སྲིད་དབང་དང་སུང་རྒྱལ་རབས་གཉིས་བར་གྱི་འབྲེལ་ལམ་བཟང་པོ་དེ་གཙོ་ཤུགས་ཡིན་པར་འདོད།འདི་ལྟ་བུའི་འབྲེལ་འོང་བཟང་པོ་མཚོན་པ་འདི་གཞུང་ཕྱོགས་ནས་ཕན་ཚུན་ཕོ་ཉ་འགྲོ་འོང་ཟབ་པ་དང་།དམངས་ཁྲོད་དུ་རྣམ་པ་འདྲ་མིན་གྱི་དཔལ་འབྱོར་རིག་གནས་ཀྱི་སྤེལ་རེས་རེད།
                   རྒྱལ་སྲས་སྲིད་དབང་གིས་སུང་རྒྱལ་ཁབ་ཏུ་མངགས་པའི་ཕོ་ཉ་ཅུང་མང་སྟེ།རྒྱལ་སྲས་སྲིད་ཁྲིར་བཞུགས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ཕོ་ཉ་སུང་ལ་མངགས་པའི་ཟིན་ཐོ་རུ་ཐེངས་ཉི་ཤུ་ལྷག་བསྐྱོད་འདུག་ཅིང་དེར་སུང་སྲིད་གཞུང་གིས་བརྩི་འཇོག་ཆེན་པོ་བྱས་ཏེ།སུང་གིས་ལམ་བར་དུ་ལྷ་ཁང་བཞེངས་ནས་ཕོ་ཉ་བསུ་ལེན་བྱེད་པ་མ་ཟད།ཆིན་ཀྲིག་ཏུ་རྒྱལ་སྲས་ཁྱིམ་རྒྱུད་ལ་རྒྱུ་ནོར་འཇོག་སའི་ས་ཁུལ་ཞིག་བཀོད་སྒྲིག་བྱས་ཤིང་དེ་ལ་རྒྱལ་སྲས་ཚང་གི་གཞིས་ཀ་ཟེར།དེ་བཞིན་སུང་སྲིད་གཞུང་གིས་རྒྱལ་སྲས་ལ་བསྩལ་བའི་ལེགས་སྐྱེས་ཀྱང་ཕྱིས་སུ་རིམ་གྱིས་ཇེ་མང་དང་ཇེ་རྒྱས་སུ་གྱུར།སུང་གིས་ཐོག་མར་ཚུར་འབུལ་གྱི་ལེགས་སྐྱེས་ལྟར་ཕྱིར་དེ་ག་བཞིན་ཕུལ་མོད་སུང་དང་མི་ཉག་གི་གཡུལ་འགྱེད་སྐབས་རྒྱལ་སྲས་ལ་བསྩལ་བའི་ལེགས་སྐྱེས་ནི་དར་ཡུག་ཆེན་ཁྲི་གཉིས་དང་།དེ་བཞིན་དུ་རྒྱལ་སྲས་ཀྱི་ཐོབ་དང་གོ་ས་རྣམས་རིམ་གྱིས་འཕེལ་ཏེ།ཁོང་ལ་ཚོ་དཔོན་དང་།ས་གནས་དཔོན།ཁུལ་ལྟ་ཞིབ་དཔོན་ལ་སོགས་པའི་ཆོ་ལོ་འདྲ་མིན་བསྩལ་ཏེ།འབུལ་རྟེན་ཡང་དེ་ག་བཞིན་འབོར་ཆེན་སྤྲད།་དེ་དག་ནི་མིན་ཏའོ་ཁྲི་ལོ་དང་པོར་ལོ་རེར་དར་ཡུག་ཆེན་བཅོ་ལྔ་དང་།ཇ་བག་ཆ་དང་ཇ་སིལ་མ་རྒྱ་མ་བརྒྱ་དང་ལྔ་བཅུ་རེ།ཅིན་ཏིག་ཁྲི་ལོ་གཉིས་པར་ཟླ་རེར་དར་ཡུག་ཆེན་སུམ་ཅུ།ཇ་བག་ཆ་དང་ཇ་སིལ་མ་རྒྱ་མ་བཞི་བརྒྱ་ལྔ་བཅུ།དེ་བཞིན་དུ་པོ་ཡོན་ཁྲི་ལོ་དང་པོར་དར་ཡུག་སྟོང་གཅིག།ཇ་བག་ཆ་དང་ཇ་སིལ་མ་རྒྱ་མ་སྟོང་རེ་འབུལ་ཞིང་འདི་དག་གིས་རྒྱལ་སྲས་ཀྱི་སྲིད་དབང་དང་སུང་བར་གྱི་འབྲེལ་ལམ་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བ་མཚོན་ཞིང་འབྲེལ་ལམ་བཟང་པོ་འདི་རྒྱལ་སྲས་འདས་པའི་བར་མུ་མཐུད་དེ་གནས།
          རྒྱལ་སྲས་ཀྱིས་སུང་སྲིད་དབང་དང་ཡུན་རིང་གི་འབྲེལ་ལམ་བཟང་པོ་བཙུགས་པས་རྒྱ་བོད་མི་རིགས་མཛའ་མཐུན་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཞིང་དེ་ལྟར་སུང་རྒྱལ་ཁབ་ཀྱི་ཆོག་མཆན་ལྟར་བོད་ཀྱི་ཚོང་བ་འབོར་ཆེན་རྒྱ་ཡུལ་དུ་བསྐྱོད་ནས་ཚོང་ལས་བྱས་པས་གར་འགྲོ་རང་དབང་གི་ཡུལ་ལྟ་བུར་གྱུར་ལ་ཁོ་ཚོས་རྒྱ་རིགས་ལ་མཁོ་བའི་ཚོང་ཟོག་ཁྱེར་ཏེ།དགོས་མཁོའི་ཅ་དངོས་དང་བརྗེ་རེས་བྱས་པར་མ་ཟད།རྒྱའི་ཡུལ་གྱི་སྔོན་ཐོན་ལག་རྩལ་ཡང་སྦྱངས།དེ་བཞིན་དུ་རྒྱ་རིགས་ཚོང་པ་འབོར་ཆེན་གྱིས་ཀྱང་སུང་སྲིད་གཞུང་གི་ཁྲིམས་ལུགས་སྣང་མེད་དུ་བསྐྱུར་ཏེ་བོད་རིགས་མི་དམངས་ཚོར་མཁོ་བའི་དངོས་པོ་རྣམས་བོད་ཁུལ་དང་མཐའ་མཚམས་ས་ཁུལ་ཏུ་ཁྱེར་ཏེ་ཁོ་ཚོ་དང་ཚོང་འབྲེལ་བྱས་པས་བོད་རྒྱའི་མི་དམངས་ཕན་ཚུན་འདུས་སྡོད་དང་དངོས་ཟོག་བརྗེ་རེས་བཅས་བྱས།རྒྱས་ཇ་ལོ་དང་།ཚྭ།དར་གོས།དོང་ཙེ་ལ་སོགས་བཀག་སྡོམ་བྱས་པའི་དངོས་པོ་རྣམས་བོད་ནང་དུ་དྲངས་ཤིང་བོད་ཚོ་བ་ཚོས་རང་གིས་གསོས་པའི་རྟ་མཆོག་རྒྱའི་ཚོང་པར་བཙོང།འདི་ལྟར་འབྲེལ་འོང་ཟབ་པའི་ཚོང་ལས་ཁྲོད་རྒྱ་བོད་མི་རིགས་གཉིས་དབར་གྱི་འབྲེལ་བ་ཇེ་བརྟན་དང་རྒྱུས་མངའ་ཇེ་ཟབ་ཏུ་ཕྱིན་པས་རྒྱས་བོད་ནས་རྟ་ནོར་དང་དངོས་ཟོག་རྣམས་བུ་ལོན་བྱས་ཆོག་ལ་རྒྱ་རིགས་འབོར་ཆེན་བོད་ཁུལ་དུ་བསྐྱོད་དེ་གནས་སྡོད་བྱས་ཏེ།ཞིང་འདེབས་པ་དང་ཕྱུགས་འཚོ་བ་སོགས་བྱས་པར་མ་ཟད་།རྒྱ་བོད་མི་རིགས་དབར་གཉེན་འབྲེལ་བྱུང་བ་སོགས་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་ཏེ་རྣམ་པ་གསར་པ་ཞིག་གྲུབ།རྒྱ་བོད་མི་རིགས་གཉིས་བར་གྱི་འབྲེལ་འོང་ཟབ་མོ་འདིར་སུང་གི་རྒྱལ་བོ་རྣམས་ཀྱི་ཁྲིམས་ལུགས་བཀག་སྡོམ་གྱིས་ཡང་ཡང་རྡུང་རྡེག་བཏང་ནའང་ཡིག་ཆའི་བཀག་རྒྱ་ཙམ་གྱིས་མི་རིགས་གཉིས་དབར་གྱི་དཔལ་འབྱོར་རིག་གནས་ཀྱི་འབྲེལ་འོང་གི་ལམ་བུ་འདི་བཤིག་མ་ཐུབ་པར་དེ་ལས་འབྲེལ་ལམ་དེ་སྔར་བས་ཇེ་ཟབ་ཏུ་ཕྱིན།
གསལ་བཤད།
        བསྒྱུར་རྩོམ་འདིར་རྩོམ་པ་པོའི་དགོངས་དོན་ཇི་ལྟ་བ་བཞིན་བསྒྱུར་བ་ལས་ཁོར་ཡུག་དང་གནས་བབ་སོགས་ལ་བསྟུན་ཏེ།འཕྲི་སྣོན་སོགས་ཅི་ཡང་བྱས་མེད་པས་ཀློག་པ་པོ་སོ་སོས་དཔྱོད་ཤེས་ཀྱིས་བློ་མིག་རྣོན་པོས་སྙིགས་དོར་བཅུད་ལེན་བྱེད་རོགས་མཁྱེན་ཞེས་ཞུ་བ་ལགས།



 
བོད་སིལ་བུ་སྐབས་ཀྱི་མདོ་སྨད་དང་ཙོང་ཁ་རྒྱལ་པོ།
ས་བཅད་དང་པོ།         རྒྱལ་རབས་ལྔའི་སྐབས་ཀྱི་ཁྲིད་བུ་ཚང་གི་དབང་བསྒྱུར།
དུས་རབས་བཅུ་བའི་མགོ་སྟོད་ཀྱི་ཐང་གི་ཡུལ་ཁམས་ནི་དབང་ཤེད་ཅན་ཚོས་ཁྱོད་ཤི་ང་གསོན་ཀྱི་གཡུལ་བཤམ་པའི་ལོ་ཟླ་ཅིག་དང་།ཐང་རྒྱལ་ཁབ་མཐར་དུམ་བུར་གྱེས་ཏེ་རང་ས་བཅད་བཟུང་བྱེད་པའི་བཀོས་བཀོད་རྒྱུད་འཛིན་གྱི་ས་གནས་སྲིད་དབང་བཅུ་ཙམ་དུ་གྱུར་ཞིང་ལོ་རྒྱུས་སུ་དེ་ལ་རྒྱལ་རབས་ལྔའི་རྒྱལ་ཁབ་བཅུ་ཟེར།སྐབས་དེ་ཤེད་དུ་ཐུ་བྷོད་བཙན་པོའི་ཡུལ་ཁམས་ཀྱང་སིལ་བུར་འཐོར་ཏེ་ལུང་ཕྲན་རེ་ལ་རྒྱལ་ཕྲན་རེ་བྱུང་བས་གཅིག་གྱུར་གྱི་རྒྱལ་པོ་མ་བྱུང་།འདི་ལྟ་བུའི་གནམ་ས་བླ་འོག་བསྒྱུར་འདྲའི་འཕོ་འགྱུར་འདི་བྱུང་རྗེས་ཧི་ཞི་(河西)་དང་གཙང་གསུམ་བཞུར་རྒྱུད་དུ་རིམ་གྱིས་ལིང་ཇུ་རོང་དྲུག་ཚོ་བ་གཙོ་བྱས་པའི་ཐུ་བྷོད་ཀྱི་དབང་བསྒྱུར་སྟོབས་ཤུགས་བྱུང་ལ་དེ་ནི་ཐུ་བྷོད་ཁྲིད་བུ་ཚང་གི་དབང་བསྒྱུར་མངའ་ཁོངས་རེད།
ལིང་ཇུ་ནི་དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུ་ཝེ་(武威)་གྲོང་ཁྱེར་དང་དེ་ནི་རྨ་ནུབ་དོག་ལམ་དང་དར་ལམ་གྱི་འགངས་ཆེ་བའི་གནས་ཤིག་ཡིན་ལ་ཀྲུང་གོའི་ལོ་རྒྱུས་སྟེང་གི་སྙན་གྲགས་ཀྱི་རྫ་རྔ་སིང་སིང་ལྡིར་བའི་གྲོང་ཁྱེར་ཞིག་ཀྱང་རེད།འོན་ཏེ་གཞི་རྒྱ་ཆེ་ས་ནས་བརྗོད་ཚེ་ས་ཁོངས་དེ་རྒྱ་ཆེ་ལ་མངའ་ཁོངས་ཀྱི་ལྟེ་བ་འཕེལ་འགྱུར་གྱི་གོ་རིམ་མི་འདྲ་བ་གཉིས་རྒྱུད་འདུག      རྒྱལ་ཁབ་གསུམ་གྱི་སྔོན་ཏུ་ལིང་ཇུའི་དབང་བསྒྱུར་བྱེད་ཡུལ་ནི་ཡུས་ཁྲུན་(翼城)ཏེ།དེང་སང་གི་ཀན་སུའུ་ཞིང་ཆེན་ཐན་ཧྲེ་(天水)་གྲོང་ཁྱེར་ཀན་གོ་རྫོང(甘谷)་གི་ནང་ཁུལ་རེད།ཧན་ཝི་ཏུས་(汉武帝)ཡོན་སའོ་ཁྲི་ལོ་གཉིས་པར་ཡོང་ཀྲིག་(雍州)་དེ་ལིང་ཇུ་རུ་བརྗེས་ཤིང་དེའི་དབང་བསྒྱུར་མངའ་ཁོངས་སུ་ཕལ་ཆེར་ཧི་ཞི་(河西)་ཡོངས་རྫོགས་ཚུད་ཡོད།ཧོང་ཁྲི་ཁྲི་ལོ་དང་པོར་རྒྱལ་ཁབ་གསུམ་གྱི་གོང་མ་ཝེ་ཝིན་(魏文帝)་གྱིས་ཚའི་ཕིས་(曹丕)ཆིན་ཀྲིག་ཏུ་མངགས་ཞིང་ལིང་ཇུ་དབང་བསྒྱུར་ཁུལ་ནུབ་གྱི་རྒོད་གཙང་དེ་དེང་སང་གི་ཝུ་ཝེ་གྲོང་ཁྱེར་དུ་སྤར་ཏེ།ཅིན་ཁྲིན་(金城)དང་།ཞི་ཕིན་(西平)།ཨན་ཏིན(安定)།པེ་ཏུས(北地)ལིང་ཇུ་(武威)།ཀྲང་ཡར(张掖)།ཅུག་ཆོན་(酒泉)།ཏུན་ཧོང་(敦煌)།ཞི་ཧེར(西海)་བཅས་དེང་སང་གི་རྨ་ནུབ་དོག་ལམ་དང་མཚོ་སྔོན་ཤར་བྱང་ཁུལ།ཉིན་ཤྭ་ལྷོ་ཁུལ་སོགས་འདུས་པའི་རྫོང་དགུ་ལ་དབང་བསྒྱུར།དེ་ནས་ཆིན་()་རྒྱལ་རབས་བར་ལིང་ཇུ་སྲིང་གཞུང་གིས་རྒོད་གཙང་དང་།ཡུང་ཁྲང་(永昌)།ཀྲིན་ཧྥན(镇番)།གོ་ལིང།(古浪)ཕིན་ཧྥན་(平番)བཅས་རྫོང་ཁག་ལྔར་དབང་བསྒྱུར།དེ་ཡང་རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ་རུ་ཐང་གི་མངའ་ཐང་དར་རྒྱས་ཀྱི་རྩེ་མོར་སོན་དུས་ཧི་ཞི་(河西)དང་།ལུང་ཧྲི(陇右)་སོགས་ཁུལ་སོ་གསུམ་ཁྲོད་ལིང་ཇུ་ནི་སྟོབས་འབྱོར་ཆེ་ལ་ས་བཅུད་འཛོམས་ཤིང་མི་ཕྱུགས་འཕེལ་བས་གནས་འདིར་ཐང་གིས་རྟ་གསོས་ཤིང་རྟ་རྭ་བརྒྱད་བཙུགས་པས་རྟ་ཁྲི་སུམ་ཅུ་ལྷག་ཡོད་ཟེར།ལིང་ཇུ་ལྷོ་རྒྱུད་དེ་ཧིན་ཧྲན་རི་བོ་(横山)་དང་འབྲེལ་ཞིང་ནུབ་ཕྱོགས་ནུབ་ཡུལ་དུ་ཟུག།ཤར་ཧི་ཞི་(河西)་རུ་སླེབས་ཤིང་ས་ལ་དགེ་བཅུ་ཚང་བས་ལིང་ཇུ་ཞེས་པ་ནི་གནམ་འོག་ཕྱུགས་ས་ཨང་དང་པོ་རུ་ངོས་འཛིན་བྱེད།འདིར་ལིང་ཇུ་དེ་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པར་མ་ཟད།རང་བྱུང་ཁོར་ཡུག་ཀྱང་རྣམ་པར་མཛེས་པ་ཞིག་རེད།
རོང་དྲུག་གི་ཐུ་བྷོད་ཚོ་བ་ནི་ལིང་ཇུ་ལྟེ་བ་བྱས་བའི་ཐུ་བྷོད་རྣམས་འདུས་སྡོད་བྱེད་སའི་ས་ཁུལ་གཙོ་བོ་རེད།(续资治通鉴长编)་ལས་རོང་དྲུག་པ་རྣམས་ནུབ་བྱང་གི་བོད་ཡིན་ལ་སྤྱང་ཚོ་བའི་ཁྲོད་དཔའ་ཞིང་མཛངས་ཟེར།རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་ཆེ་བའི་བསམ་པར་རོང་དྲུག་ནི་ལིང་ཇུ་ནུབ་ངོས་སུ་རླུང་གཡབ་ཀྱི་དབྱིབས་སུ་གྲུབ་པའི་རོང་དྲུག་གིས་གྲུབ་པར་འདོད་ཅིང་འདིར་སོམ་ཉི་བྱེད་སའི་གནས་སྤུ་ཙམ་ཡང་མ་མཆིས།ང་ཚོས་བསམ་པར་འདི་འདྲའི་ས་ཁམས་ཀྱི་འདུ་ཤེས་འདི་ད་དུང་འཐུས་ཚང་མིན་པར་སྙམ་པས་དེ་ལས་ཀྱང་ཁུངས་བཙུན་པའི་བདེན་དཔང་འཚོལ་གྱིན་འདུག།ཐོག་མར་རོང་དྲུག་ཐུ་བྷོད་ཚོ་བ་ནི་རོང་དྲུག་ཁོ་ན་མ་ཡིན་པར་དེ་ནི་རོང་དྲུག་པོ་འདུས་སྡོད་བྱེད་སའི་གནས་གཙོ་བོ་ཡིན་འོས་ལ་ང་ཚོས་ལོ་རྒྱུས་ཡིག་ཆར་ཡང་ཁུངས་སྣེ་ཕྲན་བུ་རེ་རྙེད་ཐུབ།ལོ་རྒྱུས་སྟེང་བྱུང་བའི་ཡང་ཧྥེ་རོང་(妃阳谷)ནི་ལིང་ཇུ་ནུབ་ལྷོའི་ལྷོ་སྒར་ཆུ་ལག་སྟོད་རྒྱུད་ཀྱི་དེང་སང་གི་དཔའ་རིས་རྫོང་གི་མདོ་ལ་དང་འདན་མ་ནང་ཁུལ་གྱི་པིན་གོ་གཙང་པོ་(冰沟河)།ཆུ་ཆེན་གཙང་པོ(大水河)།ཞིས་ཧྲོས་གཙང་པོ་(细水河)བཅས་ཀྱི་བཞུར་རྒྱུད་ཡིན་ལ་འདི་ནི་ལྷོ་རི་ཚོ་བཞིའི་ས་ཁུལ་ཡིན་ཞིང་ད་ལྟའི་བར་འབྲོག་ཁུལ་དང་རོང་དྲུག་གི་ཡ་གྱལ་དུ་ངེས།ལོ་རྒྱུས་ཡིག་ཚང་ཁྲོད་ཀྱི་ཧོང་ཡོན་རོང་(洪源沟)་ནི་དེང་སང་གོ་ལིང་གཙང་པོ་(古浪河)བཞུར་རྒྱུད་ཡིན་ལ་དོན་དངོས་སུ་གོ་ལིང་འགག(古浪峡)་སྟོན་གྱིན་ཡོད།དེའི་བཞུར་ཡུལ་ནི་དཔའ་རིས་རྫོང་ཝི་ཞའོ་ལིན་ལོག་གི་ཨན་ཡོན་གཞོང་ས་(安远盆地)དང་།མཆོད་རྟེན་དཀར་པོ།ལུང་གོ(龙沟)།ཞ་མ་(夏玛)།མགུ་ལིང་ཧོང་ཡང་ཁྲོན་(黄羊川)་ཆུ་བོ་སོགས་ཡིན།དེང་སང་གི་ས་ཁམས་གནས་བབ་ལྟར་གཟིགས་ཚེ་དེས་ལིང་ཇུ་ལྷོ་ངོས་ཡོངས་ཟིན་ཞིང་འདི་ཉིད་རོང་དྲུག་གི་ཡ་གྱལ་དུ་བགྲང་འོས།དེ་ཡང་(武经总要)་ནང་ལིང་ཇུ་མངའ་ཁོངས་སུ་ཧའོ་མིན་གཙང་པོ་དང་།རོང་དྲུག།འ་ཞ་བཅས་འདུས་ཞེས་བཀོད།ཧའོ་མིན་གཙང་པོ་ནི་དེང་སང་གི་(大通河)འཇུ་ལག་ཆུ་བོ་དང་།དེའི་བཞུར་ཡུལ་གྱི་དེང་གི་མཚོ་སྔོན་གྱི་མདོ་ལ་དང་།རྟ་རྒྱུགས་ཐང་།མིན་ཡོན།ཧའོ་ཀྲའོ་དང་།ཀན་སུའུ་དཔའ་རིས།ཡུང་ཏིན་(永登)།ཧོང་ཀུའུ་(红古)་བཅས་ཡིན་པས་རོང་དྲུག་གི་ནང་དུ་ཧའོ་མིན་རོང་ཡང་འདུ་འོས།གོང་གི་རོང་གསུམ་པོ་རྩ་བའི་ཆ་ནས་གཏན་འབེབས་བྱེད་ཐུབ་མོད་དེ་མིན་གྱི་རོང་གསུམ་པོ་ལོ་རྒྱུས་ཡིག་ཚང་དུ་བཀོད་མེད།འོན་ཏེ་སུང་རྒྱལ་རབས་སྐབས་ཀྱི་ཐུ་བྷོད་ཚོ་བའི་མངའ་ཁོངས་དང་སྐབས་དེ་ཤེད་ཀྱི་རོང་དྲུག་ཚོ་བའི་རྟེན་གཞིར་གཞིགས་ཚེ་ང་ཚོས་བསམ་པར་ཀྲོན་ལིང་(庄浪河谷)་གཙང་རོང་དེ་རོང་གཅིག་ཏུ་རྩིས་འོས་སྙམ།དེའི་སྟེང་དུ་ད་དུང་རྒོད་གཙང་ནུབ་ལྷོ་དང་ཡུང་ཁྲང་(永昌)་ལྷོ་རའི་ཤར་གཙང་རོང་ཆེན་མོ་དང་ནུབ་གཙང་རོང་ཆེན་མོ་བཅས་སྡོམ་པའི་རོང་དྲུག་ཡིན་ལ་རོང་དྲུག་པོ་འདི་ལོ་རྒྱུས་སྟེང་གི་དཔའ་རིས་ས་ཁོངས་དང་མཐོད་གཏུགས་ཐུབ།རོང་དྲུག་ཐུ་བྷོད་ཚོ་བའི་སྲིད་དབང་གི་ཆགས་གྲུབ་དེ་དུས་རིམ་མི་འདྲ་བ་གཉིས་བརྒྱུད་ཅིང་དུས་རིམ་དང་པོ་ནི་ཐང་མཇུག་གི་རྒྱལ་རབས་ལྔ་དང་རྒྱལ་ཕྲན་བཅུ་ནས་སུང་བྱང་མའི་སུང་ཀྲིན་ཙུང་ཞན་ཕིན་ཁྲི་ལོ་གསུམ་པའི་བར་ཡིན་ལ་དེ་ནི་ཐུ་བྷོད་ཚོ་དཔོན་ཁྲིད་བུ་ཚང་གི་དབང་བསྒྱུར་དང།དུས་རིམ་གཉིས་པ་ནི་སུང་བྱང་མའི་དུས་འགོར་ཐུ་བྷོད་ཚོ་བའི་ཚོ་དཔོན་དུ་གྱུར་པ་འཕན་བློ་གྲོས་ཀྱི་དབང་བསྒྱུར་རེད།
ཐང་ཀོན་ཏིག་ཁྲི་ལོ་དང་པོ་(763)་ཐུ་བྷོད་ཀྱིས་ཁྲང་ཨན་གཏོར་ཞིང་ཀོན་ཏིག་ཁྲི་ལོ་གཉིས་པར་ཞང་ཆེན་པོ་ཀླུ་ཞེན་གྱིས་ཐུ་བྷོད་ཀྱི་དམག་དཔུང་ཁྲིད་དེ་ལིང་ཇུ་འཕྲོག།འདི་ནི་གཙང་ནུབ་དང་མཚོ་ཤར་ས་ཁུལ་བོད་ལག་ཏུ་ཤོར་བའི་ཆེས་མཐའ་མཇུག་གི་གྲོང་འགངས་ཆེན་ཞིག་རེད།འདིའི་རྗེས་ནས་ཐང་ཞན་ཐུང་ཁྲི་ལོ་གཉིས་པར་(816)་ཀྲང་ཡིས་ཁྲའོ་(张义潮)་ཡིས་ཐུ་བྷོད་དང་རྒྱ་དམག་བདུན་སྟོང་ཙམ་ཁྲིད་དེ་ལིང་ཇུར་རྒོལ་ཞིང་ཐུ་བྷོད་ཀྱིས་ལིང་ཇུ་ལོ་ངོ་བརྒྱ་ལ་ཉེ་བའི་རིང་ཐད་ཀར་དབང་བསྒྱུར་བྱས།གནས་བབ་འདི་མུ་མཐུད་དེ་མ་གནས་ཀྱང་ཉེ་བའི་ལོ་ངོ་བརྒྱ་སྟེ།མི་རབས་གསུམ་གྱི་རིང་ལ་ཐུ་བྷོད་རྣམས་འདུས་སྡོད་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ལ་འདི་ནི་གལ་ཆེ་བའི་མི་རིགས་ཤིག་འཕེལ་འགྱུར་བྱེད་པའི་དུས་སྐབས་ཤིག་ཀྱང་རེད།དེ་བས་ཐང་མཇུག་གི་རྒྱལ་རབས་ལྔ་དང་སུང་གི་མགོ་སྟོད་ལ་དེ་ཉིད་ཐོག་མཐའ་ཀུན་ཏུ་ཐུ་བྷོད་ཚོ་བས་བཟུང་ཞིང་ཁོ་ཚོས་ཡུལ་དབུས་རྒྱལ་རབས་དང་རྟེན་འབུལ་འདེགས་རེས་ཀྱི་འབྲེལ་ལམ་བཟུང་།རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མའི་ཐུ་བྷོད་ཏུ་བཀོད་པ་ལྟར་ན་ཐང་གི་ཁྲང་ཞིན་ཁྲི་ལོ་བཞི་པ་(933)་ལོར་ལིང་ཇུ་ས་གནས་དཔོན་སུང་ཀྲའོ་(孙超)་ཡིས་ཐོ་པ་དམག་སྤྱི་ཆེན་མོ་ཁྲུན་ཞི་དང་།དགེ་སློང་།ཏའོ་ཆོས་པ།ཧྲི་ལོ་ཡང་བཅས་ལ་ཡི་གེ་སྤྲིངས་ཏེ།རྒྱལ་སར་འབྱོར་ཞིང་མིན་ཙུང་གིས་སུང་ཀྲའི་ཁུལ་ལྟ་ཞིབ་དཔོན་དུ་བསྐོས།ཆིན་ཐའེ་ཁྲི་ལོ་དང་པོ་(934)་ལོར་ལྟ་ཞིབ་དཔོན་གྱི་སྐུ་ཚབ་ལི་ཝིན་ཆན་(李文谦)་བཀའ་དང་ལེན་བྱས་ཤིང་ལོ་འགའི་རྗེས་སུ་ལིང་ཇུའི་མི་རྣམས་ཀྱིས་ཝུན་ཆན་གནས་དབྱུང་བཏང་བ་དང་།ལིན་ཝུ་(灵武)་ཧྥུན་ཧུན་(冯晖)་གྱིས་དམག་སྤྱི་ཝུ་ཅིས་ཞིན་(吴继兴)་མངགས་ཏེ།ཝིན་ཆན་གྱི་ཚབ་བྱེད་དུ་བཅུག་ལ་འདི་ནི་ཐན་ཧྥུ་ཁྲི་ལོ་བདུན་པ་(942)་རེད།དེའི་ཕྱི་ལོར་ཅིན་ཀོ་ཙུང་གིས་ཅིན་ཀྲིག་(泾州)་དང་ཁྲུན་ཐིན་ཧུན་(陈延晖)་ལ་གཞུང་ཡིག་བསྩལ་ཏེ།ལིང་ཇུར་མངགས་ཤིང་ལིང་ཇུའི་མི་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོབ་མཛད་པས་ཐུན་ཧུན་ས་གནས་དཔོན་ཆེན་དུ་བསྐོས།དེ་ནས་ཧན་ཡུ་ཏུས་(汉隐帝)བར་དུ་ལིང་ཀྲིག་སྐུ་ཚབ་དེ་ཁྲིད་བུ་རྒྱལ་སྲས་ཀྱིས་མཛད་ཅིང་ཧན་གྱིས་སྐབས་སུ་དེ་མ་ཐག་མཐའ་སྲུང་དཔོན་དུ་བསྐོས།ཀྲིག་ཀོན་ཧྲིན་ཁྲི་ལོ་གཉིས་པ་(952)་ལོར་ཁྲིད་བུ་རྒྱལ་སྲས་ཀྱིས་མི་མངགས་ཏེ།དམག་སྤྱིའི་འགན་བླང་།དེ་དུས་ཧྲོ་མིས་ཧྲིས་ཝང་ཅིན་ཅོན་(王峻荐)གྱི་གྲོགས་པོ་ཧྲིན་ཧྲི་ཧོ་མཐའ་སྲུང་སྤྱི་ཁྱབ་དཔོན་དུ་བསྐོས།ལིང་ཀྲིག་དེ་བྱང་ཁུལ་མིི་རིགས་འདུ་འཛོམས་བྱེད་ཡུལ་ཞིག་ཡིན་ལ་ཧྲི་ཧོ(师厚)་བློ་ཆུང་ལ་འཇོན་ཐང་ཆུང་བས་ཧྲི་ཙུང་གི་སྐབས་སུ་ཧྲི་ཧོས་རང་ཉིད་ཀྱི་བུ་བསྐྱུར་ཏེ་བྲོས་ཤིང་ཕྱིས་སུ་ལིང་ཇུ་དེ་རིམ་གྱིས་རྒྱ་ནག་དང་རིང་དུ་གྱེས་ཞེས་བཀོད།
ང་ཚོས་བསྐྱར་དུ་གཤམ་གསལ་གྱི་ལོ་རྒྱུས་དེབ་ཐེར་ཁྲོད་བཀོད་པའི་ཡིག་ཆ་རྣམས་ལ་གཟིགས་པར་བྱ།
སུང་བོད་ཀྱི་ལོ་རྒྱུས་སུ་ཆན་ཏིག་ཁྲི་ལོ་བཞི་བ་(966)་ལོར་ཞི་ལིང་གཞུང་གི་ཁྲིད་བུ་དགའ་ཁྲི་ཡིས་སུང་སྲིད་གཞུང་ལ་གྲུ་གུ་བ་ཉིས་བརྒྱ་ལྷག་དང་རྒྱའི་བཙུན་པ་དྲུག་ཅུ་ཙམ་སའོ་ཧྥང་(溯方)་བརྒྱུད་ནས་འོང་སྟེ་ཚོ་བ་རྣམས་བཅོམ་ལ་བཙུན་པས་འཕགས་ཡུལ་དུ་བསྐྱོད་དེ་དམ་ཆོས་ཞུ་འདོད་པས་ཀན་ཀྲིག་ཏུ་འབྱོར་ཞེས་ཀྲའོ་པོས་ལན་གནངས།
དེ་མིན་ད་དུང་སུང་བོད་ཀྱི་ལོ་རྒྱུས་སུ་ཁྲུན་ཧ་ཁྲི་ལོ་གཉིས་པ་(991)་ཞི་ལིང་གཞུང་(西凉府)་གི་གཡོན་རུའི་རྒྱལ་པོ་བློ་དཔག་(押蕃落副)་གིས་ཁྲིད་བུ་ཡོན་ཏན་སྐྱེས་འབུལ་བར་མངགས་ཤིང་ཁྲུན་ཧ་ཁྲི་ལོ་བཞི་བར་ཡོན་ཏན་འདས་བས་ཁོའི་གཅུང་ཀླུ་འབུམ་ལ་ཕའོ་ཧྲིན་ལིང་(保顺郎将)་དམག་སྤྱིའི་འགན་བཞེས་སུ་བཅུག།ཁྲུན་ཧ་(淳化)་ཁྲི་ལོ་ལྔ་བའི་དཔྱིད་དུས་ཞི་ལིང་གཞུང་(西凉府)་གི་གཡོན་རུ་རྒྱལ་པོ་བློ་དཔག་(押蕃落副)་གིས་ཁྲིད་བུ་ཀླུ་འབུམ་དང་ཏོ་ལོ(都罗)་ཚོ་བའི་ཚོ་དཔོན་མངགས་ཏེ་རྟ་འབུལ་བར་འབྱོར་ཞེས་བཀོད།
(续资治通鉴长编)ས་བཅད་ཞེ་གསུམ་དུ་ཞན་ཕིན་ཁྲི་ལོ་དང་པོ(998)་ཟླ་བཅུ་གཅིག་པར་ཧི་ཞི་དམག་གི་གཡོན་རུས་གེ་ཏིག་(归德)དམག་སྤྱི་ཁྲིད་བུ་ཀླུ་འབུམ་སུང་སྲིད་གཞུང་ལ་ཕོ་ཉར་བརྫངས་ཤིང་ཀླུ་འབུམ་ལ་ཨན་ཡོན་དམག་(安远)སྤྱི་ཆེན་མོའི་དཔོན་གནས་བསྩལ།
(续资治通鉴长编)ས་བཅད་ཞེ་གསུམ་དུ་ཞན་ཕིན་ཁྲི་ལོ་གསུམ་པ་(1000)་ཟླ་བཅུ་པར་ཞི་ལིང་གཞུང་(西凉府)་རོང་དྲུག་གི་ཚོ་དཔོན་ཆེན་མོ་ཁྲིད་བུ་ཀླུ་འབུམ་ལ་དམག་སྤྱི་དང་།ལིང་ཅང་(郎将)་སི་ཀུ་(司戈)་སོགས་མཚན་གསོལ།
(续资治通鉴长编)ས་བཅད་ཞེ་དགུ་རུ་ཞན་ཕིན་ཁྲི་ལོ་བཞི་བ་(1001)་ཟླ་བཅུ་བར་ཞི་ལིང་གཞུང་གི་རོང་དྲུག་ཚོ་དཔོན་ཆེན་མོ་འཕན་བློ་གྲོས་ཡན་ཀྲིག་(盐州)་ལྟ་སྲུང་དཔོན་དང་ལིན་ཀྲིག་(灵州)་ནུབ་ངོས་ཀྱི་མྱུལ་ཞིབ་དཔོན་དུ་བརྫངས་ཤིང་ཐོག་མར་མཐའ་སྲུང་དམག་དཔོན་ལིས་ཇུས་ཧག་(继迁)་དང་འདུམ་པས་འཕན་བློ་གྲོས་ལ་ཚིས་ཧྲི(刺史)་ཡི་ཐོབ་དང་ཡི་གེ་གནངས།དེ་ནས་ཀྲང་ཆིས་ཞན་(张奇贤)་ཀྱིས་རོང་དྲུག་དཔོན་གྱི་མཚན་གསོལ་ཞིང་ལིན་ཀྲིག་(灵州)་ནུབ་མའི་མྱུལ་ཞིབ་དཔོན་གྱི་གོ་གནས་ཡང་གནངས་ཤིང་ལག་རྗེས་འཇོག་པར་རེ་བས་ཅེ་ཡོ་(节钺)དཔོན་གྱི་གོ་གནས་གསོལ་ཞིང་བློན་བསྡུས་ཏེ་དོན་དེ་མོལ་བས་འཕན་བློ་གྲོས་ནི་ཚོ་དཔོན་ཡིན་ལ་ཐུ་བ་འཇུ་ཆེན་བཀུམས་པས་ཚིས་ཧྲི་(刺史)་ཡི་དཔོན་གནས་སྤྲོད་སྒུག་ཡང་གོ་གནས་འདི་ཆུང་བས་ཅེ་ཡོ་(节钺)་མ་གནངས་བར་རྒྱལ་པོའི་མཚན་གསོལ་ཡང་འདི་ཉིད་རྒྱུན་སྲོལ་དང་འགལ།དེ་ཅིའི་ཕྱིར་ཅེ་ན་མཚན་བྱང་འདི་སྤྱིར་འདི་མཐའ་མི་ལ་གསོལ་བའི་ལུགས་མེད་པས་འགོག་སྲུང་མྱུལ་ཞིབ་དཔོན་གྱི་མཚན་གསོལ།
ཁྲིད་བུ་ཀླུ་འབུམ་ནི་རོང་དྲུག་ཚོ་བའི་ཚོ་དཔོན་ལོ་གཅིག་ཁོ་ན་མཛད་རྗེས་འཕན་བློ་གྲོས་ཀྱིས་ཚབ་བགྱིས་པ་མཐོང་ཐུབ་ལ་དེའི་རྒྱུ་རྐྱེན་གཙོ་བོ་ནི་ཀྲང་ཆིས་ཞན་(张奇贤)་གྱིས་སུང་སྲིད་གཞུང་ལ་ཞུ་འབུལ་བྱས་ཏེ་བྱུང་བའི་ཞི་འཇམ་གྱི་དབང་ཆ་བརྗེ་བསྒྱུར་བྱས་པ་ལས་ནང་ཁུལ་གྱི་འགལ་བ་མིན་ལ་སུང་སྲིད་གཞུང་གིས་ཐུ་བ་འཇུ་ཆེན་འགོག་རྒོལ་བྱེད་པའི་ཆབ་སྲིད་དང་དམག་དོན་གྱི་དགོས་མཁོ་བཅས་ཀྱིས་ཐད་ནས་ཡིན་ཡང་དེ་ལའང་ཆ་རྐྱེན་ངེས་ཅན་མཁོ་བས་གཤམ་གསལ་གྱི་ཡིག་ཆར་གཟིགས་ཚེ་རགས་ཙམ་རྟོགས་ཐུབ།
(续资治通鉴长编)་ས་བཅད་ཞེ་དགུ་བར་བཀོད་པར་ལྟར།
ཞན་ཕིན་(咸平)་ཁྲི་ལོ་བཞི་པ(1001)་ཟླ་བཅུ་པར་ཞི་ལིང་གཞུང་(西凉府)་རོང་དྲུག་གཡོན་རུའི་རུ་དཔོན་གཞོན་པ་ཁྲིད་བུ་ཀླུ་འབུམ་་གྱིས་ཡིག་ཀྲིག(宥州)་ལྟ་ཞིབ་དཔོན་དང་དེ་མིན་ཏོ་ལོ་ཚོ་བའི་ཚོ་དཔོན་ཁྲིའུ་ཧྲི་ཆིས་(褚实奇)་སོགས་མི་གསུམ་ཞི་འདུལ་དམག་དཔོན་ཆེན་མོར་བསྐོས་ཤིང་ཞི་ལིང་(西凉)སུང་གི་ཕོ་བྲང་དུ་བསྐྱོད་དེ་རོང་དྲུག་དེ་གཡས་གཡོན་རུ་གཉིས་སུ་དབྱེ་ཞིང་གཡོན་རུའི་དཔོན་ནི་ཀླུ་འབུམ་དང་གཡས་རུའི་དཔོན་ནི་ཚེ་ལོ་ཞི་པོ་(促勒锡卜)་ཡིན་ཞིང་སུང་ནས་ཕེབས་པའི་བཀའ་ལུང་ཡོད་དོ་ཅོག་ཀླུ་འབུམ་ཁོ་ནས་ལག་ཏུ་བསྟར་གྱིན་ཡོད་ལ་མཐའི་ཡུལ་གྱི་གནད་དོན་རྣམས་འཕན་བློ་གྲོས་ལ་བློ་འདྲི་ཞེས་ཞུས།
ཁྲིད་བུ་མི་རབས་བཞིས་ལིང་ཇུ་ལ་དབང་བསྒྱུར་བྱས་ཤིང་ཕལ་ཆེར་མི་ལོ་ང་གཅིག་ཟིན་ཞིང་དེ་བཞི་པོའི་དབང་བསྒྱུར་གྱི་དུས་ཡུན་རྣམས་དབྱེ་ན་འདི་ལྟ་སྟེ།
ཁྲིད་བུ་རྒྱལ་སྲས་ཀྱིས་ཆན་ཡིག་ཁྲི་ལོ་གཉིས་པ་(949)ལོར་དཔོན་གྱི་འགན་བཞེས་ཏེ་ཧི་ཞི་སྤྱི་ཁྱབ་དཔོན་དང་ཧི་ཞི་དམག་དཔུང་གི་སྤྱི་ཁྱབ་དཔོན་གྱི་སྐུ་ཚབ་(留后)་བྱས།
ཁྲིད་བུ་དགའ་ཁྲིས་ཞན་ཏིག་ཁྲི་ལོར་འགན་བཞེས་ཏེ་ཞི་ལིང་གཞུང་གི་དཔོན་བྱས།
ཁྲིད་བུ་ཡོན་ཏན་གྱིས་ཐའེ་ཕིན་ཁྲི་ལོ་བརྒྱད་པར་(983)དཔོན་གྱི་གོ་གནས་བླངས་ཏེ་ལིང་ཇུ་དཔོན་དང་གཡོན་རུའི་རྒྱལ་པོ་མཛད།
ཁྲིད་བུ་ཀླུ་འབུམ་གྱིས་ཁྲུན་ཧ་ཁྲི་ལོ་བཞི་བ་(993)ཡོན་ཏན་གྱི་ཚབ་བྱས་ཏེ་དཔོན་གནས་བཟུང་།ཞན་ཕིན་(咸平)ཁྲི་ལོ་གསུམ་པ་(1000)ལིང་ཇུ་རོང་དྲུག་གི་ཚོ་དཔོན་ཆེན་མོ་བྱས།
ཞོར་ལ་ངེས་པར་དུ་གསལ་བཤད་གནངས་རྒྱུ་དེ་ཁྲིད་བུ་ཚང་ནི་ཐུ་བྷོད་ལས་བོད་འབངས་མིན་ལ་(塭末)རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་བའི་ཐུ་བྷོད་ཅེས་པའི་ནང་དུ་ཁྲིད་བུ་རྒྱལ་སྲས་ནི་དཔོན་པོ་རེད་ཅེས་གསལ་བོར་བཀོད་འདུག་ལ་འདིས་ཁྲིད་བུ་ཚང་ལིང་ཇུ་རུ་ཡུན་རིང་འཚོ་སྡོད་བྱས་ཤིང་སྟོབས་འབྱོར་གཉིས་ལྡན་ཞིག་ཡིན་པ་མཚོན།གལ་ཏེ་ནོར་འཁྲུལ་བྱུང་མེད་ན་བོད་སྐད་ཀྱི་ཁྲིད་བུ་ཅེས་པ་ནི་རྗེ་པོ་ཡིན་འོས་ལ་མཁས་པ་ལ་ལས་ཆེད་པོ་ཡིན་པར་ཡང་དགོངས་ཀྱིན་འདུག།དེ་བཞིན་དུ་སུང་རྒྱལ་རབས་ཀྱི་ལོ་རྒྱུས་དེབ་ཐེར་མང་པོའི་ཁྲོད་ཁྲིད་པོ་ཚང་ཐུ་བྷོད་ཡིན་ལ་ཕྱིས་སུ་ལིང་ཇུ་རུ་སྡོད་པའི་བོད་འབངས་(塭末)་ཡིན་ཞེས་བརྗོད་པས་ལིང་ཇུ་རུ་ལོ་ངོ་བརྒྱ་ཕྲག་བསྡད་པའི་ཐུ་བྷོད་དང་འདྲེས་པ་རེད་ཅེས་པ་ནི་ཡིད་རྟོན་རུང་ངོ་སྙམ།ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་ཁྲིད་བུ་ཚང་ནི་མི་རབས་གསུམ་ལས་བཞི་རུ་དགོངས་ཀྱིན་མེད་ཅིང་དེའི་རྒྱུ་རྐྱེན་ནི་ཁྲིད་བུ་རྒྱལ་སྲས་དང་ཁྲིད་བུ་དགའ་ཁྲི་ཡི་བོད་སྐད་ཀྱི་གདངས་འདྲ་བས་ང་ཚོས་ནོར་འདུག་སྙམ་ལ་དོན་དངོས་ཐོག་མི་བཞི་རེད།(续资治通鉴长编)་ཞེས་པའི་ས་བཅད་སོ་དགུ་རུ་ཞན་ཕིན་ཁྲི་ལོ་དང་པོ་(998)་ཧི་ཞི་དམག་གི་གཡོན་རུ་དམག་སྤྱི་ཁྲིད་བུ་ཀླུ་འབུམ་སུང་ལ་བསླེབས།ཧི་ཞི་དམག་ནི་ལིང་ནུབ་མའི་གཞུང་སྟེ་ཀླུ་འབུམ་མི་རབས་བཞི་སུང་སྲིད་གཞུང་གིས་ཚོ་དཔོན་དུ་བསྐོས་ཤིང་སྐྱེས་འབུལ་རང་དགར་མ་བཏེགས་ཀྱང་དེང་ནས་བཟུང་ཆིབས་རྟ་ཉིས་སྟོང་ལྷག་འབུལ་ཞེས་པའི་ཚན་པ་འདིས་གནད་དོན་དེ་གསལ་བཤད་ལེགས་པོ་བྱེད་ཐུབ།
ས་བཅད་གཉིས་པ།       སུང་གི་དུས་མགོའི་འཕན་བློ་གྲོས་ཀྱི་དབང་བསྒྱུར།
宋会要辑稿。西凉府 ཅེས་པར་ཞན་ཕིན་(咸平)ཁྲི་ལོ་བཞི་བའི་ཚེས་བཅུ་ལ་རོང་དྲུག་ཚོ་བའི་མགོ་དཔོན་འཕན་བློ་གྲོས་ཡན་ཀྲིག་(盐州)་འགོག་སྲུང་དཔོན་དང་ལིན་ཀྲིག་(灵州)ལྷོ་ངོས་ཀྱི་ལྟ་ཞིབ་དཔོན་གཅིག་ལྕོགས་སུ་བསྐོས་ཞེས་བཀོད་ལ།འདི་ནི་ལོ་རྒྱུས་དེབ་ཐེར་སྟེང་བཀོད་པའི་འཕན་བློ་གྲོས་ཀྱི་མཚན་དང་དཔོན་གནས་དང་པོ་རེད།དེ་ན་ཁོང་ཅི་ལྟར་རོང་དྲུག་བོད་ཀྱི་ཚོ་དཔོན་དུ་བསྡད་པ་རེད་ཅེ་ན།སུང་སྲིད་གཞུང་གི་སྲིད་བྱུས་འོག་དབང་ཤུགས་བདེ་འཇགས་ངང་བརྗེ་སྤོར་བྱས་པ་ཐག་གིས་གཅོད་ཐུབ།ལོ་དེའི་ཟླ་བཅུ་གཅིག་པར་ཁྲིད་བུ་ཀླུ་འབུམ་ནི་རོང་དྲུག་བོད་ཀྱི་ཚོ་དཔོན་ཆེན་མོའི་གཡོན་རོང་གི་མགོ་དཔོན་དང་ཡུག་ཀྲིག་(宥州)་དཔོན་བྱས་མོད།སྲིད་གཞུང་གིས་ཀླུ་འབུམ་གྱི་སྒེར་དབང་ཕབ་སྟེ་འཕན་བློ་གྲོས་དངོས་སུ་མཐའ་ཁུལ་གྱི་ལས་དོན་ནང་ཞུགས་སུ་བཅུག།
ལོ་རྒྱུས་སུ་འཕན་བློ་གྲོས་ལ་འཕན་བློ་ཆིས་(博罗齐)ཀྱང་ཟེར་ལ་མི་འདི་དོན་དངོས་སུ་ཅི་འདྲ་ཞིག་ཡིན་ནམ།ཐོར་མར་འཕན་ཞེས་པའི་རུས་ལ་གཟིགས་ཚེ་དེ་ནི་དེང་སང་བོད་ལྗོངས་ས་ཁུལ་གྱི་འཕན་ཡུལ་གྱི་འཕན་ཏེ།སའི་མིང་ཡིན་པས་ང་ཚོས་འཕན་བློ་གྲོས་ཀྱི་མེས་པོ་ནི་འཕན་ཡུལ་ནས་ཡིན་ཞེས་བརྗོད་ཆོག།དེའི་མིང་བློ་གྲོས་ཞེས་པ་དེ      དཔའ་རིས་ས་ཁུལ་གྱི་བགྲེས་པོ་ཞིག་གིས་ལག་བྲིས་བྱས་པའི་ལིང་ཇུའི་ལྷོ་རི་ཡི་ལོ་རྒྱུས་ཤིག་མཐོང་མྱོང་ཞིང་དེའི་ནང་དུ་འཕན་བློ་གྲོས་ཀྱི་མི་འདི་ལྟར་བྲིས་ཡོད་པ་མཐོང་ཟེར།
མིན་གྱི་ལོ་རྒྱུས་(明史)ཀྱི་ས་བཅད་སུམ་བརྒྱ་བཅུ་བའི་འཕན་ཀྲིག་ཝེ་(潘州)ཞེས་པར་སུང་གི་སྐབས་སུ་ཐུ་བྷོད་འཕན་བློ་གྲོས་ཀྱི་མངའ་འོག་ཡིན་པས་འཕན་ཀྲིག་ཅེས་བཏགས་ཟེར།དེང་གི་གྲགས་ཅན་མཁས་པ་དམུ་དགེ་བསམ་གཏན་གྱིས་བློ་ཐག་ཆོད་པའི་ངང་འཕན་ཞེས་པའི་མིའི་མིང་དང་སའི་མིང་རྣམས་དེང་གི་བོད་ལྗོངས་ས་ཁུལ་གྱི་འཕན་ཡུལ་དང་འབྲེལ་ཞིང་སྲོང་བཙན་གྱི་སྐབས་སུ་མངགས་པའི་དམག་དཔུང་གི་རྒྱུད་ཡིན་པ་སྨོས་མེད་རེད་ཟེར།སྤྱིར་རོང་དྲུག་བོད་ཚོ་བའི་ཚོ་དཔོན་འཕན་ཀྲིག་ནས་བཟུང་ཐུ་བྷོད་མི་རིགས་ཡིན་པ་ཐག་ཆོད་ཡིན་མོད།འོན་ཏེ་ཁོང་ཉིད་བྱུང་པ་ཅུང་ཐོལ་བྱུང་རེད།ལོ་རྒྱུས་དེབ་ཐེར་ལ་ཞིབ་ཏུ་གཟིགས་ཚེ་ཁོང་གི་ལག་རྗེས་སོགས་མཐོང་རྒྱུ་མེད་ཀྱང་ཕྱིས་ཀྱི་ཁོང་གི་གཅུང་གཡུ་ཐོག་སྲས་ཀྱི་མཛད་རྗེས་ཁྲོད་འཕན་བློ་གྲོས་ཀྱི་ཕྱག་རྗེས་ཕྲན་བུ་རེ་རྙེད་ཐུབ།དེ་ཡང་(续资治通鉴长编) ཞེས་པར་བཀོད་པ་ལྟར་ན་ཆིན་ཀྲིག་ཙོང་དཀར་ཚོ་བའི་(总嘎尔部)གཡུ་ཐོག་སྲས་ཀྱིས་དམིགས་བསལ་གྱི་ཕོ་ཉ་མངགས་ཏེ་སྐྱེས་བཏེགས་ཞེས་བཀོད།མ་གཞིར་འཕན་བློ་གྲོས་ཚང་ནི་ཆིན་ཀྲིག་སྟེ་དེང་གི་ཐན་ཧྲེ་(天水)་རུ་གནས་ཤིང་འདི་ལྟར་བྱས་ཚེ་གནད་དོན་དེ་ལས་ཀྱང་སྟབས་བདེ་ངང་ཐག་གཅོད་བྱ་ཐུབ།འཕན་བློ་གྲོས་ཀྱི་སྐྱེས་ཁུངས་ནི་དེང་སང་བོད་ལྗོངས་ས་ཁུལ་གྱི་འཕན་ཡུལ་ལྷུན་གྲུབ་རྫོང་ཡིན་པ་དང་བོད་ཀྱི་དམག་དཔུང་དང་ལྷན་དུ་དེང་གི་ཟི་ཁྲོན་ཏེ་འཕན་ཀྲིག་ཏུ་འབྱོར་ཞིང་ཧ་ལམ་རྒྱལ་རབས་ལྔའི་སྐབས་སུ་ཆིན་ཀྲིག་ཏུ་འོང་ལ་སུང་གི་དུས་སྐབས་སུ་ལིང་ཇུ་ཁུལ་ཏུ་སླེབས།ལོ་རྒྱུས་དེབ་ཐེར་ལྟར་ན་འཕན་བློ་གྲོས་ནི་དབུས་གཙང་གི་རླངས་ཀྱི་མི་རྒྱུད་ཡིན་པ་དང་།འཕན་བློ་གྲོས་རོང་དྲུག་ཚོ་བའི་མགོ་ཁྲིད་མཛད་རྗེས་དེ་མ་ཐག་ཁོང་སུང་གི་མཐའ་ཁུལ་གྱི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཞིང་ཁོང་གིས་ཞན་ཕིན་ཁྲི་ལོ་ལྔ་བ་(1002)་ལོའི་ཟླ་བ་བཅུ་གཅིག་པར་ཕོ་ཉ་མངགས་ཏེ་ཆིབས་རྟ་ལྔ་སྟོང་འབུལ་བ་དེས་ཁོང་གི་སྟོབས་འབྱོར་མངའ་ཐང་གི་ཚད་དེ་རོབ་ཙམ་རྟོགས་ཐུབ།དེའི་ཕྱི་ལོར་ཡོན་()་དང་།ཝེ་()ཡི་ཐུ་བྷོད་ཚོ་བ་སོ་གཉིས་ཙམ་ཁོང་གི་མངའ་ཞབས་སུ་བསྡུས།དེ་ཡང་ཞན་ཕིན་ཁྲི་ལོ་དྲུག་པ་(1003)་ལོའི་ཟླ་གཉིས་པར་སུང་གིས་འཕན་བློ་གྲོས་ལ་སའི་ཧྥང་(苏方)སྤྱི་ཁྱབ་དཔོན་དང་།ལིན་ཀྲིག་(灵州)ལྟ་ཞིབ་དཔོན་གྱི་གོ་གནས་བསྩལ་བ་མ་ཟད།ཕོ་ཉ་མངགས་ཏེ་གཞུང་ཡིག་དང་གོ་རྨོག་གནངས་ཤིང་ཁོང་གི་ཚོ་བའི་དམག་དཔོན་འོད་དཔགས་སྲིད་ལྷ་(吴福圣腊)ཨན་ཡོན་དམག་སྤྱིར་བསྐོས།
འཕན་བློ་གྲོས་ཀྱིས་རོང་དྲུག་གི་ཚོ་དཔོན་མཛད་དུས་རོང་དྲུག་པོ་དེ་གཡས་གཡོན་ལག་གཉིས་སུ་དབྱེ་ཞིང་གཡོན་ལག་ནི་ཁྲིད་བུ་ཀླུ་འབུམ་དང་།གཡས་ལག་ནི་འཕྲིན་ལས་རྒྱལ་པོ་(促勒锡卜)རེད།སྐབས་དེར་རོང་དྲུག་ཚོ་དཔོན་ཆེན་མོའི་ཁོངས་གཏོགས་དང་དབང་བསྒྱུར་བྱེད་ཆོག་པའི་ཚོ་བ་ནི་ཧ་ཅང་མང་ལ་རོང་དྲུག་རང་ལ་ཚོ་བ་ཅི་ཙམ་ཡོད་མེད་ལོ་རྒྱུས་དེབ་ཐེར་དུ་ཞིབ་གསལ་བཀོད་མེད།ང་ཚོས་ཚོད་བགམ་བྱས་ཚེ་ལོ་རྒྱུས་དེབ་ཐེར་སྟེང་བཀོད་པའི་རོང་དྲུག་བོད་ཀྱི་ཚོ་བ་དང་།ལིང་ནུབ་མའི་གཞུང་གི་(西凉府)ཚོ་བ།དེ་ཐོག་ད་དུང་རོང་དྲུག་བོད་ཀྱི་ཚོ་བ་བཅས་བསྣན་པས་ད་གཟོད་རོང་དྲུག་པོ་གྲུབ་པའི་བོད་ཀྱི་ཚོ་བ་རེད།དེ་ལྟ་ནའང་ང་ཚོས་ལོ་རྒྱུས་དེབ་ཐེར་རྣམས་སུ་ཁུངས་སྣེ་ཕྲན་བུ་རེ་རྙེད་ཐུབ།སུང་གི་གནད་འདུས་ལིང་ནུབ་མའི་གཞུང་(西凉府)ཞེས་པར་ཚིག་དུམ་འདི་ལྟ་བུ་ཞིག་མཆིས་ལ་དེ་ནི་ཅིན་ཏིག་ཁྲི་ལོ་བཞི་བའི་ཟླ་བ་ལྔ་བར་གཡུ་ཐོག་སྲས་ཀྱིས་དམག་མངགས་ཏེ་རོང་དྲུག་གི་གླིང་པོ་ཁྲི་(蔺逋赤)སོགས་ཚོ་དཔོན་བཅོ་བརྒྱད་སུང་ལ་འབུལ་འདེགས་པར་ཕེབས་ཏེ་སུང་གཞུང་ལ་རོགས་མཛད་ཕྱིར་ཆིབས་རྟ་བཏེགས་ཞེས་བརྗོད།འདི་ནི་རོང་དྲུག་པོ་དེ་ཚོ་བ་བཅོ་བརྒྱད་ཀྱིས་གྲུབ་པའི་གཞི་གལ་ཆེན་ཞིག་རེད།དེ་ན་ཚོ་ཆེན་བཅོ་བརྒྱད་དེ་གང་ཡིན་ཞེ་ན།ཐོག་མར་ང་ཚོས་རོང་དྲུག་དང་དཔུང་བ་མཉམ་གཤིབ་བྱེད་པའི་ཚོ་ཆེན་རྣམས་འདོར་དགོས་ལ་དེ་དག་ལས་དང་པོ་ནི་འབྲུག་ལུང་ཚོ་བ་དང་དེ་ནི་ཚོ་ཆུང་བཅུ་གསུམ་གྱིས་གྲུབ་ཅིང་འཕན་བློ་གྲོས་ཀྱི་ཚོ་བ་རེད།གཉིས་པ་ནི་བསེའུ་སྟོབས་ཀྱི་ཚོ་བ་སྟེ་དེ་ནི་རྨ་ཆེན་རི་བོའི་ཁུག་ལུང་(马咸山渴龙)དང་།ཞི་ཚང་(刑家)མནའ་མེ་སྲིད་དམར་པོ་(纳密水马波)ཆུ་ལྡིང་(气当)མཁར་ལུང་ཀླད་ཚང་(龛谷懒家)མཁར་ལུང་ལྕང་སྐྱ(小龛谷章家)ཞི་རི་དབང་རྒྱལ་(心山王家)འབྲུ་ལུང་བཅས་ཚོ་བ་བརྒྱད།གསུམ་པ་ནི་ཧི་ཞི་(河西)ཚོ་བ་ཞེ་ལྔ་སྟེ།འདི་ཁུངས་བཅོལ་སའི་དེབ་ཐེར་ནི་(续资治通鉴长编)ཡིན་ལ་དེབ་ཐེར་འདིའི་ས་བཅད་ལྔ་དྲུག་པར་ཅིན་ཏིག་(景德)ཁྲི་ལོ་དང་པོ་སྟེ་སྤྱི་ལོ་1004་ལོའི་ཟླ་དང་པོར་ཧྲི་()དང་ཞིས་()ཀྲིག་གཉིས་ཀྱིས་ཧི་ཞི་བོད་ཚོ་བ་ཞེ་ལྔའི་མགོ་དཔོན་ཀླུ་བྱམས་དམེ་(李尚默)སོགས་སོགས་ཀྱིས་རང་གི་མངའ་ཞབས་ཁྲིད་དེ་མགོ་བཏགས་ཟེར།བཞི་བ་ནི་ཙོང་ཆུའི་ཡུལ་གྱི་ཙོང་ཁ་ཚོ་བ།ལྔ་བ་ནི་ཧི་ལན་རི་བོ་(贺兰山)དང་ཞའོ་ལང་ཚོ་བ་(小凉)གཉིས།དྲུག་པ་ནི་ཆིག་ཀྲིག་(秦州)དང་།ཡོན་ཀྲིག་(原州)ཝེ་ཀྲིག་(渭州)།་བཅས་ཀྱི་ཁུལ་དུ་སྡོད་པའི་ཚོ་བ་ཁག་སོགས་རེད།འདི་ལྟར་ཇིས་ལུག་ཚོ་བ་(暨龙)དང་།རྐྱང་ཚོ་བ་(野马)དམེ་ནོར་ཚོ་བ་(觅诺尔)པེ་ཉིན་ཚོ་བ་(卑白)དབྱང་ལྡན་ཚོ་བ(样丹)ལྡོང་བཙུན་ཚོ་བ(当尊)སུས་པང་ཚོ་བ་(厮邦)རྨ་རྒྱལ་ཚོ་བ་(马家)འབྲུག་ཚང་ཚོ་བ(周家)དེ་ལུག་ཚོ་བ་(的流)།གྲོལ་ཚང་ཚོ་བ(赵家)རི་སྤྱང་ཚོ་བ་(日羌)།བྱི་དོ་ཚོ་བ(星多)སྲིན་གཉེན་འབུམ་ཚོ་བ(沈念般)།ཚེ་ཞི་པོ་ཚོ་བ(崔悉波)དབུ་སྤུན་སྲིད་ལྷ་ཚོ་བ་(吴福圣腊)ཏུའུ་ལུགས་ཚོ་བ་སོགས་ཀྱིས་ལིང་ཇུ་རོང་དྲུག་བོད་ཀྱི་ཚོ་བ་གྲུབ།ཡིན་ནའང་སྲིད་དབང་འདི་བརྗེ་སྤོར་དང་དབང་བསྒྱུར་བྱེད་ཆོག་པའི་ཚོ་བ་ཤིན་ཏུ་མང་པོ་ཞིག་རེད།དེ་ནི་ཀྭ་ཅི་ནས་ཧི་ལན་རི་བོ་(贺兰山)་དང་ལིང་ཇུ་ནས་ཆིན་ཀྲིག་སོགས་ཀྱི་ས་ཆ་རྣམས་རེད།འཕན་བློ་གྲོས་ཀྱི་སྲིད་དབང་གི་ཆགས་གྲུབ་ནིི་ཧ་ལམ་གཤམ་གསལ་ལྟར།











ཞི་ལིང་གཞུང་རོང་དྲུག་ཚོ་དཔོན་ཆེན་མོ་འཕན་བློ་གྲོས


 










རོང་དྲུག་བོད་ཀྱི་ཚོ་དཔོན་ཆེན་མོས་མངའ་དབང་བསྒྱུར་བའི་ཚོ་བ་ནི་ཐོག་མར་འབྲུག་ལུང་ཚོ་བ་བཅུ་གསུམ་སྟེ་ལིང་ཇུ་ཁུལ་གྱི་ཆེས་ཆེ་བའི་ཚོ་བའང་ཡིན་ལ་དེ་རྣམས་ལིང་ཇུ་མཁར་འདབས་དང་ཐན་ཏའེ་རི་བོའི་(天梯山)ཁུལ་དུ་འཚོ།ཆིས་ཏིང་ཚོ་བའམ་(乞当)ཚིག་ཏན་ཚོ་བ་(策丹)ཚོ་བ་ནི་ལིང་ཇུའི་ལྷོ་རིའི་འབྲོག་ཁུལ་དུ་གནས་སྡོད་བྱེད།པེ་ཉིན་ཚོ་བ་(卑宁)ནི་རྫོང་མཁར་ཤར་ངོས་ཀྱི་འབྲོག་ཁུལ་དུ་གནས་ཤིང་ཏའེ་ལུགས་(的流)ཚོ་བའམ་ཏུའུ་ལུག་ཚོ་དང་ཏོ་ལོ་ཚོ་བ་ཁྲིད་བུ་ཀླུ་འབུམ་གྱི་ཚོ་བ་དང་དེ་རྣམས་འཇུ་ལག་ཆུ་བོ་(大通河)བཞུར་ཡུལ་དུ་འཚོ།སྲིད་གཉན་པེན་ཚོ་བ་(沈念般)དབྱང་ཧྥེ་རོང་(阳妃谷)སྟེ་མིང་གཞན་ལ་གཡང་ཧི་རོང་(阳晖谷)ཡང་ཟེར།དེ་ནི་དེང་གི་མདོ་ལ་རིང་མོ་དང་མ་ཏན་(旦玛)ལྷོ་ལུང་ཆུ་རྒྱུད་ཀྱི་གཙང་ཁུག་ཡིན་ལ་སྲིད་གཉན་པེན་(沈念般)ནི་གཡང་ཧྥེ་ཚོ་དཔོན་ཆེན་མོ་ཡིན།རྐྱང་(野马)དང་ཇི་ལུང་(暨龙)ཚོ་བ་གཉིས་ནི་དེང་གི་ཁྲིན་ཏུང་(城东)མིན་ཆིན་ཅིས་ཆིས་རྫོང་མཁར་(祭旗堡)ལྷོ་ངོས་ལེ་དབར་བཅུའི་མཚམས་སུ་ཡོད།ཙོང་ཇ་ཚོ་བ་(宗家)ནི་ཉིན་ཞ་ལིན་ཀྲིག་(灵州)ཆིན་ཡོན་(清远)གྲོང་རྡལ་གྱི་ནུབ་ངོས་ཏེ་བསྡོམས་པས་ཚོ་བ་དགུ་ཡོད།ཞིན་ཏའོ་ཚོ་བའམ་(星多)རི་སྟོད་(仁多)ཚོ་བ་ནི་མིན་ཡོན་རི་སྟོད་ཆུ་མིག་(门源仁多泉)རུ་གནས་ཤིང་གླིང་()ཚོ་བ་ཆེ་ཆུང་གཉིས་ནི་ཧི་ལན་རི་བོའི་(贺兰山)ནུབ་ངོས་སུ་ཆགས།གནའ་མི་བསེ་དམར་པོ་(纳密水马波)ཚོ་བ་དང་།རྨ་ཤུལ་རི་བོའི་ཁུ་ལུང་(渴龙)ཚོ་བ།གཤིན་རྒྱལ་ཚོ་བ(刑家)བཅས་ཚང་ལན་ཀྲིག་ཤར་ནུབ་ཡུལ་དཀྱིལ་ཁུལ་དུ་འཚོ།དེ་མིན་ད་དུང་ཆིས་ཏིང་(乞当)དང་།ཁན་ལུང་ཆེ་བའི་ལད་ཇ་(懒家)ཁན་ལུང་ཆུང་བའི་ལྕང་སྐྱ་(章家)ཞིན་ཧྲན་ཝང་ཚོ་བ་(心山王)སོགས་གཡུ་ཐོག་སྲས་ཀྱི་ཚོ་བའི་མངའ་ཁོངས་ཡིན་ལ་དེ་རྣམས་ཀྱི་འབྲོག་ལས་བྱེད་ས་དེ་ལན་ཀྲིག་དང་ཐག་རིང་རྒྱུ་མེད་ལ་ལིང་ཇུ་རུ་ད་དུང་ཡན་གཙང(阎藏)དང་འཕན་ཏུའུ་ཧྲི་ཇུས་(潘毒石鸡)པོ་སྲིད་དཔོན་གཡོག་ཚོ་བ་(逋速鹦)་སོགས་ཡོད།
རོང་དྲུག་བོད་ཀྱི་ཚོ་བ་ནི་དེང་དུས་ཀྱི་དཔའ་རིས་བོད་ཁུལ་གྲུབ་པའི་རྩ་བ་ཡིན་ལ་དེ་ནི་བོད་ཡུལ་ནས་མཐའ་འདུལ་གྱི་ཕྱིར་དུ་ཤར་ཕྱོགས་སུ་གནས་སྤོར་བྱས་པའི་ཚོ་བ་ཞིག་རེད།བོད་འབངས་གྱེན་ལོག་(塭末)གི་བྲན་གཡོག་རྣམས་ཡུལ་དེའི་ནུབ་སྤྱང་གི་བོད་མི་དང་འ་ཞ།རྒྱ་རིགས་ཁག་ཅིག་ཡུན་རིང་གི་འབྲེལ་འོང་ཟབ་མོ་བྱས་པ་ལས་གྲུབ་ཅིང་།སྐབས་དེ་ཤེད་དུ་ནུབ་བྱང་གི་མཚམས་སུ་བརྗིད་ཉམས་ཀྱིས་འགྱིང་བའི་རོང་དྲུག་ཚོ་བ་དང་དེས་མངའ་དབང་བསྒྱུར་བའི་ཡུལ་ཁོངས་ནི་རྒྱ་ཆེ་ལ་མི་འབོར་མང་ཞིང་སྟོབས་ཤུགས་འཛོམས་པས་ཆབ་སྲིད་དང་དམག་དོན་གྱི་ཐད་ནས་སྟོབས་དང་ལྡན་པ་ཞིག་ཏུ་གྱུར།     དེ་ལོ་རྒྱུས་ཀྱི་གར་སྟེགས་སུ་བུད་དེ་གནས་བབ་ཡོངས་ལ་ཤན་ཤུགས་མི་དམན་པ་ཞིག་ཐེབས།འདི་དང་སུང་སྲིད་གཞུང་གིས་རོང་དྲུག་ལ་མཛད་པའི་སྣང་འཇོག་ཆེན་པོ་དང་མཐའ་བསྐོར་གྱི་ཚོ་བ་དང་ལྷག་པར་དུ་ཆིན་()དང་ཡོན་()ཝེ()ལན་()སོགས་ས་ཁུལ་གྱི་ཚོ་བ་རྣམས་ཀྱིས་དེ་ལ་མཐུན་འགྱུར་དང་གོ་གནས་བརྗེ་སྤོར་གནངས་བ་རྣམས་དང་ལེན་མཛད་པ་ལས་ཅུང་ཙམ་རྟོགས་ཐུབ།
སུང་སྲིད་གཞུང་འཛུགས་པའི་ཐོག་མའི་དུས་སྐབས་སུ་ལིང་ཇུར་ཞི་ལིང་གཞུང་བཙུགས་ནའང་སོ་སོའི་སྲིད་དབང་གི་ལས་ཁུངས་བཙུགས་མེད་ལ་ལིང་ཇུ་སྲིད་དབང་ཚོད་འཛིན་བྱེད་པའི་དོན་དངོས་དེ་རོང་དྲུག་བོད་ཀྱི་ཚོ་བ་རེད།སུང་བོད་ཀྱི་ལོ་རྒྱུས་སུ་བཀོད་པ་ལྟར་ན་སྐབས་དེ་ཤེད་ཀྱི་ལིང་ཇུར་རྒྱའི་དུད་ཁྱིམ་སུམ་བརྒྱ་ཡོད་ཅིང་དེ་མིན་རྣམས་བོད་དང་གྲངས་ཉུང་མི་རིགས་གཞན་ཡིན་པ་འདི་ཐག་གིས་ཆོད།
སུང་ཡུང་ཞིས་ཁྲི་ལོ་གསུམ་པ་སྟེ།སྤྱི་ལོ་986་ལོ་ནས་བཟུང་ལྡོང་བྱང་གི་ཚོ་དཔོན་ཐུ་བ་འཇུ་ཆེན་(继迁)་ལ་ལའོ་(辽国)ཡིས་རམ་འདེགས་བྱས་རྗེས་བསྟུད་མར་སུང་སྲིད་གཞུང་ལ་དམག་དྲངས་ཤིང་དེ་ནས་ཀྲིས་ཏའོ་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ་996་ལོར་དམག་འཁྲུག་གི་མེ་ལྕེ་རྨ་ནུབ་དོག་ལམ་བར་མཆེད་དེ་ལིང་ཇུ་ལ་རྒྱུན་ཆད་མེད་པར་སུན་གཙེར་དང་འཕྲོག་བཅོམ་བྱས།རོང་དྲུག་བོད་ཀྱི་ཚོ་བ་དང་སུང་སྲིད་གཞུང་གཉིས་མི་ཉག་གི་བཙན་འཛུལ་ལ་རྒོལ་བའི་འཐབ་བྱུས་ཐད་ཕན་ཚུན་བློ་ཁ་མཐུན་ཞིང་དཔལ་འབྱོར་དང་དམག་དོན་སོགས་ཕྱོགས་གང་ཅིའི་ཐད་ནས་འབྲེལ་འོང་བྱེད་ཀྱིན་ཡོད།གནས་བབ་འདིའི་ཁྲོད་ནས་མི་ཉག་གིས་ནུབ་ནས་བོད་ཀྱི་རྟ་ཕོ་འཕྲོག་ཅིང་བྱང་ནས་གྲུ་གུའི་དམག་དཔུང་བསྡུས་རྗེས་ལྷོ་ཕྱོགས་སུ་རྒོལ་བའི་དམག་ཇུས་གཏན་འབེབས་བྱས།དེ་བས་ཐོག་མར་རོང་དྲུག་ཚོ་བ་རྣམས་རྡོག་རྩ་གཅིག་སྒྲིལ་དང་དེ་ནས་འཕན་བློ་གྲོས་ཀྱིས་མི་ཉག་ལ་རྒོལ་བའི་བློ་ཏག་བཅད་དེ་བློན་འབངས་འགུག་མཁན་གྱི་ཐུ་བ་འཇུ་ཆེན་གྱི་མདའ་མོ་སྐྱེལ་མཁན་རྣམས་བཀུམས་ཤིང་འཛིན་བཟུང་བྱས།སུང་སྲིད་གཞུང་གིས་ཞན་ཕིན་ཁྲི་ལོ་བཞི་བ་སྟེ་སྤྱི་ལོ་1001་ལོའི་ཟླ་བཅུ་བར་ནུབ་བོད་ཚོ་བར་ཐུ་བ་འཇུ་ཆེན་གསོན་བཟུང་བྱེད་མཁན་བྱུང་ཚེ་མཐའ་སྲུང་སྤྱི་ཁྱབ་དཔོན་གྱི་གོ་གནས་དང་དངུལ།དར་གོས།ཇ་བཅས་ཁྲི་དྲུག་སྤྲོད་པ་དང་།མགོ་བཅད་དེ་འབུལ་མཁན་ལ་ལྟ་ཞིབ་དཔོན་ཀྱི་གོ་གནས་དང་དངོས་པོ་གྱ་ནོམ་པ་སྤྲོད་རྒྱུའི་བཀའ་བསྒྲགས།འདིར་གཞིགས་ཚེ་སུང་གོང་མས་དགྲ་མགོ་དགྲས་གནོན་པའི་(以夷制夷)བྱེད་ཐབས་སྤྱོད་བཞིན་འདུག།འཕན་བློ་གྲོས་རོང་དྲུག་ཚོ་བའི་དཔོན་པོར་བསྡད་རྗེས་ཐེངས་གང་མང་ལ་སུང་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་ཐུ་བ་འཇུ་ཆེན་ལ་རྒོལ་རྩིས་བྱས།
གཤམ་གྱི་资治通鉴་ཡིག་ཆར་གཟིགས་རོགས་ཞུ།
ཞན་ཕིན་ཁྲི་ལོ་བཞི་བ་(1001)་ཤོལ་ལོ་ཟླ་བ་བཅུ་གཉིས་པར་འཕན་བློ་གྲོས་ཀྱིས་ལིས་འཇུ་ཆེན་(李继迁)་ལ་ཡི་གེ་སྤྲིངས་ཏེ་ཐུ་བ་འཇུ་ཆེན་ལ་དམག་དྲངས་བའི་སྲིད་གཞུང་གི་བཀའ་ཐོས་འདོད་ཀྱི་རེ་བས་བརྟས་ཡོད།
ཞན་ཕིན་ཁྲི་ལོ་བཞི་བ(1001)ཤོལ་ལོ་ཟླ་བ་བཅུ་གཉིས་པར་མཐའ་སྲུང་དམག་གིས་གཞུང་ལ་ལིང་ཇུ་པེ་ཉིན་ཚོ་བའི་དཔོན་པོ་དགེ་ལེགས་དཔལ་གྲོལ་(格埒班珠)་སུང་ལ་མགོ་བཏགས་ཤིང་ཆིབས་རྟ་ཕུལ་དེ་རང་ཉིད་ལ་དམག་རྟ་ཁྲི་གསུམ་མངའ་ཞིང་བཀའ་ནམ་བསྒོར་བསྒུགས་ཡོད་ཟེར།
ཞན་ཕིན་ཁྲི་ལོ་དྲུག་པ(1003)་ཟླ་དང་པོར་ཅིན་ཡོན་(泾原)་གྱི་མངའ་ཞབས་པ་ཁྲིན་ཞིན་(陈兴)་སོགས་ཀྱིས་འཕན་བློ་གྲོས་ཀྱིས་ཆེན་པོ་ཁྲི་ཆེན་(沁布驰骑)་མཐའ་སྲུང་དམག་གི་སར་མངགས་ཏེ་ཐུ་བ་འཇུ་ཆེན་འདུལ་དགོས་ཟེར།
(宋吐蕃传)སུང་བོད་ཀྱི་ལོ་རྒྱུས་སུ་བཀོད་པ་ལྟར་ན།
ཞན་ཕིན་ཁྲི་ལོ་གཉིས་པ་(1003)་ཟླ་གཉིས་པར་འཕན་བློ་གྲོས་ཀྱིས་བོད་བློན་དབུ་དཔོན་སྲིན་ལྷ()་མངགས་ཏེ་སྐྱེས་བཏེགས་ཤིང་སུང་སྲིད་གཞུང་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱག་ཡིག་སྤྲིངས་ཏེ།ཐུ་བ་འཇུ་ཆེན་གྱི་བྱས་ཉེས་ལ་ཞེ་འགྲས་ཞིང་སྐྱ་དམག་ཁྲི་དྲུག་བསྡུས་ཏེ་དཔོན་དམག་མཉམ་འབྲེལ་ཀྱིས་ལིན་ཀྲིག་()ཕྱིར་བསྡུ་བའིི་དགོས་འདུན་བཏོན།
ཞན་ཕིན་ཁྲི་ལོ་དྲུག་པ་(1003)་ཟླ་བ་བཞི་བར་ཧི་ཞི་ནང་ཁོངས་སུ་གཏོགས་པའི་ལྷ་སྐྱིད་མ()་སོགས་ཚོ་བ་གསུམ་གྱིས་དམག་ཆིག་སྟོང་དང་རྟ་སུམ་བརྒྱ་བསྡུས་ཏེ་དགྲ་འདུལ་གྱི་སྟ་གོན་བགྱིད་བཞིན་ཧྥིན་ཀྲིག་གི་བཀའ་ལ་བསྒུག།
ཞན་ཕིན་ཁྲི་ལོའི་དུས་སྐབས་ཧྲིལ་པོར་འཕན་བློ་གྲོས་དང་དེའི་ཚོ་བ་རྣམས་ཀྱིས་ལན་མང་པོར་སུང་སྲིད་གཞུང་ལ་རོགས་དམག་མཛད་དེ་ཐུ་བ་འཇུ་ཆེན་གཏོར་བའི་མོས་པ་བསྟན་ཡང་རུལ་སུང་དང་བག་ལ་ཞ་བའི་སུང་སྲིད་གཞུང་གིས་ཁས་ལེན་ཙམ་ལས་དོན་དམ་གྱི་ལག་ལེན་བསྟར་མེད་ལ་དུས་རྒྱུན་དོན་གྱིས་སྟོང་བའི་དཔོན་གནས་རེའམ་གཏད་སོ་མེད་པའི་ཁག་དཀྲི་རེ་བཙལ་བཞིན་དུས་འདའ་བར་བྱས།དཔེར་ན་(资治通鉴)་དུ་བཀོད་པ་ལྟར་ཞན་ཕིན་ཁྲི་ལོ་(1003)དྲུག་པའི་ཟླ་བཞི་བར་ཐོག་མར་འཕན་བློ་གྲོས་ཀྱིས་ཝང་ཧྲི(王师)་ཇག་འདུལ་གྱི་རོགས་སུ་ལན་མང་ཞུས་ཏེ་དུས་དེར་ཕན་ཚུན་མོལ།ལིང་ཇུ་ནས་ཝེ་ཀྲིག(渭州)་ཞན་ཧི་(限河)་བར་ལམ་ཐག་རིང་བས་དུས་བཅད་ལྟར་འདུ་བ་དཀའ་འང་འཕན་བློ་གྲོས་ཀྱིས་སླར་ཡང་ཕོ་ཉ་བ་ཏོ་པོ་ལེ་(多卜垒)་མངགས་ཞིང་འབུལ་བཏེགས་ཏེ།རོང་དྲུག་གི་དམག་ཚོགས་འདུས་ནས་འཇུ་ཆེན་འདུལ་བའི་རེ་འདུན་བཏོན་ཡང་སྔར་བཞིན་ཚོ་དཔོན་ཝུ་ཁྲ་(乌磋)་སོགས་མི་བདུན་ལ་དཔོན་གནས་སྤྲད།
དོན་དངོས་ཐོག་སུང་སྲིད་གཞུང་གིས་དུས་སྐབས་བཟང་པོ་དམ་བཟུང་མ་བྱས་པས་སྐབས་དེའི་སུང་རྒྱལ་རབས་ལ་རྦབ་རྡོ་ཐུར་དུ་འདྲིལ་བ་ལྟ་བུའི་སྟོབས་ཤུགས་དེ་ཟློག་པའི་ནུས་པ་མེད་པ་གསལ་བོར་བསྟན།
ཞན་ཕིན་ཁྲི་ལོ་དྲུག་པའི་(1003)་ཟླ་བཅུ་གཅིག་པར་ཐུ་བ་འཇུ་ཆེན་གྱིས་ཧེར་ཆིན(环庆)་ལ་རྒོལ་བའི་ཉམས་མངོན་ཞིང་ལྐོག་ནས་དམག་དཔུང་ལིང་ཇུར་དྲངས་ཕྱིར་ཤར་དཀྲོག་ལྷོ་རྒོལ(声东击西)་གྱི་དམག་བྱུས་ཀྱིས་ལིང་ཇུ་གཞུང་ཕབ་སྟེ་སུང་སྲིད་གཞུང་གི་བཀའི་བློན་པོ་ཏིན་ཝེ་ཆིན་(丁惟清)་བསད།ཐུ་བ་འཇུ་ཆེན་གྱིས་ཞི་ལིང་གཞུང་ཕབ་སྐབས་ཡུལ་དེའི་དཔོན་པོ་འཕན་བློ་གྲོས་ཀྱིས་མགོ་འདོགས་ཁུལ་བྱས་ཤིང་ཐུ་བ་འཇུ་ཆེན་གྱིས་སོམ་ཉི་མེད་པར་དགོངས་བཞེས་གནངས།ཉིན་དུ་མ་འགྱངས་བར་འཕན་བློ་གྲོས་ཀྱིས་རོང་དྲུག་དང་བཙན་ལུང་ཚོ་བ་སོགས་བསྡུས་ཏེ་རྒོལ་བས་ཐུ་བ་འཇུ་ཆེན་ལ་ཕམ་ཉེས་ཆེན་པོ་བྱུང་ལ་ལུས་སྟེང་དུ་རྨས་སྐྱོན་ཆེན་པོ་བྱུང་བཞིན་བྲོས་ཤིང་ལིང་ཇུའི་ཡུལ་ཁམས་ཀྱི་ལེ་དབར་སུམ་ཅུའི་མཚམས་སུ་བཀྲོངས།
(西夏书事)་མི་ཉག་དེབ་ཐེར་གྱི་ས་བཅད་བདུན་པར་འདི་ལྟར་བཀོད་ཡོད་དེ།ཐོག་མར་ཐུ་བ་འཇུ་ཆེན་གྱིས་འཕན་བློ་གྲོས་ཀྱི་དམ་ཕྲུག་འཕྲོག་དུས་རྒྱས་ཁོང་ལ་མཐའ་སྲུང་སྤྱི་ཁྱབ་དཔོན་གྱི་གོ་གནས་སྤྲད་པ་རྟོགས་པས་ཞེ་འཁོན་རབ་ཏུ་འཁྲུག་སྟེ་དཔུང་ཆེན་དྲངས།འཕན་བློ་གྲོས་ཀྱིས་དམག་དཔུང་གི་བརྗིད་ཉམས་མཐོང་སྟེ་མགོ་འདོགས་ཁུལ་བྱས་ཤིང་འཇུ་ཆེན་གྱིས་དགོངས་བཞེས་མཛད།ཀྲང་ཕོས་དམག་ཤུགས་བསྒྲིམ་ལ་དགྲ་བོར་བག་ཟོན་ནན་མོ་བྱོས་དང་།འཕན་བློ་གྲོས་འདས་པའི་ལོ་ནང་སྟོབས་འབྱོར་ཆེ་ལ་ཕམ་ཉེས་གཅིག་ཀྱང་མ་བྱུང་བས་རང་དགར་མགོ་བཏགས་པས་དེ་ནི་ཁོའི་གཡོ་ཐབས་རེད།གལ་ཏེ་ཁོང་གི་གཡོ་འཕྲུལ་མ་མངོན་བར་དུ་གཡུལ་ཐེངས་གཅིག་གིས་ཁོང་ཚད་གཅོད་བྱས་ཚེ་བོད་ཚོ་བ་རྣམས་རང་ཤུགས་ཀྱིས་འདུལ་མོད་དམག་དཔུང་སོ་སོར་བཞག་ན་སྟོབས་ཤུགས་གཙོ་བོ་སུ་ལ་འཁོར་མིན་བཤད་དཀའ་ཞེས་གདམས།འཇུ་ཆེན་གྱིས་ཁོ་བོར་ལིང་ཇུ་ཐོབ་ཟིན་ལ་ཕ་རོལ་དགྲ་བོའི་སྟོབས་ཤུགས་ཟད་དེ་མགོ་བཏགས་པས་གཡོ་ཇུས་ཤིག་ག་ལ་མཆིས།མགོ་འདོགས་དམག་གི་སྲོག་བཀུམ་ཚེ་བཀྲ་མི་ཤིས་པས་དེར་སོམ་ཉི་མ་བྱེད་ཅིག།དགྲ་འགོག་གི་བསམ་བློའི་རྒྱུན་ཙམ་གྱིས་ནུབ་ཡུལ་གྱི་ཞོད་འཇགས་དཀྲུགས་ངེས་པས་བདག་གིས་དེང་སྐབས་ཕྱིའི་ཤོག་ཁག་བདེ་ལ་བཀོད་དེ་འབྱུང་འགྱུར་གྱི་གོད་ཆག་གནོན་གྱིན་ཡོད་ཟེར་བཞིན་བློ་བདེ་བག་ཕེབས་ངང་ཕྱིར་ལོག་པས་འཕན་བློ་གྲོས་ཀྱིས་རོང་དྲུག་ཚོ་དཔོན་དང་འབྲུག་ལུང་(者龙)་ཚོ་བའི་དམག་ཁྲི་ཕྲག་འགའ་བསྡུས་ཏེ་རྒོལ་བས་འཇུ་ཆེན་ཕམ་ཉེས་ཆེན་པོ་བྱུང་ཞིང་མདའ་ཕོག་པས་ཕྱིར་ལིན་ཀྲིག་(灵州)་ཏུ་ལོག།
ཐུ་བ་འཇུ་ཆེན་བཀྲོངས་རྗེས་ཁོང་གི་སྲས་ལིས་ཏིག་མིན་(李德明)་ནམ་ཨ་ཡི་ཁུག་(阿伊克)་གིས་རང་གི་ཕ་ཤུལ་བཟུང་སྟེ་ཅིན་ཏིག་ཁྲི་ལོ་དང་པོ་(1004)་ཟླ་དྲུག་པར་འབྲུག་ལུང་ཚོ་བར་དམག་དྲངས་ཤིང་འབྲུག་ལུང་ཚོ་བཅུ་གསུམ་ཁྲོད་འཇུ་ཆེན་གྱི་བེམ་པོ་ཕྱིར་སྤྲོད་གནང་མཁན་གྱི་ལྡོང་བྱང་ཡང་མེ་པན་གྲོ་(养迷班嘱)་དང་རིན་པོ་ཆེ་བློ་ལྡན་(日逋吉罗丹)་གཉིས་ཚུར་བཀུགས།འཕན་བློ་གྲོས་ཀྱིས་གནས་ཚུལ་དེ་གོ་མ་ཐག་རྟ་དམག་བརྒྱ་ཐམ་པ་ལྷག་མྱུར་སྟབས་ཀྱིས་རྗེས་སུ་སྙེགས་ཏེ་དཔུང་ཤུགས་གཅིག་སྒྲིལ་ངང་ཚོ་བ་གཉིས་སྦྲ་འདབས་སུ་རྩ་མེད་བཟོ་རྩིས་བྱས་ཀྱང་འབྲུག་ལུང་ཚོ་བ་བཅུ་གསུམ་ལས་ཚོ་བ་དྲུག་གིས་འཕན་བློ་གྲོས་ལ་གྱེན་ལོག་བྱས་ཏེ་ཁོང་གི་སྲོག་བཀུམས།སྐབས་དེ་ཤེད་དུ་ནུབ་ལིང་གཞུང་ནས་འཕན་བློ་གྲོས་བཀྲོངས་པ་ཐོས་ཏེ་ཁང་གོ་(康古)་དང་།ལན་ཀྲུའུ་(兰州)་།ཙོང་དཀར་(总嘎尔)་རྨེ་མནོ་ཚོ་བ་རྣམས་ཁྲིད་དེ་བཙན་ལུང་ཚོ་དྲུག་ལ་རྒོལ་བས་ཚོ་དྲུག་གི་མི་རྣམས་རི་ལུང་ཀུན་ཏུ་བྲོས་ཤིང་གྱེན་ལོག་ཟིང་འཁྲུག་སྐད་ཅིག་དེ་ཉིད་ལ་ཞོད་འཇགས་སུ་བཏང་བ་དང་བཙན་ལུང་ཚོ་དྲུག་ཐན་ཏུའུ་(天梯山)རི་བོའི་གསེབ་ཏུ་བྲོས།ཞི་ལིང་གཞུང་གི་སྲིད་དབང་འཐོར་ཤིག་ཏུ་འགྲོ་བའི་མགོ་ཚུགས་ལ་དེའི་སྟོབས་ཤུགས་འཕན་བློ་གྲོས་འདས་པའི་རྐྱེན་གྱིས་བསམ་ཡུལ་ལས་འདས་པའི་ངང་ཉམས་རྒུད་དུ་ཕྱིན།དེ་ལྟར་སུང་སྲིད་གཞུང་གིས་རོང་དྲུག་བོད་ཀྱི་ཚོ་བ་སྤྱད་དེ་མི་ཉག་འགོག་རྒོལ་བྱེད་པའི་སྲིད་བྱུས་དེ་ལེགས་འགྲུབ་མ་བྱུང་མོད་སྲིད་དབང་གསར་བ་ཞིག་མགྱོགས་མྱུར་ངང་བྱུང་ལ་ཕྱིས་སུ་རོང་དྲུག་གི་ཚོ་དཔོན་རྣམས་གཅིག་ཏུ་འདུས་ཤིང་མོལ་པས་འཕན་བློ་གྲོས་ཀྱི་གཅུང་གཡུ་ཐོག་སྲས་རོང་དྲུག་ཚོ་བའི་ཚོ་དཔོན་ཆེན་མོར་བསྐོས།ཅིན་ཏིག་ཁྲི་ལོ་དང་པོ(1004)་ཟླ་བ་བཅུ་པར་སུང་གོང་མོས་འཕན་བློ་གྲོས་འདས་ཟིན་པ་མཁྱེན་ཏེ་དེར་དྲག་པོའི་དཔོན་གྱི་མཚན་བྱང་བསྩལ་ཞིང་ཁྱིམ་མིར་འདས་ཆོད་ཀྱི་རོགས་དངུལ་འབོར་ཆེན་བསྩལ་བ་མ་ཟད།བསེའུ་སྟོབས་ཐུབ་ཡན་ཀྲིག་(盐州)་གི་འགོག་སྲུང་དཔོན་དང་ལིན་ཀྲིག་(灵州)་ནུབ་རྒྱུད་ཀྱི་མྱུལ་ཞིབ་དཔོན་དུ་བསྐོས།ལོ་དེའི་ཟླ་བ་དེར་སྲས་གཡུ་ཐོག་ལ་སའོ་ཧྥང་སྤྱི་ཁྱབ་དཔོན་གྱི་གོ་གནས་ཀྱང་གནངས་ཤིང་ཞི་ལིང་གཞུང་རོང་དྲུག་ཚོ་བའི་ཚོ་དཔོན་ཆེན་མོར་ཡང་བསྐོས།ལོ་རྒྱུས་དེབ་ཐེར་ལྟར་ན་འཕན་བློ་གྲོས་སྤུན་གསུམ་སྟེ་དེ་ནི་གཅེན་པོ་དབང་པོ་གྲོས་(邦逋支)་དང་གཅུང་གཡུ་ཐོག་སྲས་བཅས་ཡིན་ལ་བསེའུ་སྟོབས་ཐུབ་ནི་བརྟན་བརླིང་ངང་རྒྱུད་ལྡན་པ་ཞིག་དང་ཚོ་དཔོན་རྣམས་འདུ་ཐེངས་རེར་མཆོད་ཆང་གི་དང་པོ་འདྲེན་མཁན་ཡིན་ལ་བཀའ་དང་འགལ་ཚེ་ཉེ་རིང་ཆགས་སྡང་མེད་པར་ཞལ་ལྕེ་གཅོད་ལ་དམག་ཀྱང་ཐེངས་མང་དྲངས་ཏེ་དགྲ་འདུལ་གཉེན་སྐྱོང་བྱས་པས་ཡུལ་ཁམས་ཡོངས་ཀྱིས་ཁོང་ལ་བཀུར་སྟི་བྱེད་ཟེར།འདི་ལྟ་བུའི་ཚོ་དཔོན་ཆེན་མོར་སུང་སྲིད་གཞུང་གིས་སྔར་བཞིན་རྒྱབ་སྐྱོར་མཛད་དེ་བསེའུ་སྟོབས་ཐུབ་ཀྱི་དགོངས་པ་བཞིན་འབྲུག་ཚང་ཚོ་དཔོན་བསོད་ནམས་སྐྱབས(斯那齐)་རོང་དྲུག་མྱུལ་ཞིབ་དཔོན་དང་འཕན་བློ་གྲོས་ཀྱི་སྲས་པུ་ཇིས་ཁུག(布济克)་གེ་ཏིག་(归德)་དམག་སྤྱིར་བསྐོས་ཤིང་འབྲུག་ལུང་ཚོ་བདུན་གྱི་ཚོ་དཔོན་ཇག་འདུལ་མཛད་པར་ལག་རྗེས་ཆེ་བས་ཟླ་རེར་དངུལ་སྟོང་ཕྲག་རེ་སྤྲད།འདི་ནས་བཟུང་གཡུ་ཐོག་སྲས་ཀྱིས་སུང་སྲིད་གཞུང་ལ་འབུལ་བ་ཐེངས་མང་བཏེགས་ཏེ་སྨན་སྣ་རྩ་ཆེན་རིགས་དོན་དྲུག་དང་མདའ་གཞུ་བཅས་ཐོབ་སྟེ་རོང་དྲུག་དང་མི་ཉག་གིས་ཕན་ཚུན་འཕྲོག་རྩོད་ལན་མང་བྱས།ཞང་ཧྥུ་ཁྲི་ལོ་བཞི་བ(1011)་ཟླ་བཞི་བར་ལིས་ཏིག་མིན་(李德明)་གྱིས་དམག་དོན་ལྟ་ཞིབ་པ་སའོ་ཧྲིག་ཞིན་(苏守信)་ལ་ཞི་ལིང་ཚུགས་ལྡན་(策丹)་ཚོ་བར་དམག་དྲངས་སུ་བཅུག་ཅིང་བསེའུ་སྟོབས་ཐུབ་ཀྱིས་དམག་ཚོགས་བསྡུས་དེ་འགོག་རྒོལ་བྱས་པས་མི་ཉག་ལ་ཕམ་ཉེས་ཆེན་པོ་བྱུང་།ཞང་ཧྥུ་ཁྲི་ལོ་བརྒྱད་པ་(1015)་ལ་སའོ་ཧྲུག་ཞིན་(苏守信)་གྱིས་ལིང་ཇུ་གཏོར་བས་ཞི་ལིང་གཞུང་རོང་དྲུག་བོད་ཀྱི་ཚོ་བའི་སྲིད་དབང་འཐོར་ཤིག་ཕྱིན་ཏེ་བསེའུ་སྟོབས་ཀྱིས་རྒྱལ་སྲས་ལ་མགོ་བཏགས།ཞང་ཧྤུ་ཁྲི་ལོ་དགུ་བའི་ཟླ་བཅུ་གཉིས་ལ་སའོ་ཧྲུག་ཞིན་(苏守信)་འདས་ཤིང་ཁོང་གི་སྲས་ལོ་མང་(罗莽)་གིས་ལིང་ནུབ་མའི་གཞུང་གི་དམག་དང་།གྲུ་གུའི་དམག་དྲངས་ཏེ་ཚོ་བའི་དུད་ཁྱིམ་བརྒྱ་ཙམ་གཏོར་ཞིང་མི་སུམ་བརྒྱ་བཟུང་།དེ་མིན་དེ་དག་གི་རྟ་ནོར་ལུག་གསུམ་འབོར་ཆེན་འཕྲོག་རྗེས་མཁར་རྫོང་བསྐྱུར་ཏེ་ཕྱིར་བྲོས།ཐན་ཞིས་ཁྲི་ལོ་གཉིས་པར་(1018)་ལིས་ཏིག་མིན་གྱིས་ནུབ་ལིང་ལ་རྒོལ་ཡང་ཕབ་མ་ཐུབ།ཐན་ཧྲི་ཁྲི་ལོ་དྲུག་པར་(1028)་ལིས་ཏིག་མིན་གྱི་སྲས་སི་ཧུ་ཡིས་ཀན་ཀྲིག་བཟུང་ཞིང་མིན་ཏའོ་ཁྲི་ལོ་དང་པོར་(1032)་སི་ཧུ་ཡིས་དམག་དྲངས་དེ་ཡང་བསྐྱར་ཞི་ལིང་གཞུང་ལ་རྒོལ།
མི་ཉག་གིས་མཐར་ཞི་ལིང་གཞུང་བཙན་བཟུང་བྱས་པའི་དུས་ནི་ལོ་རྒྱུས་དེབ་ཐེར་མང་ཆེ་བ་དང་དེང་གི་མི་རྣམས་ཀྱིས་མིན་ཏའོ་ཁྲི་ལོ་དང་པོ་(1032)་ཡིན་པར་ངོས་འཛིན་ཡང་སུང་བོད་ཀྱི་ལོ་རྒྱུས་ཀྱི་རྒྱལ་སྲས་སོགས་ལོ་རྒྱུས་ཡིག་ཚང་རྣམས་སུ་ཅིན་ཡིག་ཁྲི་ལོ་གསུམ་པ་(1036)་སི་ཧུ་ཡིས་ལིང་ནུབ་མའི་གཞུང་འཕྲོག་ཅིང་འཕན་བློ་གྲོས་ཀྱི་ཚོ་བ་རྒྱལ་སྲས་ཕྱོགས་སུ་འཁོར་བ་མ་ཟད།གྲུ་གུའི་མི་འབོར་ཁྲི་དུ་མ་ཞིག་གིས་རྒྱལ་སྲས་ལ་མགོ་བཏགས་ཞེས་བཀོད་འདུག།
མི་ཉག་གིས་ལིང་ཇུ་རུ་ལིང་ནུབ་མའི་གཞུང་དང་། སའོ་ལོ་འགབ་མ་(塑罗)་དང་།ཧི་ལོ་(河罗)།གྲོ་ལོ་(卓罗)སོགས་རྫོང་ཁག་དང་ཤིང་ཀན་ཀྲིག་སྟེ་དེང་གི་ཀྲང་ཡེ་(张掖)རུ་ཀན་སུའུ་དམག་དོན་ལས་ཁུངས་སོགས་དམག་དོན་ལས་ཁུངས་བཙུགས།དེང་སང་གི་ཡུང་ཏིན་མཁར་དམར་རུ་(红城)་ལྷོ་དམག་དོན་ལས་ཁུངས་བཞེངས།རོང་དྲུག་བོད་ཀྱི་ཚོ་བར་འགོག་རྒོལ་གྱི་དཔུང་སྟོབས་མེད་པས་ཚོ་ཁག་ཅིག་ཙོང་ཆུའི་བཞུར་ཡུལ་དུ་ཕྱིར་འཐེན་བྱས་ཏེ་ད་སོ་མ་དར་གྱིན་པའི་ཐུ་བྷོད་ཀྱི་སྟོབས་ཤུགས་དེ་གྱི་ཐང་ཙོང་ཁ་ཚོ་བའི་རྒྱལ་སྲས་ཕྱོགས་སུ་འཁོར་ཞིང་གནས་འདིར་གཞི་བྱས་དེ་མི་ཉག་ལ་རྒོལ་ལན་འཛད་མེད་ཕྱིན།         མི་ཉག་གིས་ལིང་ཇུ་བཙན་བཟུང་བྱས་ཏེ་ལོ་ངོ་བརྒྱ་དང་དགུ་བཅུ་འདས་ཀྱང་མཚོ་སྔོན་དཔའ་རིས་ཀྱི་བོད་ཁུལ་ཡོངས་རྫོགས་རྒྱལ་སྲས་ཀྱི་མངའ་ཞབས་སུ་གཏོགས་པ་མ་ཟད།ལོ་མང་པོར་ཕྱོགས་གཉིས་ནས་ཡུལ་ཁམས་འཕྲོག་རྩོད་ཀྱི་གཡུལ་འགྱེད་གང་མང་བྱས་ཤིང་ལོ་ངོ་བཅུ་ཕྲག་འགའ་འདས་རྗེས་མཚོ་སྔོན་ཕྱོགས་སུ་བསྐྱོད་པའི་ཚོ་བ་རྣམས་མུ་མཐུད་དེ་ཕྱིར་ལོག་པས་སྔར་གྱི་ཡུལ་དེའི་མི་ཕྱུགས་སོགས་ཀྱི་གྲངས་འབོར་སླར་ཡང་དར།རྗེས་སུ་ཅིན་(金国)་དང་མི་ཉག་གིས་མཚོ་ཤར་འཕྲོག་རྩོད་བྱས་ཏེ་སུང་གི་དབང་ཤུགས་ཕྱིར་འཐེན་ཞིང་མི་ཉག་དང་ཐུ་བྷོད་ཀྱི་འགལ་བ་ཞི་སྟེ་འབྲེལ་འོང་གི་རྒྱུན་མ་ཆད་ལ་ལྷག་པར་དུ་བོད་རྒྱུད་ནང་བསྟན་ཆོས་ལུགས་དང་།རིག་གཞུང་སོགས་བསྡུ་ལེན་གྱི་ཤུགས་རྐྱེན་ཆེས་ཆེར་རྒྱས།
ལྡོང་བྱང་ནི་མི་ཉག་གི་རྐང་འཛིན་ཚོ་བ་ཡིན་ལ་བོད་སྐད་དུ་མི་ཉག་དང་རྒྱའི་སྐད་དུ་མིས་ཡོ(木雅)་ཟེར་ལ་དེ་རྣམས་ཟི་ཁྲོན་དང་།       མཚོ་སྔོན།ཀན་སུའུའི་མཐའ་མཚམས་ཁུལ་དུ་འཚོ་ཞིང་ཐུ་བྷོད་བཙན་པོའི་དཔུང་ཤུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་རྗེས་མི་ཉག་ཚོ་བའི་མི་ཁག་ཅིག་ནང་ལོགས་ཁུལ་དུ་བསྐྱོད་ཅིང་ཁག་ཅིག་ཐུ་བྷོད་ཀྱི་དབང་བསྒྱུར་འོག་ལུས།   བོད་དང་ལྡོང་བྱང་གི་འབྲེལ་བ་ཤིན་ཏུ་དམ་ཟབ་ཡིན་ལ་ཐུ་བྷོད་ཀྱིས་མི་ཉག་དེ་བསེ་དང་།      མུ།      ལྡོང་།   སྟོང་བཅས་རུས་ཆེན་བཞིའི་ཁྲོད་ཀྱི་ལྡོང་གི་རྒྱུད་ཡིན་པར་བརྗོད་ཅིང་ལྡོང་དེ་ཡང་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཅེས་ཤ་ཁྲག་གི་འབྲེལ་བ་ཅན་གྱི་ཚོ་བས་གྲུབ་པས་མི་ཉག་དང་བོད་ལ་ཤ་ཁྲག་གི་འབྲེལ་བ་ཡོད་པ་མ་ཟད།མེས་པོ་སྤྲེའུ་ཡིན་པའི་བཤད་རྒྱུན་ཡང་འཛིན་ལ་བོད་སྐད་དང་བོད་ཡིག།       ཡུལ་གོམས་གཤིས་ལུགས།     ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་སོགས་གཅིག་གྱུར་ཡིན་ལ་ཕྱུགས་ལས་འཚོ་བའི་རྟེན་གཞི་རེད།       བོད་ཀྱི་ལོ་རྒྱུས་མཁས་པ་ལ་ལས་ལྡོང་བྱང་ནི་བོད་ཀྱི་གནའ་བོའི་རུས་ཆེན་བཞིའི་ཡ་གྱལ་དེ་ལྡོང་བྱང་ངམ་ལྡོང་ཚང་ཡིན་པར་དགོངས་ལ་ལྟ་ཚུལ་འདིར་ཡང་གནས་ལུགས་ངེས་ཅན་ཞིག་ལྡན་ནོ།
ནང་ལོགས་ས་ཁུལ་དུ་བསྐྱོད་པའི་ལྡོང་བྱང་ཚོ་བ་འདི་ཐང་རྒྱལ་རབས་ཀྱི་དུས་མཇུག་ལ་རང་གི་ཚོ་དཔོན་ཐུ་བ་བསིལ་ཀོང་(拓拔思恭)་དང་ལྷན་ཏུ་མགོ་དཀྲིས་སེར་པོའི་འོས་ལངས་དྲག་གནོན་གྱི་ལས་སུ་ཞུགས་ཤིང་དེ་ལ་བྱས་རྗེས་ཆེན་པོ་བཞག་པས་ཞ་ཀྲིག་(夏州)་གི་སྤྱི་ཁྱབ་དཔོན་གྱི་དཔོན་གནས་དང་རུས་ལིས་()་བསྩལ་དེ་ཞ་()་དང་སའེ་()།ཡུན་()།ཏིང་()་བཅས་ཁུལ་བཞི་ལ་དབང་མཛད།རྒྱལ་རབས་ལྔའི་རྒྱལ་ཁབ་བཅུའི་སྐབས་སུ་རྒྱལ་བློན་གྱི་འབྲེལ་བ་བཟུང་སྟེ་ཚོ་དཔོན་ལིས་ཡུས་ཡན་(李彝殷)་གྱི་དུས་ཅིན་ཀྲིག་(静州)་བཞེངས།དེ་ནས་ཅན་ལུང་ཁྲི་ལོ་དང་པོར་(960)་ཀྲའོ་ཁུང་ཡིག་(赵匡胤)་གིས་སུང་བྱང་མ་བཙུགས་ཤིང་ལིས་ཐད་ཝེ་(太尉)་ཡི་དཔོན་གནས་གནངས།ཕྱིས་སུ་ལིས་ཀོན་རེས་(李光睿)་དང་།ལིས་ཇུས་ཅོན་(李继筠)།ལིས་ཇུང་པང་(李继棒)།ལིས་ཇུས་ཆེན་(李继迁)་བཅས་ཀྱིས་རིམ་བཞིན་དུ་དཔོན་ཤུལ་བཟུང་།


ས་བཅད་གསུམ་པ།       མི་ཉག་གིས་བཟུང་བའི་ཧི་ཞི་(河西)ས་ཁུལ།
1036་ལོར་མི་ཉག་གིས་མཐར་ལིང་ཇུ་བཟུང་ཞིང་1038་ལོར་མི་ཉག་རྒྱལ་ཁབ་ཆེན་མོ་བཙུགས་ཏེ་ཀྲུང་གོའི་ནུབ་བྱང་གི་ས་ཁྱོན་རྒྱ་ཆེན་པོ་ཞིག་བཟུང་ལ་དེ་དག་ནི་ཉིན་ཞྭ་དང་།ཀན་སུའུ་རྨ་ནུབ་དོག་ལམ་གྱི་ནང་སོག་ནུབ་རྒྱུད་ཀྱི་ས་ཆ་རྣམས་རེད།མི་ཉག་སྲིད་འཛིན་ས་ཁུལ་ཉེར་གཉིས་ཀྱིས་གྲུབ་པ་མ་ཟད།ད་དུང་དམག་ཁག་བཅུ་གཉིས་བཙུགས་ཏེ།དམག་དོན་ལ་དོ་དམ་བྱེད་ཀྱིན་ཡོད།ལིང་ཇུ་ནི་རྒྱལ་ས་ཡུན་ཁྲོན་ཕུད་པའི་མི་ཉག་གི་མཁར་གྲོང་ཡིན་ལ་མི་ཉག་གི་གཞུང་མཁར་གཉིས་ཀྱི་ཡ་གྱལ་ཏེ།ཧྥུ་ཅིན་(輔郡)ཞེས་འབོད།
མི་ཉག་ནི་ལྡོང་བྱང་བ་གཙོ་བྱས་ཏེ་གྲུབ་པའི་རྒྱལ་ཁབ་ཅིག་དང་བོད་རང་གི་སྐད་དུ་མི་ཉག་དང་རྒྱའི་ལོ་རྒྱུས་དེབ་ཐེར་དུ་མིས་ཡོར(弥药)།མི་རིགས་གཞན་གྱིས་ཐང་གའུ་ཐུག་(唐古特)་ཞེས་འབོད།རྒྱའི་སའེ་ཐང་(隋唐)་རྒྱལ་རབས་ཀྱི་སྐབས་སུ་ལྡོང་བྱང་གི་མི་རྣམས་འ་ཞའི་ཡུལ་ཁམས་དང་ལྷོ་རིའི་རི་ལུང་སྟེ་དེང་གི་མཚོ་སྔོན་མགོ་ལོག་དང་ཟི་ཁྲོན་བྱང་རྒྱུད་ཀྱི་རྨ་ཆུའི་ཡུལ་དུ་འཚོ་སྡོད་བྱེད།ཐང་ཡིག་གསར་བའི་ལྡོང་བྱང་གི་ལོ་རྒྱུས་སུ་ལྡོང་བྱང་ནི་ཧན་ནུབ་སྤྱང་(汉西羌)གི་རིགས་གཞན་ཞིག་ཡིན་ལ་ཝེ་ཅིན་(魏晋)རྒྱལ་རབས་ཀྱི་རྗེས་ལ་སྟོབས་ཤུགས་ཤིན་ཏུ་ཉམས་ཆུང་ཞིང་ཀྲིག་()་ཡིས་ཏང་ཁྲང་ཏུན་(宥昌邓)་བསྣུབས་རྗེས་ལྡོང་བྱང་གི་མངའ་ཐང་དར་བའི་མགོ་བཙུགས་ཤིང་དེ་རྣམས་ཀྱི་གནས་ཡུལ་ནི་ཀའུ་ཞིས་ཀྲི་ཡེ་(古析支)ཡིན་ལ་ཤར་སུང་ཀྲིག་(松州)་དང་།ནུབ་ཡེ་ཧོ་(叶护)།ལྷོ་ཁྲུན་སང་(春桑)་དང་མུ་སང་སོགས་སུ་སྤྱང་དང་བྱང་དུ་འ་ཞ་ལ་འབྲེལ།དེ་དག་རི་ལུང་ཐང་གསུམ་དུ་འཚོ་ཞིང་ལེ་དབར་སུམ་སྟོང་གི་ས་དབང་དུ་བསྡུས་ལ་ཪུས་ཁྱིམ་རྣམས་ཚོ་བ་དབྱེ་ཞིང་རུས་ཆེན་གཅིག་སླར་ཚོ་བ་ཆུང་ངུ་རུ་བགོས་ཏེ།ཚོ་ཆེན་རེར་མི་ཁྲི་ཙམ་དང་ཚོ་ཆུང་རེར་མི་ཆིག་སྟོང་སྟེ།ཕན་ཚུན་ལ་དབང་བསྒྱུར་མ་ནུས།དེ་ལ་གནའ་ནས་ཞིས་ཧྥུ་ཚང་(细封)་དང་།ཝང་ལུ་ཚང་(往利)།ཕོ་ཀྲའོ་ཚང་(颇超)།ཡེ་ཚི་ཚང་(野辞)།ཧྥང་ཏང་ཚང་(房当)།རྨི་ཆི་ཚང་(米禽)།ཐོ་པ་ཚང་(拓拔)་སོགས་ཚོ་བ་མང་པོ་མཆིས་ཀྱང་ཐོ་པ་ཚོ་བ་ནི་ཆེས་སྟོབས་ཤུགས་ལྡན་པ་དེ་ཡིན་ཞེས་བཀོད་འདུག།གོང་གསལ་གྱི་ལོ་རྒྱུས་ཟིན་ཐོའི་ཁྲོད་འུ་ཅག་གིས་ལྡོང་བྱང་གནས་སྡོད་བྱེད་པའི་ས་ཁམས་ཀྱི་གནས་ཡུལ་དང་།ཚོ་བ་སོགས་ཀྱི་གནས་བབ་རྟོགས་ཐུབ་ལ་ཞོར་དུ་་ལྡོང་བྱང་ལ་ཧན་ནུབ་སྤྱང་གི་རིགས་རིགས་གཞན་ཞིག་ཟེར་བ་དེ་ཤེས་ཐུབ།སྤྱང་རིགས་གཞན་ཞིག་ཅེས་པ་དེ་སྤྱང་རིགས་དངོས་མིན་ལ་འོ་ན་སྤྱང་དང་ལྡོང་བྱང་ལ་ཁྱད་པར་ཅི་འདྲ་ཞིག་མཆིས་སམ།དེ་བཞིན་དུ་ལྡོང་བྱང་དང་ཐུ་བྷོད་གཉིས་རིགས་གཅིག་ཡིན་ནམ་ཐ་དད་ཡིན་ནམ་ཞེས་དྲིས་ཚེ།ང་ཚོས་སྔར་བཞིན་ལོ་རྒྱུས་ཡིག་ཚང་དུ་དྲི་བ་འདི་གཉིས་ཀྱི་ཁུངས་སྣེ་སྙེགས་བཞིན་དབྱེ་ཞིབ་བྱེད་དགོས།ལོ་རྒྱུས་ཁྲོད་ཀྱི་ནུབ་སྤྱང་དང་དེང་སང་གི་སྤྱང་རིགས་གཉིས་ནི་གཏན་ནས་མི་འདྲ་བའི་དོན་དག་ཅིག་སྟེ།སྔ་མ་ནི་ས་ཁོངས་ཀྱི་མཚན་ཉིད་དང་ཕྱི་མ་ནི་མི་རིགས་ཀྱི་མིང་རེད།ལོ་རྒྱུས་ཁྲོད་ནུབ་རྒྱུད་ཀྱི་ས་གནས་རང་མིའི་བོད་རིགས་རྣམས་ལ་ནུབ་སྤྱང་ཞེས་འབོད་ལ་ཁོ་ཚོར་གཏན་འཇགས་ཀྱི་གནས་མལ་བྲལ་ཞིང་དུས་བཞིར་རྩྭ་ཆུ་སྙེགས་བཞིན་འགྲོ་བས་འབྲུ་རིགས་སྣ་ལྔ་སོགས་འདེབས་འཛུགས་མི་བྱེད་པར་འབྲོག་པའི་འཚོ་བ་སྐྱེལ་གྱིན་གདའ།ལོ་རྒྱུས་སུ་ལྡོང་བྱང་མང་ཆེ་བར་ལྡོང་བྱང་སྤྱང་(党项羌)་ཞེས་སུ་འབོད་ལ་འདི་ཡང་ནུབ་སྤྱང་གི་རིགས་ཤིག་ཅེས་པ་དང་མི་འདྲ་བ་མཐོང་ཐུབ།ཧན་གྱི་ལོ་རྒྱུས་(汉书)་སུ་ནུབ་སྤྱང་ནུབ་ཕྱོགས་སུ་སྤར་བའི་གནས་ཚུལ་དེ་བཀོད་ཡོད་དེ་བདག་གིས་བསམ་ན་བརྗོད་དོན་འདིའི་ཆ་ཙམ་འགྲིག་འདུག་སྙམ་སྟེ།དེང་གི་ཐུ་བྷོད་ཀྱི་ལོ་རྒྱུས་འདི་མ་བྱུང་བའི་ཡར་སྔོན་དུའང་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་དེ་འཚོ་སྡོད་བྱས་ཡོད་ལ་འདི་ནི་བོད་ཁམས་སུ་གནའ་ཤུལ་སྔོག་འདོན་བྱས་པ་དེས་བདེན་དཔང་བྱེད་ཐུབ།ལོ་ངོ་བཞི་སྟོང་གི་ཡར་སྔོན་ལ་གནས་འདིར་མི་རིགས་འཚོ་སྡོད་བྱས་པ་མ་ཟད།ཞིང་ཕྱུགས་ལས་རིགས་ཀྱང་བྱུང་ཚར་འདུག།ཆེས་གནའ་བོའི་ས་གནས་རང་མི་འདི་རྣམས་ནི་དོན་དམ་ཐོག་ཐུ་བྷོད་ཀྱི་མི་རབས་སྔ་མ་ཡིན་ལ་མཚོ་བོད་མཐོ་སྒང་གི་རང་བྱུང་གི་ས་བབས་འཕོ་འགྱུར་ཏེ།མཚོ་ངོས་ཀྱི་མཐོ་ཚད་གོང་དུ་འཕེལ་ཅིང་མཁའ་དབུགས་སོགས་ཇེ་གྲང་དུ་ཕྱིན་པའི་གྲང་རེག་རྒོད་པོའི་ཁོར་ཡུག་འདི་ནས་ས་གནས་རང་མི་རྣམས་ས་བབས་དམའ་ལ་མཁའ་དབུགས་དྲོ་བའི་ཤར་ཕྱོགས་སུ་གནས་སྤོར་བྱེད་པའི་མགོ་བཙུགས།དེ་ནས་ཆིན་ཧན་(秦汉)རྒྱལ་རབས་ཀྱི་སྐབས་སུ་ཆིན་()་གྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ་དེའི་མངའ་ཁོངས་ཀྱང་རྒྱ་བསྐྱེད་ཅིང་ཆིན་()གྱིས་མཐོང་ཆུང་དང་གཉའ་གནོན་གྱིས་སྤྱང་རིགས་ཁག་ཅིག་སླར་ཡང་ནུབ་ཕྱོགས་སུ་སྤོར་མགོ་ཚུགས།འོན་ཏེ་ལོ་རྒྱུས་སུ་གསལ་བོར་རྟོགས་དཀའ་བ་ནི་ནུབ་རྒྱུད་དུ་ལེ་དབར་སྟོང་ཕྲག་དུ་མ་བསྐྱོད་ཟེར་ཡང་།འོན་ཏེ་རྗེས་སུ་མངོན་པའི་ས་ཁོངས་ནི་ཟི་ཁྲོན་ཤར་བྱང་དང་ཀན་སུའུ་ལྷོ་ཁུལ་གྱི་རྨ་ཆུ་དང་ཙོང་ཆུ།འབྲུ་ཆུ།མིན་ཅན་(岷间)།ཡུག་ཧྥ་ཆང་(有发羌)།ཐང་མའོ་(唐旄)་སོགས་སུ་འཚོ་སྡོད་བྱས་ཏེ་ཀྲུང་གོ་དང་འབྲེལ་བ་མ་བྱུང་།དེང་རབས་བོད་རིགས་ལོ་རྒྱུས་ཀྱི་ས་ཁྲའི་སྟེང་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་ཞིབ་འཇུག་གཏན་འབེབ་བྱས་པའི་ཧྥ་ཆང་(发羌)་ཐང་མའོ་(唐旄)་ཡི་ས་ཁམས་གནས་ཡུལ་ལ་གཟིགས་ཚེ་ལོ་རྒྱུས་རིག་པའི་ཆེད་ལས་པ་འགས་དེའི་གནས་ཡུལ་ཚད་ལྡན་དེ་ནུབ་དང་ལྷོ་ལ་གོམ་སྟབས་ཆེན་པོས་བསྐྱོད་དེ་བོད་ཡུལ་དབུས་སུ་སླེབས་པ་ད་གཟོད་གསལ་པོར་མཐོང་ཐུབ་ལ་ད་དུང་ལ་ལས་དེང་གི་མཚོ་སྔོན་སྐྱེ་དགུ་མདོའི་བར་དུ་འདེད་པར་བྱེད།ཚན་རིག་གི་ཆ་ནས་ལྟོས་ཚེ་སྟབས་བདེ་ལ་གཟབ་ནན་མིན་པའི་ལོ་རྒྱུས་ཞིབ་འཇུག་གི་རྣམ་པ་འདིས་རྙོག་ཟིང་ཅན་གྱི་ལོ་རྒྱུས་ཀྱི་གནད་དོན་གསར་བ་བསྐྲུན་རྒྱུ་ཤིན་ཏུ་སླ་མོ་རེད།
ལྡོང་བྱང་དང་ཐུ་བྷོད་ཀྱི་འབྲེལ་བ་ཅུང་ཁ་གསལ་ལ་ལོ་རྒྱུས་སུ་ཐུ་བྷོད་ཀྱིས་དེ་ལ་མི་ཉག་ཟེར་ཞིང་དེ་ལྟར་འབོད་པའི་རྒྱུ་མཚན་ནི་དེ་དག་ལས་བུ་མོ་མཛེས་མ་བྱུང་བའི་ཆ་ཡིན།ཐུ་བྷོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་མི་ཉག་གི་སྲས་མོ་རུ་ཡོངས་བཟའ་བཙུན་མོར་བཞེས་པས་བོད་དང་མི་ཉག་གི་འབྲེལ་བ་དམ་ཟབ་ཡིན་པ་དཔོག་ཐུབ།དེ་ལྟ་ནའང་བོད་རིགས་ལོ་རྒྱུས་མཁས་པ་རྣམས་ཀྱི་དེབ་ཐེར་དུ་མི་ཉག་དེ་ཐུ་བྷོད་ཀྱི་གྲས་སུ་བགྲང་མེད་པར་ཐུ་བྷོད་དང་རྒྱ་གར།ཡུལ་དབུས་ཀྲུང་ཡོན་སོགས་དང་མཉམ་གཅིག་ཏུ་བསྟར་པས་གཅིག་གྱུར་གྱི་སྲིད་དབང་མིན་པ་ཤེས་ཐུབ།འོན་ཏེ་བོད་ཀྱི་ལོ་རྒྱུས་མཁས་པ་རྣམས་ལྡོང་བྱང་དེ་གནའ་བོའི་བོད་ཀྱི་རུས་ཆེན་བཞིའི་ནང་གསེས་ཀྱི་ལྡོང་ཡིན་མིན་དེ་རྩོད་མེད་ཡིན་ལ་དེར་ལ་ལས་ལྡོང་བྱང་དང་།རེ་འགས་ལྡོང་ཤུལ་དང་ལྡོང་སྤྱང་ཞེས་སུ་འབྲི།མི་རེ་འགས་ལྡོང་བྱང་ནི་ལྡོང་དང་བྱང་ནི་རྗེས་འཇུག་གི་སྒྲ་ཡིན་པར་འདོད་ལ་དེ་ལ་ཨ་སྤོ་ལྡོང་ཟེར་སྲོལ་ཡང་ཡོད།
བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི་བོད་ཡིག་གི་རླངས་ཚང་གི་ལོ་རྒྱུས་སུ་ཁྲི་རྗེ་ཐང་རྙེད་ཀྱི་སྲས་ནི་ཨ་ཕྱུག་མོ་སྲིད་ཁྲོ་ཏོ་ཆེན་པོ་དང་།ཁོས་ཉིང་བཟའ་ཞ་དམར་མ་ཁབ་ཏུ་བསུས་པས་གདུང་སྲས་གསུམ་བྱུང་ལ་ཆེ་བ་ནི་སྤོ་ཆེ་ལྡོང་དང་།འབྲིང་བ་སེ་ཆུང་སྦྲ།ཆུང་བ་ཨ་ཀྱ་ལྡོང་བཅས་ཡིན།སྤོ་ཆེ་ལྡོང་ནི་ལྡོང་གི་མི་རྒྱུད་ཀྱི་ཐོག་མ་སྟེ་ཁོང་གི་རྒྱུད་ཆེན་བཅོ་བརྒྱད་འཕེལ་བ་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་བྱུང་ལ་སྨུག་པོ་ལྡོང་ནི་ཤ་མདོག་སྨུག་ལ་བརྗིད་ཉམས་མངོན།
བོད་མིའི་གདུང་དྲུག་ཁྲོད་ཀྱི་ཨ་སྤོ་ལྡོང་གི་རྒྱུད་ཅེས་པ་ལས་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ནི་དབལ་ཤུལ་དང་།རིག་ཤུལ།ཕྱག་ཤུལ།ཧོར་ཤུལ།གཉན་ཤུལ།ཐལ་ཤུལ།ནག་ཤུལ།དམག་ཤུལ།ཡོན་ཤུལ།སྣ་ཤུལ།རོང་ཤུལ།ཀ་ཤུལ།རྒྱ་ཤུལ།རྒྱོ་ཤུལ།མཁར་ཤུལ།ཡག་ཤུལ།སྔོ་ཤུལ།དྲག་ཤུལ་བཅས་སོ།
ཚ་ཆེན་བཅོ་བརྒྱད་ནི་ཏོག་ཚ་དང་།རྨོག་ཚ།འགོ་ཚ།ཕྱག་ཚ།ཁྲོམ་ཚ།དམུ་ཚ།རྐང་ཚ།ཟམ་ཚ།འཚམ་ཚ།རག་ཚ།ཧུར་ཚ།སྟག་ཚ།གཟི་ཚ།རྦུ་ཚ།སྨུག་ཚ།གཡི་ཚ།མཚུར་ཚ།གཅན་ཚ།རྐྱང་ཚའམ་ཚང་ཚ་རྣམས་སོ།
ལྡོང་དེ་སླར་ཡང་དཀར་པོ་ལྡོང་དང་།ནག་པོ་ལྡོང་།ཁྲ་པོ་ལྡོང་།སྨུག་པོ་ལྡོང་བཅས་སུ་དབྱེ།
ཐོག་མར་ཐག་གཅོད་བྱ་ཐུབ་པ་ནི་ལྡོང་བྱང་དང་ཐུ་བྷོད་གཉིས་ལ་ཤ་ཁྲག་གི་འབྲེལ་བ་དམ་ཟབ་ཡོད་པ་དེ་རེད།སྲོང་བཙན་སྒམ་པོས་སྟོབས་འབྱོར་དར་བའི་ཐུ་བྷོད་ཀྱི་རྒྱལ་ཁབ་བཙུགས་རྗེས་ཐང་ཐའི་ཙུང(唐太宗)་ཀྲུན་ཀོན་ཁྲི་ལོ་བཅུ་གཉིས་པ་(638)་ལོར་ཏུང་ཉིས་(东女)་དང་ཧྥུ་གོ་(附国)་སོགས་དབང་དུ་བསྡུས་པས་མི་རབས་ནས་རི་རབས་བར་མདོ་ཁམས་ཕྱོགས་སུ་བོད་མི་ལྡོང་བྱང་རྣམས་ངང་གིས་ཐུ་བྷོད་ནང་དུ་འཐིམས་ཤིང་གནས་བབ་འདི་ཁྲོད་དུ་ལྡོང་བྱང་གི་མི་རྒྱུད་ཁག་ཅིག་སྟེ།ཐོ་པ་ཁྲི་ཚུལ་(拓拔赤辞)གྱིས་རང་གི་མངའ་ཞབས་རྣམས་ཁྲིད་དེ་ཤར་ཕྱོགས་སུ་བསྐྱོད་དེ་ཐང་ལ་མགོ་བཏགས་ཏེ་ལུས་()་ཞེས་པའི་རུས་བསྩལ།ཐང་རྒྱལ་རབས་ཀྱི་དུས་མཇུག་ལ་དེའི་གདུང་རྒྱུད་ཕྱི་མ་ཐོ་པ་སི་ཀོང་(拓拔思恭)་ཧྲ་ཀྲིག་ཏུ་བཞུགས་ཏེ་ཡུན()་དང་།ཤ()།སེ()་ཡུག()་ཅུན་()་ཀྲིག་ལྔའི་ཡུལ་ལ་དབང་མཛད་དེ་མི་ཉག་ཚོ་བ་ཞེས་སུ་བཏགས།ཐང་ཞིས་ཙུང་(唐僖宗)་གི་སྐབས་སུ་སི་ཀོང་(思恭)་ལིན་ཤ(灵夏)་མཐའ་སྲུང་སྤྱི་ཁྱབ་དཔོན་དུ་བསྐོས་ཤིང་གནས་འདི་ནི་ད་གཟོད་མི་ཉག་དར་རྒྱས་ཀྱི་མགོ་ཁུངས་བརྡོལ་ས་ཡིན།སྤྱིར་མི་ཉག་གི་དར་འཕེལ་དེ་གོ་རིམ་གཉིས་སུ་དབྱེ་ཆོག་ལ་རིམ་པ་དང་པོ་ནི་ཐང་གི་ཀྲུང་ཧི་ཁྲི་ལོ་དང་པོ་ནས་སུང་གི་ཡོང་ཞིས་ཁྲི་ལོ་དང་པོ་བར་ཡིན་ལ་དེ་དུས་རྒྱལ་པོ་དགུ་དང་མི་ལོ་དགུ་བཅུ་གོ་དགུ་ཕྱིན།གོ་རིམ་གཉིས་པ་ནི་ཡོས་ཞིས་ཁྲི་ལོ་གཉིས་པ་ནས་པའོ་ཆིན་ཁྲི་ལོ་གཉིས་པར་མི་ཉག་གི་རྒྱལ་ཁབ་བཙུགས་ཤིང་གོང་མ་ཁྲིར་བཀོད་པའི་བར་ཡིན་ལ་དེ་དུས་རྒྱལ་པོ་བཅུ་གཉིས་དང་ལོ་ངོ་བརྒྱ་དང་དགུ་བཅུ་དང་གོང་འོག་རིམ་པ་གཉིས་བསྡོམས་ཚེ་ལོ་ངོ་ཉིས་བརྒྱ་གྱ་གསུམ་འདས།མི་ཉག་སི་ཧུ་རྒྱལ་པོ་གོང་མར་བསྐོས་རྗེས་སུང་སྲིད་གཞུང་ལ་ཞུ་ཡིག་ནང་ཁོང་གི་མེས་པོ་འབྱུང་ཁུངས་སྙེགས་བཞིན་རང་ཉིད་ཀྱི་མེས་པོ་གོང་མའི་གདུང་རབས་ལས་མཆེད་པར་བརྗོད་ཅིང་ཏུང་ཅིན་རྒྱལ་རབས་དུས་མཇུག་གི་འོས་ལངས་དེ་ཝེ་ཕྱི་མ་འཛུགས་པའི་རྨང་དང་པོ་ཡིན་ཟེར།ཐོ་པ་ཁྲི་ཚིས་(拓拔赤辞)་དང་འ་ཞའི་བར་གྱི་གཉེན་འབྲེལ་ལས་ལྡོང་བྱང་ཐོ་པ་ཚོ་བའི་མི་ཉག་བྱུང་ལ་དེས་ཁྲག་རྒྱུན་གྱི་སྟེང་ནས་འ་ཞ་འབྲེལ་བ་དམ་ཟབ་ཡོད་པ་མཚོན་ཐུབ་མོད་ཀྱང་མི་ཉག་དེ་གོང་མའི་གདུང་རྒྱུད་ལས་མཆེད་ཅེས་པའི་གཏམ་གྱི་མཐར་ཐུག་གི་དམིགས་ཡུལ་ནི་མི་ཉག་སི་ཧུ་རྒྱལ་པོས་གོང་མའི་གདུང་རྒྱུད་དུ་བསྙད་དེ་རང་ཉིད་ཀྱི་སྐྱེས་ཁུངས་མཐོ་རུ་འདེགས་རྒྱུ་དེ་ཡིན་ལ་ཁོང་ནི་དངོས་ནས་ལྡོང་བྱང་བ་ཤ་གཙང་རུས་གཙང་ཞིག་རེད།ང་ཚོས་ལོ་རྒྱུས་དེབ་ཐེར་ལ་གཟིགས་ཚེ་ཐང་སུང་སྐབས་སུ་མི་ཉག་ལ་སྤྱང་ཟེར་ཞིང་དེའི་སྐད་དང་ཡི་གེ་ལ་བོད་ཡིག་དང་བོད་སྐད་དང་།དཔེ་ཆར་བོད་དཔེ་ཟེར་ཏེ།སྐབས་ལ་རེར་མི་ཉག་ལ་བོད་ཅེས་འབོད།དེ་བཞིན་དུ་སོག་པོས་མི་ཉག་ལ་ཐང་བོད་ཐུག་(唐兀特)་ཟེར་ཞིང་()་ལ་དེང་སང་གི་ཨ་མདོའི་སྐད་དུ་བོད་ཞེས་ཀློག་()་ནི་རྗེས་འཇུག་གི་སྒྲ་ཡིན།དེ་ཉིད་དབུས་གཙང་སྐད་ཀྱི་བོད་དང་ཨ་ན་མ་ན་རེད།ཆིན་རྒྱལ་རབས་བར་དུ་བོད་མི་རིགས་ལ་ད་དུང་ཐང་བོད་ཐུ་(唐兀特)་འམ་ཐུ་བྷོད་ཐུ་(土伯特)་ལྟར་འབོད།སྤྱི་ལོ་1038་ལོར་མི་ཉག་སི་ཧུ་རྒྱལ་པོས་རང་ཉིད་གོང་མར་བསྐོས་ཤིང་རྒྱལ་ཁབ་ཀྱི་མིང་ལ་མི་ཉག་གྷ་དང་།སྟོད་ཀྱི་རྒྱལ་ཁབ་དཀར་པོའམ་གངས་སྟོད་མི་ཉག་ཆེན་མོ།སྟོད་མི་ཉག་སོགས་ཀྱང་ཟེར།དབྱིན་ཇིའི་བོད་རིག་པའི་ཆེད་མཁས་པ་རྨེའུ་བསམ་གཏན་རྒྱ་མཚོས་ཁོང་གི་བརྩམས་ཆོས་མི་ཉག་བོད་རིགས་ཁྲོད་ཀྱི་བོད་ལུགས་ཀྱི་ཤིང་རྐོས་རི་མོ་ཞེས་པ་ལས་མི་ཉག་ནི་བོད་སོག་གི་མི་རིགས་ཁག་ཅིག་འདུས་པས་གྲུབ་ཅིང་ཁོ་ཚོས་སྨྲ་བའི་སྐད་ཆ་ནི་དཔྱད་པ་ལྟར་ན་བོད་དང་འབར་མའི་སྐད་རིགས་ཀྱི་ཁོངས་གཏོགས་རེད་ཟེར།གོང་གསལ་སྐད་ཆ་འདིར་ཕྱོགས་རིས་རང་བཞིན་ངེས་ཅན་ལྡན་ཡང་བོད་དང་མི་ཉག་གཉིས་ཕྱོགས་གཅིག་ཏུ་བཞག་པ་ནི་ཁུངས་བཙུན་པའི་གཏམ་དུ་ངེས།བོད་མི་རིགས་ཀྱི་གདོད་མའི་རུས་ཆེན་བཞི་ནི་ཡེ་སང་དཀར་པོ་དང་།ཡེ་སང་ནག་པོ།མོན་རྫུ་ནག་པོ།སྤྱང་དྲུག་ནག་པོའམ་ཡང་ན་སྒ་དང་།འབྲུ།དབྲ།ལྡོང་བཅས་བཞི་ཡིན་ལ་ལྡོང་བྱང་ནི་རུས་ཆེན་བཞིའི་ཁྲོད་ཀྱི་ལྡོང་དང་དེ་ལ་ལྡོང་ལག་བཅོ་བརྒྱད་བྱུང་སྟེ་རྒྱ་བོད་ས་མཚམས་སུ་གནས།མེས་པོའི་འབྱུང་ཁུངས་འཆད་སྟངས་ཀྱི་ཐད་ནས་ཀྱང་བོད་དང་མི་ཉག་གཉིས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་གི་སྲིན་མོའི་གདུང་ལས་མཆེད་པའི་ལྟ་ཚུལ་གཅིག་མཐུན་ངང་འཛིན་པས་རྒྱ་བོད་ལོ་རྒྱུས་ཡིག་ཚང་དུའང་ཐུ་བྷོད་ཀྱི་མི་ཁྲི་ཏོ་ཆེན་པོར་སྲས་དྲུག་བྱུང་བ་དང་དེ་དག་ནི་བྲ་དང་།དབྲུ།ལྡོང་།སྒ།དབའ།ཟླ་བཅས་དང་།ཁོས་ཚོས་རྨ་མཁར་ཤུལ་ཞེས་པར་ས་ཞིང་འདེབས་འཛུགས་བྱ་དུས་བུ་ཆེ་བ་ལྡོང་གྱི་རྒྱུད་རྣམས་ཁག་དྲུག་ཏུ་གྱེས་ལ་སྟོད་དུ་པ་ཚོ་ཚང་དང་གྲ་ཡེ་ཚང་།བར་དུ་རོ་རྩིག་ཚང་དང་རག་ཤུལ་ཚང་།སྨད་དུ་མི་ཉག་ཚང་དང་སྐྱིད་བསྟན་ཚང་བཅས་ཡོད།འདི་དག་ལ་གཞིགས་ཚེ་མི་ཉག་ཐུ་བྷོད་ཀྱི་བྱེ་བྲག་ཅིག་རེད་ལ་རང་ཡུལ་དང་བྲལ་ཏེ་སྨད་ཕྱོགས་སུ་བསྐྱོད་པའི་མི་ཉག་གི་ཤོག་ཁག་འདིའི་སྐད་ཡིག་ལ་འགྱུར་བ་ཕྱིན་དེ་རྒྱ་དང་།གྲུ་གུ།འ་ཞ་སོགས་མི་རིགས་རྣམས་ཀྱི་སྐད་ཡིག་རང་སྐད་ནང་དུ་བསྡུ་ལེན་བྱས་པས་སྐད་ཡིག་ལའང་འགྱུར་བ་ཕྲན་བུ་ཕྱིན།དེ་བཞིན་དུ་རྒྱ་ཡིག་འབྲི་དུས་འབྲི་ཐབས་བྲལ་བས་གནའ་བོའི་བོད་སྐད་ཀྱི་ཉམས་ཀྱིས་བརྟས་པའི་ཡིག་སྐད་དེས་དེང་གི་སྐད་ལ་གཟིགས་ཚེ་སུམ་ཆའི་གཅིག་མ་གཏོགས་དེ་མིན་སྐད་རིགས་གཞན་དང་གཉིས་སུ་མེད།དོན་དངོས་སུ་འདི་ནི་དཔེ་ཙམ་སྟེ་བོད་སྐད་ཀྱི་རྩ་བ་དང་ཕྱི་མོ་དེ་དམིགས་བཀར་གྱིོ་སྤྱི་ཚོགས་འདྲ་མིན་ཁྲོད་འགྱུར་ཞིང་སྔར་ཡོད་ཀྱི་ཚིག་དང་སྒྲ་རྣམས་བོར་བ་རེད།དེང་དུས་ཀྱི་བོད་རིགས་ཏེ་མགོ་ལོག་དང་།ཀན་ལྷོ།དཔའ་རིས་ཡུལ་གྱི་མི་མང་ཆེ་བ་ལྡོང་གི་མི་རྒྱུད་ཡིན་ལ་བོད་ཀྱི་གནའ་བོའི་རུས་ཆེན་ཁྲོད་དཔའ་རིས་ས་ཁུལ་དུ་པྲ་དང་།འབྲུ།ལྡོང་།སྟོང་སོགས་ཀྱི་རྒྱུད་ཡོད་པར་འཆད་ལ་ལྡོང་གི་རྒྱུད་ལས་མཆེད་པ་རྣམས་ཀྱི་མཆེད་ཁུངས་ནི་ཟི་ཁྲོན་བྱང་རྒྱུད་དང་མགོ་ལོག་ཡིན་ལ་འདི་ནི་ངག་རྒྱུན་དང་ལོ་རྒྱུས་ཁྲོད་ཀྱི་ཡིག་ཆར་ཐོད་གཏུགས་ཐུབ།
རྒྱའི་(续资质通鉴长编)་ཅེས་པའི་ལོ་རྒྱུས་སུ་ལྡོང་བྱང་དང།ཐུ་བྷོད་ཀྱི་ཡུལ་གོམས་གཤིས་ལུགས་ཧ་ལམ་འདྲ་སྟེ་དེའི་ཚོ་བ་རྒོད་དང་གཡུང་དུ་དབྱེ་ཞིང་རྒྱའི་ས་མཚམས་དང་འབྲེལ།དེ་དག་གིས་གྲོང་མཁར་དུ་འདུག་མཁན་ལ་གཡུང་ཁྱིམ་དང་རི་བོའི་སུལ་སོགས་སུ་གནས་བཅོས་ཏེ་འཕྲོག་བཅོམ་བྱེད་མཁན་ལ་རྒོད་ཁྱིམ་ཟེར།དེ་དག་གི་སྲོལ་དུ་ཤ་འཁོན་ཅན་ལ་འབྲེལ་འོང་མི་བྱེད་ཅིང་གལ་ཏེ་ཕན་ཚུན་ཐུག་ཚེ་འཁྲུག་རྩོད་བྱེད་མོད་རྐུན་འཕྲོག་སོགས་བྱེད་དུས་ཕན་ཚུན་དཔུང་གཅིག་ཏུ་སྦྲེལ་ལ་དེ་རྣམས་མདའ་རྩལ་ལ་ཤིན་ཏུ་བྱང་།མི་རེ་རེར་སྒ་སྲབ་དང་གོ་ཆ་སོགས་འཛོམས་ཀྱང་སྤྱི་ལ་དབང་བྱེད་པའི་དཔོན་མེད་པར་རི་ལུང་དང་ཆུ་ཆེན་གྱི་གནས་སུ་འཚོ་བཞིན་རྒྱུན་གྱི་གནས་མལ་དེ་དཀའ་ངལ་ཞིག་ཏུ་རྩིས་ཀྱིན་མེད་ཟེར།  ད་དུང་མུ་མཐུད་དེ་ཡར་དེད་ན་ཐང་ཡིག་གསར་བའི་ལྡོང་བྱང་གི་ལོ་རྒྱུས་ལས་ཀྱང་གདོད་མ་ནས་དྲག་པའི་རྩལ་ལ་བྱང་ཞིང་ཁྲིམས་དང་དམག་ཁྲལ་སོགས་མེད་པས་མི་རྣམས་ཚེ་ཐག་རིང་ཞིང་འཕྲོག་བཅོམ་གཏུབ་གསུམ་ལ་མཁས།འདི་རྣམས་ཀྱིས་ཤ་འཁོན་ངེས་པར་རྩོད་ཅིང་མི་ཞིག་གིས་ཤ་འཁོན་རྩོད་མ་ཐུབ་ཚེ་མགོ་སྐྲ་སིལ་ཞིང་གདོང་ལ་ཐལ་བྱུག།རྐན་རྗེན་དུ་བགྲོད་ཅིང་རྩྭ་ཟ་བཞིན་རང་སྲོག་རང་གིས་བཀུམས།  སྐྱེས་ཕོ་མོ་རྣམས་ཀྱིས་མཉེད་ཟིན་པའི་ཀོ་ལྤགས་ཀྱི་གོས་གྱོན་ཞིང་ནོར་གནག་དང་།རྟ།བུང་བུ།ལུག་བཅས་ཀྱི་ཤ་ཟ་ཞིང་ས་ཞིང་རྨོ་འདེབས་ཀྱི་ལས་མི་བྱེད།ས་འཁྱགས་པས་དབྱར་ཟླ་ལྔ་བར་རྩྭ་རྩི་ཤིང་རྒྱས་ལ་སྟོན་ཟླ་བརྒྱད་པར་སད་འབབ།ཡི་གེ་མེད་པས་རྩི་ཤིང་གིས་ལོ་ཟླ་ངོས་འཛིན་ཅིང་ལོ་གསུམ་རེའི་ནང་ཐེངས་རེ་འདུ་སྟེ་སྒོ་ཕྱུགས་བསད་དེ་དམར་མཆོད་བྱེད།        ཡུལ་གཞན་གྱི་གྲོ་ནས་སྤྱད་དེ་ཆང་བསྙལ་ཞིང་རུས་གཅིག་པ་དང་གཉེན་མི་འཛིན།རྒས་ཏེ་ཤི་ཚེ་བུ་རབས་ཚ་རྒྱུད་རྣམས་མྱ་ངན་མི་བྱེད་ཅིང་གཞོན་པ་འཆི་ན་བར་ཆད་དུ་བརྩིས་ནས་མྱ་ངན་བྱེད་ཅེས་བརྗོད་པའི་གོང་གསལ་རྒྱལ་རབས་གཉིས་ཀྱི་སྐབས་སུ་བཀོད་པའི་ཡུལ་གོམས་གཤིས་ལུགས་དེ་དུས་རབས་འདིའི་དུས་མཇུག་དང་དུས་མགོའི་ཀན་སུའུ་བོད་ཁུལ་དང་ཧ་ལམ་གཉིས་སུ་མེད།
མི་ཉག་གིས་དཔའ་རིས་ཀྱི་ཡུལ་ཁམས་མང་ཆེ་བ་བཟུང་རྗེས་མི་ཉག་སྲིད་དབང་གི་ཁྲིམས་སྲོལ་ལྟར་དམག་དོན་ལས་ཁུངས་བཙུགས་ཏེ་དབང་བསྒྱུར་བྱས།རོང་དྲུག་ཚོ་བ་ཕམ་ཉེས་བྱུང་རྗེས་རྒྱལ་སྲས་ལ་མགོ་བསྒུར་ནའང་མི་ཉག་རང་གི་ས་ཁུལ་དུ་སྔར་བཞིན་བོད་མི་མང་པོ་འཚོ་སྡོད་བྱས་ཡོད་ལ་རོང་དྲུག་གི་བོད་མི་ཡོད་དོ་ཅོག་རྒྱལ་སྲས་ལ་འཁོར་མེད་པས་རོང་དྲུག་གི་བོད་མི་ཁག་ཅིག་སྔར་ལྟར་རང་གི་ཕ་ས་ཕ་ཡུལ་ན་གནས་ཡོད་པ་གདོན་མ་ཟ།ཅིན(金国)་དང་།མི་ཉག།ཐུ་བྷོད།སུང་བཅས་ཀྱི་ལོ་ངོ་བརྒྱ་ལྷག་གི་གཡུལ་འགྱེད་ཁྲོད་ལིང་ཇུ་ཧྲིལ་པོ་གཞན་ལག་ཏུ་ཤོར་མོད་ཐུ་བྷོད་དང་ཐུ་བྷོད་ཚོ་བ་ཕྱིར་རང་ཡུལ་དུ་ལོག་སྲིད་པའི་གནས་བབ་དེ་ཟློག་ག་ལ་ཐུབ།
དུས་རབས་བཅུ་གཅིག་པར་མི་ཉག་དང་བོད་ས་མཐོའི་ཤར་རྒྱུད་ཀྱི་ཐུ་བྷོད་བར་གཡུལ་འཁྲུག་གི་མེ་ལྕེ་སྦར་ཅེས་གོང་གསལ་ནས་ངས་བརྗོད་ཟིན་ལ་ཤར་ཁུལ་གྱི་ཐུ་བྷོད་ཀྱིས་མི་ཉག་ལ་འདི་ལྟ་བུའི་ཞེ་འཁོན་འཛིན་པའི་ལྟ་ཚུལ་བཟུང་བ་དེ་ཕྱིས་སུ་རིམ་གྱིས་རང་སྲུང་དང་བར་གནས་ཀྱི་རྣམ་པར་བསྒྱུར་བ་མ་ཟད།སྐབས་ལ་རེར་ཐུ་བྷོད་དང་མི་ཉག་གཉིས་ཐ་ན་གྲོས་འཆམ་སྟེ་མཉམ་འབྲེལ་བྱེད་བཞིན་སུང་གི་རེ་བསྟུན་རེ་འགལ་ཅན་གྱི་ཐུ་བྷོད་ལ་བཟུང་བའི་ཕྱོགས་རིས་ཀྱི་སྲིད་ཇུས་ལ་ངོ་རྒོལ་ཡང་བྱེད་ཀྱིན་ཡོད།དུས་རབས་བཅུ་གཉིས་པར་ཐོན་དུས་ཤ་རུས་གདུང་རྒྱུད་གཅིག་ལ་མཆེད་ཅིང་རིག་གནས་གོམས་སྲོལ་དང་ཆོས་ལུགས་དད་མོས།ཐོན་སྐྱེད་ལམ་ལུགས་སོགས་གཅིག་གྱུར་ཡིན་པས་གཡུལ་མཚམས་བཞག་སྟེ།ཕན་ཚུན་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ལ་དེ་བཞིན་དུ་མི་ཉག་རྒྱལ་ཁབ་ཀྱི་གཞུང་དང་རྫོང་།ཁུལ་རིམ་པའི་སྲིད་འཛིན་ལས་རིགས་ཁྲོད་ཐུ་བྷོད་ཀྱི་མི་རྣམས་འཛུལ་ཞུགས་བྱས་ཡོད་ལ་དམག་དཔུང་གི་ནང་དུའང་ཐུ་བྷོད་ཀྱི་མི་ཞུགས་ཡོད།ལྷག་པར་དུ་ཆོས་ལུགས་ཀྱི་ཐད་ནས་ བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲྭ་བཙུན་མང་ཆེ་བས་རིམ་གྲོ་སྒྲུབ་པ་དང་།དགོན་གྲྭ་གསར་བཞེངས།ནང་བསྟན་ལོ་ཙྭ་སོགས་རླབས་ཆེན་བྱ་བཞག་མཛད་བཞིན་ནང་བསྟན་སྤེལ་གྱིན་ཡོད།
མཇུག་མཐར་ད་དུང་ལོ་རྒྱུས་སྟེང་ཐོག་གཅོད་མ་བྱས་པའི་གནད་དོན་ཞིག་གླེང་དགོས་ལ་དེ་ནི་ནུབ་བྱང་གི་མཚམས་སུ་རྔམ་བརྗིད་ཀྱིས་འགྲེངས་ཤིང་སྟོབས་འབྱོར་མངའ་ཐང་རབ་ཏུ་དར་བའི་མི་ཉག་གི་རྒྱལ་ཁབ་དང་དེའི་མི་རིགས་ཀྱི་དཔལ་ཡོན་རེད།དུས་རབས་བཅུ་གསུམ་པའི་ནང་དུ་ཇིང་གུར་རྒྱལ་པོའི་སོག་དམག་གི་དཔུང་རྟས་ཡ་གླིང་དང་ཡོ་རོབ་སྐམ་ས་ཆེན་པོ་གཉིས་ཐལ་བའི་རྡུལ་དུ་བརླགས་ཀྱང་མི་ཉག་གིས་དམག་ཤུགས་ཡོད་དགུ་བཏོན་ཏེ་སོག་དམག་གི་བཙན་འཛུལ་ལ་རྒོལ་ལན་དྲག་པོ་སྤྲོད་ཅི་ཐུབ་བྱས་ལ་མཐར་སོག་དམག་གི་སྟོབས་ཤུགས་མ་ལྕོགས་པས་སྤྱི་ལོ་1227་ལོར་མི་ཉག་གི་རྒྱལ་ཁམས་རྨང་ནས་འཇིག།མི་ཉག་གི་གཙོ་ཤུགས་ནི་ལྡོང་བྱང་ཡིན་པའི་ཆ་ནས་དེ་རྣམས་ཀྱི་གདོད་མའི་འཚོ་ཡུལ་ནི་མི་ཉག་རབ་སྒང་གི་ས་ཆ་ཡིན་ལ་སོས་ཐང་(隋唐)་གི་དུས་སྐབས་སུ་ཀན་སུའུ་དང་ཉིན་ཤ་ཁུལ་ཏུ་སྤོས་ཤིང་སུང་གི་སྐབས་སུ་མི་ཉག་གི་སྲིད་དབང་བཙུགས།སོག་དམག་གི་དཔུང་རྟས་མི་ཉག་བརྫིས་རྗེས་མི་ཉག་གི་དམངས་དམག་ཁག་ཅིག་སོག་དམག་གི་གྲས་སུ་ཞུགས་ཏེ་ལྷོ་འདུལ་བྱང་འཐབ་ཀྱི་ལས་སུ་ཞུགས་ཤིང་ཁག་ཅིག་ནི་བྲན་ཏུ་བཀོལ་པས་མཐར་རྒྱ་སོག་མི་རིགས་སུ་འཐིམ་སྟེ།དེང་གི་ཅང་སའོ་(江苏)་དང་།ཀྲའེ་ཅང་(浙江)།ཧི་པེ(河北)།ཧི་ནན་(河南)་སོགས་ཀྱི་ས་ཆར་ཁོང་རྣམས་ཀྱི་རྗེས་ཤུལ་བཀོད་ཡོད།དེ་ཡང་མི་ཉག་གི་མི་ཁག་ཅིག་ལྷོ་ཡི་འཇུ་ལག་ཆུ་བོ་(大通河)་བརྒལ་ཤིང་ཟུང་ཆུ་(松潘)་རྩྭ་ཐང་བརྒྱུད་དེ་རྒྱལ་རོང་ལྷོ་ངོས་སུ་འབྱོར་ཞིང་མཐར་རང་ཡུལ་མི་ཉག་ལ་བསླེབས།མི་ཉག་རྒྱལ་རྒོད་ཀྱི་ཚ་རྒྱུད་ཅིག་དེ་ནས་དབུས་གཙང་ཕྱོགས་ཀྱི་གཞི་རྩེ་ས་ཁུལ་གྱི་ངམ་རིང་རྫོང་དུ་འབྱོར་དེ་བསྡད།ད་དུང་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་པའི་མི་ཉག་གི་ལིན་ཞ་(临夏)་ཏུང་ཞུང་(东乡)་ཁུལ་དང་མཚོ་སྔོན་རེབ་གོང་གི་པའོ་ཨན་(保安)་ཡུལ་ཏུ་སྤར་དེ་བསྡད།དེའི་རྒྱལ་བོའི་གདུང་རྒྱུད་ཁག་ཅིག་སྤྱི་ལོ་1227་ལོར་དབུས་གཙང་ཕྱོགས་སུ་བྲོས་བྱོལ་དུ་འབྱོར་ཏེ་གཙང་གི་བྱང་རྒྱུད་ཀྱི་རྣམ་གླིང་དུ་གཞིས་ཆགས།
ཉེ་བའི་ལོ་དུ་མར་མི་ཉག་གོང་མའི་གདུང་རྒྱུད་ཞིབ་འཇུག་ལ་ལམ་བུ་གསར་བ་ཞིག་བཏོད།མཚོ་སྔོན་གྲོ་ཙང་ཡུལ་ཀྱི་སྐུ་ཞབས་ལིས་ཕིས་ཡེ་(李呸业)སྟེ་ཧྲན་ཞི་ནོར་སྲིད་སློབ་ཆེན་གྱི་དགེ་ཆེན་མོ་གཞོན་པ་ཡིས་རང་གི་ཡབ་ལིས་ཧོང་ཡུས་(李鸿义)་ཀྱིས་མེས་པོ་གོང་མར་ཞིབ་འཇུག་མཛད་པའི་རྩོམ་ཡིག་དང་ལིས་ཚང་(李家)་གི་རུས་མཛོད་ཡོད་དགུ་ལ་ཕྱོགས་གང་ཐད་ནས་ཞིབ་འཇུག་ནན་མོ་མཛད་རྗེས་མིན་རྒྱལ་རབས་()དང་ཆིན་རྒྱལ་རབས་()་སྐབས་ཀྱི་མཚོ་སྔོན་ཤར་རྒྱུད་ཀྱི་ལིས་དཔོན་པོ་(李土司)་ནི་མི་ཉག་རྒྱལ་པོའི་གདུང་རྒྱུད་ཡིན་པ་དང་དེའི་མེས་པོ་གོང་མ་ནི་མི་ཉག་ལྡོང་བྱང་གི་མི་རེད།མི་ཉག་གི་དུས་སྐབས་སུ་མི་རབས་ནས་མི་རབས་ལིན་ཀྲིག་(灵州)་གི་རུས་ཡིན་ཟེར་ལ་འདིས་མཚོ་སྔོན་དུ་སྔར་བཞིན་མི་ཉག་གོང་མའི་གདུང་རྒྱུད་ཡོད་པ་གསལ་བཤད་བགྱིས་ཡོད།ལིས་ཚང་(李家)་གི་རུས་མཛོད་ལྟར་ན་མཚོ་སྔོན་གྱི་ལིས་དཔོན་པོའི་(李土司)་མེས་པོ་ནི་མི་ཉག་གོང་མའི་གདུང་རྒྱུད་འཁྲུལ་མེད་ཡིན་ཡང་གནད་དོན་གཉིས་ངེས་པར་དུ་ཐག་གཅོད་བྱ་དགོས་ལ་གཅིག་ནི་ལིས་ཚང་ནི་མི་ཉག་ལྡོང་བྱང་གི་ཐོ་པ་ལས་འ་ཞའི་ཐོ་པ་མིན་ཞིང་དེ་བཞིན་དུ་མི་ཉག་ལྡོང་བྱང་གི་རིགས་ལས་འ་ཞའི་རིགས་མིན་ཏེ།མི་ཉག་གི་མེས་པོས་འ་ཞ་དང་གཉེན་བཟུང་ཡང་ཁྱིམ་ཐབ་ཅིག་ཁབ་ཏུ་བསུས་པ་ཙམ་གྱིས་མི་རིགས་ཀྱི་ཆགས་གྲུབ་དེ་བརྗེ་ག་ལ་ཐུབ།གཉིས་ནི་ཧྲ་ཐོ་ལིས་ཁུག་ཡོང(沙佗李克用)་དང་ལྡོང་བྱང་གཉིས་ནི་མི་རིགས་ཐ་དད་པ་གཉིས་རེད།ཕྱིས་ཀྱི་ལྡོང་བྱང་གི་ལིས་ཚང་རྒྱར་འགྱུར་ཞིང་ཀྲུང་གོ་གསར་བ་དབུ་བརྙེས་བའི་བར་དེ་དག་མང་ཆེ་བ་རྒྱ་རིགས་སུ་གྱུར་ཟིན་པ་སྨོས་ག་ལ་དགོས།འོན་ཏེ་བོད་རིགས་དང་ཐུའུ་()་སོགས་ལོ་རྒྱུས་སྟེང་གི་འཕོ་འགྱུར་འདི་ལྟ་བུ་མཆིས་ཀྱང་དེ་དག་གི་མེས་པོ་ནི་མི་ཉག་ལྡོང་བྱང་ཡིན་པ་དོན་དངོས་རེད།



ལེའུ་གཉིས་པ།རྨ་ཆུ་དང་ཙོང་ཆུའི་བཞུར་ཡུལ་གྱི་ཐུ་བྷོད་ཙོང་ཁ་རྒྱལ་པོ།
གཅིག  རྒྱལ་སྲས་སྲིད་དབང་གསར་འཛུགས།
ཐུ་བྷོད་ཀྱིས་བཙུགས་པའི་ལིང་ཇུ་རོང་དྲུག་ཚོ་བ་ཉམས་རྒུད་དུ་གྱུར་དུས་ཙོང་ཆུའི་བཞུར་ཡུལ་གྱི་ཙོང་ཁ་ཚོ་བས་ཉེ་འཁོར་གྱི་ཚོ་ཁག་རྣམས་གཅིག་ཏུ་བསྡུས་ཏེ།རིམ་གྱིས་དར་རྒྱས་སུ་ཕྱིན་ཅིང་འདི་ནི་ནུབ་བྱང་ཁུལ་དུ་མཚན་སྙན་གྱི་རྔ་བོ་ལྡིར་བའི་རྒྱལ་སྲས་ཀྱི་ཙོང་ཁའི་སྲིད་དབང་རེད།
རྒྱལ་སྲས་ཀྱི་མཚན་དངོས་ལ་ཁྲི་གནམ་ལྡེའི་དབོན་བཙན་པོ་ཟེར་ཞིང་མང་ཡུལ་དུ་སྐྱེས།དེ་ཡང་སུང་བོད་ཀྱི་ལོ་རྒྱུས་ཞེས་པ་ལས་རྒྱལ་སྲས་ནི་བོད་བཙན་པོའི་གདུང་རྒྱུད་ཡིན་ཞིང་མཚན་ལ་ཁྲི་གནམ་ལྡེའི་དབོན་བཙན་པོ་ཟེར།ཆེན་པོ་ཅེས་པ་ནི་བཙན་པོའི་དོན་ཡིན་ལ་སྤྱང་གི་སྐད་ཟུར་ཆགས་པས་ཆེན་པོ་ཞེས་སུ་གྲགས།ཁོང་ཉིད་གུང་ཐང་མང་ཡུལ་ཏུ་འཁྲུངས་ཤིང་དགུང་ལོ་བཅུ་གཉིས་སོན།ཧི་ཀྲིག་(河州)་གི་བསོད་ནམས་སྙིང་བྱམས་གུང་ཐང་དུ་འབྱོར་དུས་མཚར་ཞིང་སྡུག་པའི་རྒྱལ་སྲས་ཀྱི་བྱད་བཞིན་སོགས་མཐོང་སྟེ།ཙིག་ཞིན་མཁར་དུ་ཁྲིད་དེ་བཞུགས་སུ་བཅུག།ཟིང་པོ་ཁྲིད་སྲིད་རྗེ་ཡིས་རྒྱལ་སྲས་སླར་ཡུས་ཀོང་མཁར་ཏུ་གདན་དྲངས་ཏེ།ཧི་ཀྲིག་(河州)་རུ་རྒྱལ་ཁྲིམས་འཛུགས་རྩིས་བྱས།ཧི་ཀྲིག་(河州)་གི་མི་རྣམས་ཀྱིས་སངས་རྒྱས་ལ་རྒྱལ་བ་ཟེར་ཞིང་ཕྲུ་གུ་ལ་སྲས་ཟེར་བས་དེ་ནས་བཟུང་ཁོང་ལ་རྒྱལ་སྲས་ཞེས་ཐོགས།སྤྱིར་ལོ་རྒྱུས་དེབ་ཐེར་རྣམས་སུ་རྒྱལ་སྲས་ནི་ཕལ་ཆེ་བར་གཅིག་མཐུན་དུ་སྣང་རུང་འདིའི་འཁྲུངས་ཡུལ་ལ་ད་དུང་ཡང་ཐུན་མོང་གི་ཐག་གཅོད་ཅིག་མེད་པར་འགལ་བས་ཁེངས།
རྒྱལ་སྲས་ནི་(997-1065)་ཐུ་བྷོད་གྱི་མི་ཡིན་ལ་མཚན་དངོས་ལ་ཁྲི་གནམ་ལྡེ་དབོན་དང་ཐུ་བྷོད་བཙན་པོའི་གདུང་རབས་ཕྱི་མ་ཡིན།འདི་ལྟར་བཀོད་པ་ལ་བློ་ཁེལ་ཆོག་པའི་གནས་གསུམ་མཆིས་ཏེ།
གཅིག།  རྒྱལ་སྲས་ཅེས་པ་ནི་རྒྱལ་པོའི་སྲས་ཀྱི་དོན་ཡིན་ལ་དེ་ནི་རྒྱའི་གནམ་སྲས་(天子)ཞེས་པ་དང་གཉིས་སུ་མེད།དེ་བས་རྒྱལ་སྲས་ནི་ཐུ་བྷོད་རིགས་དང་བོད་ཀྱི་ལོ་རྒྱུས་སུ་དེ་ལ་ཙོང་ཁ་རྒྱལ་པོ་ཟེར།
གཉིས།  བོད་བཙན་པོའི་གདུང་རབས་ཕྱི་མར་འཁྲུངས།
ཐུ་བྷོད་གདུང་རབས་ཕྱི་མའི་བཙན་པོ་གླང་དར་མ་838་ལོར་རྒྱལ་ཁྲིད་བཀོད།འདིའི་སྔོན་ལ་རྒྱལ་རབས་ནང་ཁུལ་གྱི་དབང་ཤུགས་བརྩོན་ལེན་གྱི་འཐབ་རྩོད་དེ་ཛ་ཇེ་དྲག་ཏུ་གྱུར་ཟིན་ཅིང་འདི་ལྟ་བུའི་ཆབ་སྲིད་འཐབ་རྩོད་དེ་ཆོས་ལུགས་ནང་ཁུལ་དུའང་བྱུང་མགོ་ཚུགས། བན་བོན་གཉིས་བར་གྱི་འཐབ་རྩོད་དེ་སྔར་ལས་རྣོ་ངར་ཅན་དུ་གྱུར།གླང་དར་གྱིས་སྲིང་དབང་བཟུང་རྗེས་བན་ཏེ་ཡི་སྡེ་གཏོར་ཏེ།བསྟན་པ་བསྣུམས་ཤིང་གྲྭ་བཙུན་རྣམས་ཤན་པ་དང་།ཁྱིམ་པ།རྔོན་པ་བཅས་བྱེད་དུ་བཅུག་ཅིང་བཀའ་མི་བརྩི་བ་རྣམས་བཀུམས།དེ་མིན་རྭ་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པ་རྣམས་ཀྱང་གཏོར་པའི་མགོ་ཚུགས།དེ་ལྟར་སྲིད་འགན་བཞེས་ནས་དགུང་ལོ་བཞི་ཁོ་ན་ལས་མ་འགྱངས་པར་ལྷ་ལུང་དཔལ་རྡོར་གྱིས་ཁོང་གི་སྲོག་བཀུམས།དེ་བས་རྒྱལ་སྲིད་འཛིན་པའི་གདུང་སྲས་ལས་བརྩམས་ཏེ།བཙན་པོའི་ཁྱིམ་རྒྱུད་དང་སྐུ་དྲག་གི་བར་སྲིད་དབང་འཐབ་རྩོད་ཀྱི་འདུ་ལོང་འཁྲིག་སྟེ།བོད་སིལ་བུར་འཐོར།དེ་ལྟར་གླང་དར་གྱི་གདུང་སྲས་ཆེ་བ་ཡུམ་བརྟན་དང་ཆུང་བ་འོད་སྲུང་གཉིས་ལ་རང་རང་གི་ཡུམ་གྱི་ཕྱོགས་ཁག་སོ་སོས་ཉེས་མེད་ཀྱི་རྒྱལ་སྲས་ཆུང་ངུ་གཉིས་བེད་སྤྱད་དེ་རྒྱལ་སྲིད་འཕྲོག་རྩོད་ཀྱི་ནང་དམེ་དྲག་པོ་བྱས།དེ་དང་རྒྱུན་མཐུད་དེ་མཐའ་མཚམས་ཁུལ་དུ་འབངས་གྱེན་ལོག་བྱས་པས་བོད་བཙན་པོའི་རྒྱལ་རབས་འདི་ཉམས་རྒུད་དུ་ཕྱིན།སྐབས་དེ་ཤེད་དུ་བཙན་པོའི་ཁྱིམ་རྒྱུད་རྣམས་ཕྱོགས་མཚམས་ཀུན་ཏུ་བྲོས་བྱོལ་ལ་ཕྱིན་ཞིང་འོད་སྲུང་གི་སྲས་ཆེ་བ་དཔལ་འགར་བཙན་གྱི་བཙུན་མོ་ཆེ་བའི་གདུང་སྲས་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་བྱོན་ཕེབས་ཏེ།མངལ་རིས་རྒྱལ་རྒྱུད་བྱུང་།དེའི་བཙུན་མོ་ཆུང་བའི་གདུང་སྲས་བཀྲ་ཤིས་བཙགས་པ་དཔལ་དང་དེའི་གདུང་རྒྱུད་རྣམས་ལ་སྟོད་དང་ཨ་མདོ།ཡར་ལུང་སོགས་སུ་འཕེལ།དེ་དག་གི་ཁྲོད་ནས་བཀྲ་ཤིས་བརྩེགས་པ་དཔལ་གྱི་སྲས་ཐ་ཆུང་འོད་སྡེ་ལ་འཕགས་པ་སྡེ་གསལ་དང་།ཁྲི་སྡེ།ཁྲི་ཆུང་།ཉིང་སྡེ་སོགས་གདུང་སྲས་བཞི་བྱུང་བ་དང་དེ་ཡང་ཁྲི་སྡེ་ཡི་གདུང་རྒྱུད་དེ་ཤར་ཙོང་ཁའི་རྒྱལ་པོ་སྤྱན་ལྔ་དོན་གསལ་སོགས་ཡིན་ལ་ཕྱིས་ཀྱི་མདོ་ཁམས་ཕྱོགས་ཀྱི་རྒྱལ་པོ་རྣམས་ཀྱང་འདི་གདུང་སྲས་ཡིན།དེ་ཡང་ཆིན་རྒྱལ་རབས་ཀྱི་སྐབས་སུ་བརྩམས་པའི་མདོ་སྨད་ཆོས་འབྱུང་དུའང་དར་མའི་སྲས་གནམ་ལྡེ་འོད་སྲུང་།དེའི་སྲས་མངའ་བདག་དཔལ་འཁོར་བཙན།དེ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ།དེའི་སྲས་ཁྲི་སྡེ་ལ་གདུང་སྲས་བཞི་བྱུང་བས་མདོ་ཁམས་མཚོ་སྔོན་ཕྱོགས་སུ་བྱོན་ཏེ་རྒྱལ་སྲིད་བསྐྱངས་ཤིང་ཁྲི་དཔོན་བྱས་པས་ཙོང་ཁའི་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཀྱི་ཡུལ་ཕྱོགས་ཕལ་མོ་ཆེ་ཁོང་གི་མངའ་རིས་སུ་གཏོགས་ཞེས་བཀོད།ལོ་རྒྱུས་ཡིག་ཆ་འདི་དག་ལ་གཞི་བྱས་ཚེ་རྒྱལ་སྲས་ནི་འོད་སྲུང་གི་རྒྱུད་པའམ་གླང་དར་གྱི་མི་རབས་ལྔ་བའི་ཚ་བོ་ཁྲི་ལྡེའི་གདུང་རྒྱུད་ཡིན་སྲིད།
གཉིས   གུང་ཐང་མང་ཡུལ་ལམ་ནུབ་བསམ་ཡས་སུ་སྐྱེས།
ཐུ་བྷོད་བཙན་པོའི་གདུང་རྒྱུད་རྒྱལ་སྲས་མཆོག་གི་འཁྲུངས་ཡུལ་དང་།རྒྱལ་སྲས་ཁྱིམ་རྒྱུད་དང་དེའི་དབང་ཤུགས་ཀྱི་ཁྱབ་ཁོངས་ཀྱི་གནད་དོན།སུང་བོད་ཀྱི་ལོ་རྒྱུས་དང་གྱི་ཐང་ཟིན་ཐོར་གཞིགས་ཚེ་ཙོང་ཁའི་རྒྱལ་སྲས་ཀྱི་འཁྲུངས་ཡུལ་དེ་བོད་ཀྱི་ལོ་རྒྱུས་ཡིག་ཚང་བཀོད་པའི་ཡིག་ཆ་དང་བསྡུར་ཚེ་བར་ཁྱད་ཅུང་ཆེ་ལ་གཤིབ་སྡུར་གྱི་འབྲས་བུ་ནི་གཤམ་གསལ་ལྟར།
སུང་བོད་ཀྱི་ལོ་རྒྱུས་སུ་རྒྱལ་སྲས་ཞེས་པ་ནི་ཐུ་བྷོད་བཙན་པོའི་གདུང་རྒྱུད་དང་།མཚན་དངོས་ལ་ཁྲི་གནས་སྡེའི་དབོན་བཙན་པོ་ཟེར་ཞིང་འཁྲུངས་ཡུལ་ནི་མང་ཡུལ་གུང་ཐང་ཡིན།དེ་ཡང་གྱི་ཐང་ཟིན་ཐོ་ཞེས་པར་རྒྱལ་སྲས་ཀྱི་མཚན་དངོས་སུ་ཁྲི་གནམ་ལྡེ་དབོན་ཞེས་འབོད་ཅིང་ཐུ་བྷོད་བཙན་པོའི་གདུང་རྒྱུད་དུ་འཁྲུངས་པས་རྒྱལ་སྲས་ཞེས་ཐོགས་ལ་ཁོང་ཉིད་གུང་ཐང་མང་ཡུལ་དེ།དེང་གི་ཐུ་ལུ་ཧྥན་()ནས་འོང་བ་ཡིན་མོད་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་བསྟན་པ་སྔ་དར་གྱི་བཙན་པོ་རིམ་བྱོན་གྱི་གདུང་རྒྱུད་ལོ་རྒྱུས་ཞེས་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཁྲིད་འདི་ལྟར་བཀོད་ཡོད་དེ།ཁྲི་གནམ་ལྡེའི་དབོན་བཙན་མོ་མངའ་རིས་མང་ཡུལ་དགོ་ཚང་སྟོད་ཀྱི་ཆར་འཁྲུངས་བར་བཞེད་ལ་མང་ཡུལ་ཞེས་པ་དེང་གི་སྤུ་རེངས་དང་།ངམ་རེངས།སྐྱིད་རོང་སོགས་བོད་བལ་ས་ཁམས་འདྲེས་མཚམས་ཀྱི་བོད་ཀྱི་གནའ་བོའི་ས་ཆའི་མིང་ཡིན་པ་དང་།དགོ་ཚང་སྟོད་ནི་མངའ་རིས་ཀྱི་མཁར་གྲོང་ཆུང་ངུ་ཞིག་གི་མིང་ཡིན་ལ་དེ་ནི་དེང་གི་བོད་ལྗོངས་མངའ་རིས་སེང་གེ་གཙང་པོ་ཉེ་འདབས་ཀྱི་གའུ་ཁུལ་ཏེ།གའུ་རྫོང་གི་ས་ཆ་ཡིན།
བོད་ཀྱི་གནའ་བོའི་ཡིག་རྙིང་དུ་དུས་རབས་དགུ་བར་ཐུ་བྷོད་ཀྱི་རྒྱལ་རྒྱུད་ཉམས་རྒུད་དུ་སོང་རྗེས་གླང་དར་གྱི་སྲས་འོད་སྲུང་དང་དཔལ་འཁོར་བཙན།སྐྱིད་ལྡེ་ཉི་མ་མགོན་བཅས་གྱི་གདུང་རྒྱུད་རྣམས་སྐབས་དེར་མངའ་རིས་ཕྱོགས་སུ་བྲོས་ཤིང་གདུང་རབས་རྣམས་ཀྱིས་མངའ་རིས་ཕྱོགས་སུ་རྒྱལ་རྒྱུད་བཟུང་ཞིང་དེའི་རྒྱལ་རྒྱུད་ལྔ་པ་ཁྲི་སྡེ་སྐབས་སུ་རིགས་ཀྱི་མྱུ་གུ་གཉིས་འཁྲུངས་ཤིང་དེ་ནི་བཀྲ་ཤིས་གཡུ་ལུང་དང་།རྒྱལ་སྲས་གཉིས་ཡིན་ལ་མང་ཡུལ་དགོ་ཚང་སྟོད་དུ་འཁྲུངས།ཕྱིས་སུ་ཧི་ཀྲིག་ཁུལ་ནས་གནས་མཇལ་དང་ཚོང་ལས་སུ་འོང་བའི་བསོད་ནམས་སྙིང་བྱམས་ཀྱིས་བླ་ན་མེད་པའི་རྒྱལ་སྲས་ཀྱི་སྐྱེ་ཐོབ་བེད་སྤྱད་དེ་ཙོང་ཆུའི་རྒྱུད་ཀྱི་ཐུ་བྷོད་ཚོ་བ་རྣམས་གཅིག་གྱུར་བྱེད་སྙམ་པས་རྒྱལ་སྲས་ཁོང་དང་མཉམ་དུ་ཧི་ཀྲིག་(河州)་ཏུ་ཁྲིད་པའི་ཐག་བཅད།སུང་བོད་ཀྱི་ལོ་རྒྱུས་སུ་གོང་གསལ་གྱི་ནོར་འཕྱུག་བྱུང་བའི་འགག་རྩ་ནི་སྐབས་དེའི་སྒྲ་འགྱུར་མ་དག་པའམ་དེ་ལ་འགྲེལ་བཤད་དང་གསལ་བཤད་མ་བྱས་པས་བྱུང་བ་རེད་སྙམ།
འདིར་གཞིགས་ཚེ་སུང་རྒྱལ་རབས་སྐབས་ཀྱི་ཙོང་ཆུའི་རྒྱུད་ཀྱི་བོད་ཚོ་བའི་ཚོ་དཔོན་རྒྱལ་སྲས་དེ་དེང་གི་ཤིན་ཅང་ས་ཁུལ་གྱི་གོ་ཁྲང་མང་ཡུལ་མིན་པར་དེ་ལས་ལྡོག་སྟེ།བོད་རང་གི་ལོ་རྒྱུས་ཡིག་ཚང་ཁྲོད་རྒྱལ་སྲས་དེ་མངའ་རིས་དགོ་ཚང་སྟོད་ཀྱི་ས་ཁུལ་དུ་འཁྲུངས་ཞེས་པའི་ཡིག་ཆ་དེ་ཅུང་ཡིད་རྟོན་ཆེ་བར་སྣང་།
རྒྱལ་སྲས་ཐང་བོད་གནའ་ལམ་བརྒྱུད་དེ་དེང་གི་མཚོ་སྔོན་ནུབ་ལྷོ་ཁུལ་ལ་འབྱོར་ཞིང་རྗེས་སུ་རིམ་གྱིས་ཙོང་ཆུའི་རྒྱུད་དུ་བསླེབས།འདི་ལྟ་ནའང་རྒྱལ་སྲས་ཀྱི་མི་རབས་འདི་དང་དེའི་གཉེན་ཉེ་སོགས་ལོ་རྒྱུས་ཀྱི་དཔང་པོས་ཅུང་ཙམ་ངོ་སྤྲོད་བྱེད་ཐུབ།གྱི་ཐང་ཟིན་ཐོ་ལྟར་ན་རྒྱལ་སྲས་ཀྱི་སྤུན་བཀྲ་ཤིས་གཡུ་ལུང་དེང་གི་རྨ་ལྷོའི་ཕྱོགས་སུ་གནས་བཅས་ཏེ།ཡུལ་དེའི་ཚོ་དཔོན་བྱས་ཤིང་མངའ་དབང་གི་འཁོར་ལོ་བསྒྱུར་ཟེར།སུང་བོད་ཀྱི་ལོ་རྒྱུས་སུའང་སྐབས་དེ་ཤེད་དུ་ཆིན་ཀྲིག་(秦州)་སྟེ།དེང་གི་ཐན་ཧྲེ་(天水)་ནང་ཁུལ་གྱི་རིགས་ཆེན་པོ་ཞང་གཡང་ལྡན་ནི་རྒྱལ་སྲས་ཀྱི་ཞང་པོ་ཡིན་པས་རྒྱལ་སྲས་ཙོང་ཆུ་ལ་འབྱོར་དུས་ཁེར་རྐྱང་མིན་པར་ཁོང་གི་ཉེ་འཁྲིས་སུ་ཁྱིམ་རྒྱུད་མཐའ་དག་གིས་བསྐོར་བ་ཤེས་ཐུབ།
ཀྲུང་ཞང་ཁྲི་ལོ་དང་པོ་(1008)་ལོར་དགུང་གྲངས་བཅུ་གཉིས་ཁོ་ནར་སོན་པའི་རྒྱལ་སྲས་བསོད་ནམས་སྙིང་བྱམས་ཀྱིས་ཧི་ཀྲིག་རུ་ཁྲིད་དེ་དེང་ལུན་ཞྭ་(临夏)་རྫོང་གི་ཞིན་ཁྲིན་(心诚)་དུ་བཞག་ཅིང་དེ་ནས་ཡུད་ཙམ་མ་འགྱངས་པར་ས་དེའི་ཐུ་བྷོད་ཚོ་དཔོན་ཟིང་པོ་ཁྲིད་རྗེ་ཡིས་སླར་ཡང་དེང་གི་ལིན་ཤ་(临夏)་ཁུལ་གྱི་ཡུས་ཀོང་མཁར་ཏུ་གདན་ཞུས་བྱས་ཤིང་རྒྱལ་ཁྲིམས་བཙུགས་ཏེ།ཁོང་ཉིད་རྒྱལ་པོའི་སྲས་སུ་བཀུར་བཞིན་ཧི་ཀྲིག་གི་ཐུ་བྷོད་ཚོ་བར་དབང་བསྒྱུར་བྱས།དེ་ནས་ཙོང་ཁར་དབང་བསྒྱུར་བའི་ཀླུ་ལུ་བཙུན་དང་གྲོ་ཚང་ཕྱོགས་ཀྱི་ཚོ་དཔོན་བོན་པོ་ཆུས་གཉིས་ཀྱིས་ཐུ་བྷོད་བཙན་པོའི་གདུང་རྒྱུད་ཧི་ཀྲིག་ཁུལ་དུ་བཞུགས་པ་གསན་རྗེས་རང་ཉིད་ཀྱི་དབང་ཤུགས་ལ་བརྟེན་ནས་རྒྱལ་སྲས་དཔའ་ལུང་ཕྱོགས་སུ་བཙན་གྱིས་ཁྲིད་ཅིང་དེ་ནས་མུ་མཐུད་དེ་ཙོང་ཁར་གདན་དྲངས་ཏེ།ཀླུ་ལུ་བཙུན་གྱིས་རང་ཉིད་བློན་པོར་བསྐོས་ཤིང་རྒྱལ་སྲས་ཀྱི་མཚན་སྙན་གྱི་བ་དན་འོག་ཐུ་བྷོད་ཚོ་བ་རྣམས་སྐོང་འགུག་བྱས།རྒྱལ་སྲས་དབང་འོག་ཏུ་འཇུག་ཕྱིར་ཀླུ་ལུ་བཙུན་གྱིས་རང་གི་བུ་མོ་རྒྱལ་སྲས་ཀྱི་བཙུན་མོར་བརྫངས་ཤིང་དུས་སྐབས་འདིར་རྟེན་ནས་ཚོ་བ་ཤོག་ཁག་རྣམས་གཅིག་བསྡུ་བྱས།ཀླུ་བཙུན་གྱིས་རང་ཉིད་བློན་ཆེན་པོར་བསྐོས་རྗེས་ཙོང་ཁའི་སྟོབས་འབྱོར་མངའ་ཐང་དར་ཕྱིར་སྲིད་ཀྱི་ཐབས་བཀོད་བཤམས་ཏེ།ཀྲུང་ཞང་ཁྲི་ལོ་དགུ་བ་(1016)་ལོའི་ཟླ་གསུམ་པར་ཆིན་ཀྲིག་(秦州)་གི་རིགས་ཆེན་པོ་ཞང་གཡང་ལྡན་དང་ཚོ་དཔོན་དགོ་སི་ཏུ་གཉིས་སྐུལ་ཏེ།གྱེན་ལོག་བྱེད་རྩིས་བྱས་ཀྱང་སྐབས་དེར་ཆིན་ཀྲིག་གི་ལྟ་སྲུང་དམག་སྤྱི་ཚའོ་ཝེ་(曹玮)ཡིས་ཀླུ་བཙུན་གྱིས་ཀུན་སློང་དང་བྱ་སྤྱོད་རྣམས་རྟོགས་ཏེ།གསེར་དངུལ་འབོར་ཆེན་ཕྱིན་ཏེ།ཀོ་སི་སྟོབས་བསླུས་ཏེ།རིགས་ཆེན་པོ་ཞང་གཡང་ལྡན་བཀུམས་སུ་བཅུག།འདི་ལྟར་ཀླུ་ལུ་བཙུན་གྱིས་ཆིན་ཝེ་ཁུལ་(秦渭)་ཏུ་སུང་སྲིད་གཞུང་ལ་རྒོལ་པའི་ཐབས་ཇུས་དེ་ལེགས་གྲུབ་མ་བྱུང་བས་དེ་ཉིད་ཁོའི་ཆབ་སྲིད་གྱི་བགེགས་སྐྱོན་ཆེན་པོ་ཞིག་ཏུ་གྱུར།སྐབས་དེ་ཤེད་ཀྱི་རྒྱལ་སྲས་རྙིད་དུ་ཚུད་པའི་བྱ་རྒྱལ་དང་འདྲ་བར་ཁོང་ནི་ཀླུ་ལུ་བཙུན་ཧམ་སེམས་དྲག་པོ་འོག་ཁོས་ཅི་འདོད་རང་དགར་བྱེད་མ་ཐུབ།
ཀླུ་བཙུན་གྱིས་སུང་ལ་ངོ་ལོག་པའི་འདོད་དོན་མ་འགྲུབ་པས་ཁོང་སུང་སྲིད་གཞུང་ལས་ཞེ་འགྲས་ཤིང་ཀྲུང་ཞིང་ཁྲི་ལོ་དགུ་བ་(1016)་ལོའི་ཟླ་དགུ་པར་ཀླུ་ཚང་གིས་ཐོག་མར་མི་མངགས་ཏེ།ཆིན་ཝེ་(秦渭)་རུ་ལས་འགུལ་སྤེལ་ཅིང་དེ་མིན་མགོ་གཙོའི་གོ་གནས་གནངས།འདི་ལྟར་ཐུ་བྷོད་ཚོ་བ་རྣམས་ཆིག་སྒྲིལ་བྱས་པས་དམར་པོ་ཁྲི་ལྷ་ཡུམ་བཙན་སོགས་ཚོ་དཔོན་རྣམས་དང་མཉམ་འབྲེལ་བྱས་ཏེ།མ་ཞན་རི་བོ་དང(马衔山)་།ལན་ཀྲིག(兰州)།ཁན་ཀོ(龛谷)་།བཙན་མོ་རི(毡毛山)་།ཐའོ་ཧག(洮河)་།ཧི་ཀྲིག་(河州)་ཚོ་བ་སོགས་ཀྱི་བོད་མི་སུམ་ཁྲི་ལྷག་གི་སྣེ་ཁྲིད་དེ་ཆིན་ཀྲིག་དང་ཝེ་ཀྲིག་ཁུལ་གྱི་མཁར་གྲོང་ལ་གཏོར་རྒོལ་བྱས།ལྷག་པར་ཏུ་ཆིན་ཀྲིག་གི་ལྟ་སྲུང་དམག་སྤྱི་ཚའོ་ཝེ་(曹玮)་དང་མཉམ་ཏུ་མཁར་གསུམ་མདོར་གཡུལ་འགྱེད་དྲག་པོ་ཞིག་བྱས་པས་ཀླུ་བཙུན་ལ་སླར་ཡང་ཉམས་ཆག་ཆེན་པོ་བྱུང་།འོན་ཏེ་ཁོང་གི་དབང་ཤུགས་དེ་ཆིན་ཝེ་ཁུལ་ནས་ཉམས་རྒུད་དུ་མ་ཕྱིན་པར་སྔར་མུས་བཞིན་ཚ་ཚ་འུར་འུར་ངང་སུང་སྲིད་གཞུང་དང་ལྷན་ཏུ་འབྱོར་ཕྱུག་ལྡན་པའི་ཡུལ་ཁམས་དང་གཡུལ་ས་བཙན་པོ་འདི་འཕྲོག་རེས་བྱས།ཕྱིས་སུ་ཁོས་དམར་པོ་ཁྲི་ལྷ་མངགས་ཏེ།ལྷོ་སྒོ་ཆེ་ཆུང་གཉིས་སུ་དམག་དྲངས་ཤིང་དེའི་ཚོ་དཔོན་ལ་བསླུ་བྲིད་དང་འཇིགས་སྐུལ་བྱས་མོད་སྐབས་དེར་ལུང་པོ་(陇波)་དང་མཐའ་སི་མ་(他厮麻)་ཚོ་བ་གཉིས་ཀྱིས་མགོ་མ་བསྒུར་བར་ངོ་རྒོལ་བྱས་པས་དམར་པོ་ཁྲི་ལྷ་ཕམ་ཏེ་བྲོས།དེ་ནས་ཀླུ་ལུ་བཙུན་གྱིས་སླར་ཡང་དམག་དཔུང་ཁྲིད་དེ་ཝ་ཉིན་སྡེ་བར་རྒོལ་བ་དེ་སུང་སྲིད་གཞུང་གི་མཐའ་སྲུང་དཔོན་ཀྲོའི་ཝིན་ཀྲིས་(周文质)་དང་།ཝང་ཡུས་ཁྲང་(王应昌)་གཉིས་ཀྱིས་བཀག་འགོག་བྱས་འདི་ལྟར་མངའ་ཁོངས་འཕྲོག་རྩོད་ལོ་འཁོར་གཅིག་ཙམ་བྱས་ཀྱང་གྲུབ་འབྲས་མ་སྨིན་པས་ཀླུ་ལུ་བཙུན་གྱིས་ཡང་བསྐྱར་ལིང་ནུབ་མའི་མཁར་ལ་རྒོལ་ཡང་ཕམ་ཉེས་བྱུང་པས་མཐར་ཙོང་ཆུའི་བཞུར་རྒྱུད་ཀྱི་ཙོང་ཁར་ལོག་སྟེ།ཐབས་བྱུས་གཞན་བཤམས།
ཀླུ་ལུ་བཙུན་གྱིས་རྒྱལ་སྲས་ཁྲིད་རྗེས་ཙོང་ཆུའི་ཡུལ་གྱི་ཐུ་བྷོད་ཚོ་བ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཆིག་སྒྲིལ་བྱས་ཏེ།ཙོང་ཁའི་སྟོབས་ཤུགས་ཇེ་རུ་གྱུར་ཞིང་འདི་ལྟ་བུའི་གནས་བབ་ཁྲོད་ཀླུ་ལུ་བཙུན་གྱིས་དབང་ཤེད་བྱེད་བཞིན་ཉེས་མེད་བཙོན་འཇུག་དང་དམར་གསོད་བྱས་ཏེ།རང་སྣང་གང་ཤར་བྱས་པས་ཚོ་བའི་ཁྲོད་དགོས་མེད་ཀྱི་འཁོན་སེམས་བསླངས།དེ་ལས་གཞན་ད་དུང་ལུང་གསུམ་མདོའི་གཡུལ་འགྱེད་ཀྱི་ཕམ་ཉེས་ཀྱིས་ཁོང་ལ་གོད་ཆག་ཚབས་ཆེན་བཟོས་པས་ཁོང་གི་མཚན་སྙན་དང་གོ་གནས་རྦབ་རྡོ་ཐུར་ལ་འདྲིལ་བ་བཞིན་ཉམས་ཤིང་རྒུད།སྐབས་འདིར་མའོ་ཁྲོན་གྱི་ཚོ་དཔོན་བོན་པོ་ཆུས་ཀྱིས་སྐབས་འདི་དང་སྟབས་བསྟུན་ཏེ།ཀླུ་ལུ་བཙུན་གྱི་ཚབ་བྱས་པ་དང་།རྒྱལ་སྲས་ཀྱང་མའོ་ཁྲོན་རུ་གདན་ཞུས་བྱས་ཏེ་ས་སྐྱོང་ཏུ་བསྐོས་ཏེ།རང་ཉིད་བློན་པོར་བཞེངས་ཏེ།རིམ་གྱིས་ཙོང་ཁའི་ཡུལ་རྣམས་གཅིག་གྱུར་བྱས་ཤིང་ཧྲག་དམག་ཁྲི་དྲུག་བཅུ་ལྷག་འཛོམས་པས་ཙོང་ཁའི་ཐུ་བྷོད་ཀྱི་སྲིད་དབང་བཙུགས།སྤྱི་ལོ་1032་ལོར་ཧམ་སེམས་ཅན་གྱི་བོན་པོ་ཆུས་ངོ་ལོག་སྟེ།རྒྱལ་སྲས་དོང་ནང་དུ་བཅུག་སྟེ།དེ་དང་བློ་ཉེ་བ་རྣམས་བཟུང་སྟེ།སྲོག་བཀུམས་མོད་བཙོན་སྲུང་དམག་གི་རོགས་རོམ་བྱས་རྐྱེན་རྒྱལ་སྲས་སྲོག་ཉེན་ལས་ཐར།མཐར་རྒྱལ་སྲས་ཀྱིས་བཙན་པོའི་དབུ་རྨོག་བཙན་པོ་འོག་ཕྱོགས་ཡོངས་ཀྱི་དམག་རྟ་རྣམས་བསྡུས་ཏེ།བོན་པོ་ཆུས་བཀྲོངས་ཤིང་ཁོང་གི་ཕྱོགས་གཏོགས་རྣམས་རྩ་མེད་བཟོས་ཏེ།གྱེན་ལོག་ཟིང་འཁྲུག་སྐད་ཅིག་ཉིད་ལ་ཞོད་འཇགས་བཏང་རྗེས་གྱི་ཐང་ཏུ་གནས་བཅས་ཏེ།འབངས་མི་ཁྲི་བཅུ་ཙམ་འདུས།
སྤྱི་ལོ་1015་ནས་1032་བར་གྱི་ལོ་ངོ་བཅུ་བདུན་རིང་རྒྱལ་སྲས་སྔ་ཕྱིར་ཀླུ་ལུ་བཙུན་དང་བོན་པོ་ཆུས་གཉིས་ཀྱིས་བཙན་པོར་བསྐོས་ཀྱང་ཐོག་མཐའ་ཀུན་ཏུ་དེ་གཉིས་ཀྱི་དབང་ཤུགས་ལ་རྟེན་པའི་གནས་བབ་དེ་ལས་ཐར་མ་ནུས།རྒྱལ་སྲས་གྱི་ཐང་དུ་འབྱོར་རྗེས་གཞན་གྱིས་ཚོད་འཛིན་བྱེད་པའི་ཆབ་སྲིད་ཀྱི་བཀག་རྒྱ་ལས་གྲོལ་བས་མངའ་ཐང་ཉིན་རེ་བཞིན་རྒྱས།གྱི་ཐང་ཟིན་ཐོ་ལས་རྒྱལ་སྲས་ཀྱིས་མངལ་དབང་བསྒྱུར་ཡུལ་ནི་གནའ་བོའི་ཙོང་ཆུའུ་རྒྱུད་ཀྱི་ལེ་དབར་ཉིས་སྟོང་ལྷག་གི་ས་ཆའི་ནང་ཁུལ་ཡིན་ལ་ཙོང་ཁ་ནི་གྱི་ཐང་དང་།ཆུ་འཁོར།བ་རྩེ་།དེང་གི་ཀན་སུའུ་ཕིན་ལིང་རྫོང་།མིན་ཞན།ཐེ་བོ།།ཡུག()་སོགས་ཀྱིས་གྲུབ་ཅིང་རྒྱལ་སྲས་སླེབས་པ་ནས་བཟུང་རང་ས་རང་གིས་བཟུང་བའི་གནས་བབ་མཇུག་སྒྲིལ་ཏེ་གཅིག་གྱུར་བྱུང་།
རྒྱལ་སྲས་ཀྱིས་སྲིད་དབང་བཟུང་རྗེས་ཕྱི་ནང་གཉིས་ལ་སྐབས་དེ་ཤེད་ཀྱི་དངོས་ཡོད་གནས་བབ་དང་འཚམ་པའི་སྲིད་བྱུས་ལག་ཏུ་བསྟར་པས་གསར་ཏུ་བཙུགས་མ་ཐག་པའི་སྲིད་དབང་དེ་སྲ་བརྟན་དང་འཕེལ་རྒྱས་སུ་ཕྱིན།གྱི་ཐང་མཁར་དུ་ཕོ་བྲང་གསར་བཞེངས་དང་སྲིད་འཛིན་ལས་ཁུངས་གསར་འཛུགས་བྱེད་པ།དེ་མིན་ལམ་སྲོལ་དང་སྒྲིག་གཞི་གཏན་འབེབ་བྱས།ཁོས་དུས་རྒྱུན་ཕྱག་ལས་གནངས་སའི་གྱི་ཐང་དང་།དཔལ་སྤུངས་རི།ཧི་ཀྲིག།རྒན་རྒྱ་སོགས་སུ་མཁར་དང་དགོན་པ་བརྩིགས་ཏེ།དམ་པའི་ཆོས་ལ་རྟེན་ནས་ཚོ་བ་རྣམས་ལ་དབང་བསྒྱུར་བྱེད་པའི་སྟོབས་ཤུགས་ཆེ་རུ་བཏང་བ་མ་ཟད།གོང་འོག་བར་གསུམ་གྱི་ཚོ་དཔོན་རྣམས་ཕན་ཚུན་མཐུན་སྒྲིལ་བྱེད་པའི་གཡར་དམ་ཡང་མཛད་དུ་བཅུག་ཅིང་ཞོར་ཏུ་དཔལ་འབྱོར་དམིགས་བསལ་གོང་འཕེལ་དང་།ཕྱི་ཕྱོགས་སུ་ཚོང་ལས་རྒྱ་བསྐྱེད་པས་འབྱོར་བ་རབ་ཏུ་རྒྱས།དེ་ཡང་ཕྱི་ཕྱོགས་སུ་སུང་དང་འབྲེལ་ལམ་བཙུགས་ཏེ།མི་ཉག་འགོག་རྒོལ་བྱས་པས་ཙོང་ཆུ་ཡུལ་དུ་རྔམ་བརྗིད་ངང་འགྱིང་ངེར་བཞུགས།སུང་ཡུན་ཙུང་ཀྲིས་ཕིན་ཁྲི་ལོ་གཉིས་པ་སྟེ།སྤྱི་ལོ་་1065་ལོར་ཟླ་བ་དང་པོའི་ཚེས་གསུམ་པར་རྒྱལ་སྲས་ཀྱི་སྐུ་བསྙུང་ཞིང་དེའི་གདུང་སྲས་གསུམ་པོ་ཕན་ཚུན་མ་འཆམ་པས་རྒྱལ་སྲས་ཀྱི་མངའ་རིས་དེ་ཡུལ་ཁག་གསུམ་ལ་སིལ་བོར་ཐོར།གདུང་སྲས་གསུམ་པ་ལྡོང་བཙན་ལ་ཡབ་རྒྱལ་པོ་རིང་ནས་བློ་ཉེ་པས་རྒྱལ་སྲས་འདས་རྗེས་ལྡོང་བཙན་གྱིས་ཕ་ཤུལ་བུ་འཛིན་བྱས་པ་མ་ཟད།རྨ་ཆུའི་བྱུང་རྒྱུད་དང་ཙོང་ཆུའི་བཞུར་ཡུལ་རྣམས་ལ་དབང་བསྒྱུར་བྱས།ཡོན་ཧྥུའུ་ཁྲི་ལོ་གསུམ་པ་དེ་སྤྱི་ལོ་1100་ལོར་རྒྱལ་སྲས་གཤེགས།
གསུམ།  རྒྱལ་སྲས་སྲིད་དབང་གི་ལས་འགུལ་ཁྱབ་ཁོངས།
རྒྱལ་སྲས་སྲིད་དབང་གི་ལས་འགུལ་གྱི་ཁྱབ་ཁོངས་དེ་བོད་རྒྱའི་ལོ་རྒྱུས་ཡིག་ཚང་དང་ཡུལ་དངོས་བརྟག་དཔྱད་ལ་གཞིགས་ཚེ་གཙོ་བོ་ཙོང་ཆུའི་རྒྱུད་ཡིན་ལ་ལོ་རྒྱུས་སུ་བརྗོད་པའི་ཙོང་ཆུ་ཞེས་པ་ནི་ཐའོ་ཧིག་དང་རྨ་ཆུ་ལྷོ་བྱང་གི་སྟོད་རྒྱུད་ཀྱི་ཙོང་ཆུ་བཞུར་ཡུལ་གྱི་རྒྱ་ཆེ་བའི་ས་ཁུལ་དེ་ཡིན།རྒྱལ་སྲས་གྱི་མངའ་རིས་གཙོ་བོ་ནི་གཙང་པོ་གཅིག་དང་ཆུ་བོ་བཞིའི་རྒྱུད་ཀྱི་ས་ཁུལ་རྣམས་ཡིན་ལ་འབྲུག་དཀར་གཙང་པོའི་སྨད་རྒྱུད་དང་།རྨ་ཆུ།ཐའོ་ཧག།མི་ཉག་ཆུ་ཆེན།ཙོང་ཆུ་བཅས་ཀྱི་བཞུར་ཡུལ་གྱི་རྒྱ་ཆེ་བའི་བོད་ཀྱི་ས་ཁུལ་ཡིན།ཙོང་ཆུའི་བཞུར་ཡུལ་གྱི་ཡུལ་ཁོངས་སུ་དེང་སང་གི་སྟོང་སྐོར་དང།སྐུ་འབུམ།ཕིན་འན།གྱི་ཐང་བཅས་འདུས།(གོང་གསལ་གྱི་ས་ཆ་འདི་བཞི་ལ་ལོ་རྒྱུས་སུ་བོད་སྐད་ཀྱིས་ཙོང་ཁ་ཟེར་པས་འདིའི་རྒྱུད་ཀྱི་མི་རྣམས་ལ་ཙོང་ཆུ་ཁ་པ་ཟེར།)རྨ་ཆུ་བཞུར་ཡུལ་གྱི་མངའ་རིས་སུ་ཁྲི་ཀ་དང་།གཅན་ཚ།རེབ་གོང་།ཡར་གཟུར་མཁར།ཡག་མོ་ཐང་སོགས་རྨ་ཆུ་སྟོད་རྒྱུད་ཀྱི་བོད་ཁུལ་མང་ཆེ་བ་དེང་གི་ཀན་ལྷོའི་ཀླུ་ཆུ་དང་རྨ་ཆུ།བསང་ཆུ།ཀྭ་ཆུ།འབག་ཆེན་ཁོག།སྦྲ་གསུམ།ཅ་ཀྭ་མཁར།སྦྲ་པ་བཅས་ཀྱི་ཡུལ་ཁུལ་རྒྱ་ཆེན་པོ་རྣམས་ཚུད་ཡོད།
བོད་ཀྱི་ལོ་རྒྱུས་ཡིག་ཆ་ལྟར་ན་རྒྱལ་སྲས་ཐུ་བྷོད་བཙན་པོའི་གདུང་རྒྱུད་དང་རྨ་ཙོང་ཆུ་བོ་རྒྱུད་ཀྱི་ཚོ་དཔོན་དང་བཙུན་མོ་ཆེ་ཆུང་གསུམ་ཁབ་ཏུ་བསུས་ཤིང་ཆེ་བ་གྱི་ཐང་དང་།འབྲིང་བ་ཧེ་ཁྲོན(会川)།ཆུང་བ་དཔལ་ཆེན་བཅས་སུ་བཞུགས།སུང་ཡུན་ཙུང་ཀྲིས་ཕིན་ཁྲི་ལོ་གཉིས་པ་( 1065)་ལོར་རྒྱལ་སྲས་སྐུ་བསྙུང་།
སྤྱི་ལོ་1098་ལོ་སྟེ།སུང་ཀྲིག་ཙུང་(宋哲宗ཡོན་ཧྥུའུ་ཁྲི་ལོ་གསུམ་པར་རྒྱལ་སྲས་ཀྱི་ཚ་བོ་ལྷུན་འགྲུབ་ཀྱིས་གྱི་ཐང་གི་རྒྱལ་བོའི་རྒྱལ་ས་བཟུང་ཞིང་ལོ་དེ་ག་རང་ལ་སུང་ཀྲིག་ཙུང(宋哲宗་གིས་ལྷུན་འགྲུབ་ཧི་ཞི་མཐའ་སྲུང་དཔོན་གྱི་གོ་གནས་བསྩལ་ཞིང་དེ་མིན་ལ་ཀྲའོ་()ཞེས་པའི་རུས་དང་།ཧེར་ཏིག་(怀德ཅེས་པའི་མཚན་གནངས།དུས་དེ་ནས་བཟུང་རྨ་ཙོང་ཆུ་བོའི་རྒྱུད་ཀྱི་བོད་མི་ཚོ་རང་གི་ཚོ་དཔོན་ལྟར་རུས་ཀྲའི་རུ་བསྒྱུར་མཁན་མང་པོ་བྱུང་།འོན་ཏེ་ཆིན་ལུང་(秦陇)ཁུལ་ཉེར་བཞི་རུ་ཝང()་དང་།ཡང་()་ཞེས་པའི་རུས་གཉིས་ལས་གཞན་རྣམས་ཀྱིས་ད་དུང་སྔར་མུས་བཞིན་བོད་རང་གི་རུས་འདེད་པའང་ཤིན་ཏུ་མང་།དཔེར་ན་ཝེ()དང་།བློན()་ཞང་སོགས་སོ།

བཞི།    རྒྱལ་སྲས་ཀྱི་ཁྱིམ་རྒྱུད།
རྒྱལ་སྲས་སྲིད་དབང་ནི་ཐུ་བྷོད་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་ཕྱིན་རྗེས་སུ་ཡུན་རིང་གི་ལོ་རྒྱུས་ལྡན་པའི་རྒྱལ་ཕྲན་ཅིག་ཡིན་ལ་ཁོང་གི་ཁྱིམ་རྒྱུད་ཁྲོད་དགའ་འོས་ལ་སྐྱོའང་འོས་པའི་ལོ་རྒྱུས་རང་བཞིན་གྱི་མི་སྣ་གང་མང་བྱོན་ཡོན་ལ་རྒྱལ་སྲས་ཀྱི་གདུང་སྲས་ཆེ་བ་བྱ་བཙན་ནས་ཀྲའོ་ཏིག་ཧྲིག་(赵德寿)་བར་བུ་རབས་ཚ་རྒྱུད་སུམ་ཅུ་ལྷག་སུང་དང་།ཡོན།མིན།ཆིན།མིན་བཅས་རྒྱལ་རབས་རྣམས་རྒྱུད་ཅིང་དེ་རྣམས་ཀྱིས་རྨ་ཙོང་ཆུ་བོའི་ཐུ་བྷོད་ཚོ་བ་གཅིག་གྱུར་དང་།མངའ་ཁོངས་རྒྱ་བསྐྱེད།ནང་བསྟན་ཆོས་ལུགས་དར་ཁྱབ།ཐོན་སྐྱེད་ཡར་རྒྱས།ཕྱི་འབྲེལ་ཚོང་ལས་ཀྱི་སྒོ་མོ་ཕྱེ་པ་སོགས་བླ་མེད་ཀྱི་སྙིང་སྟོབས་དང་མཛད་རྗེས་བསུབ་ཏུ་མེད་པ་བཞག།དེ་ཡང་རྒྱལ་སྲས་ཁྱིམ་རྒྱུད་ལ་རྒྱུས་ལོན་སྟབས་བདེ་ཞིག་བྱ་ཕྱིར་གཤམ་དུ་ང་ཚོས་རེའུ་མིག་གི་རྣམས་པས་གོ་རིམ་ལྟར་མཚོན་ཡོད།
 




















རྒྱལ་སྲས་ཀྱི་ཁྱིམ་རྒྱུད་རེའུ་མིག













 





















བཞི།    རྒྱལ་སྲས་སྲིད་དབང་གི་ཁྱད་ཆོས་ཆེན་པོ་གཉིས།
()     སྲིད་དབང་བཙུགས་པ་ནས་བཟུང་སུང་རྒྱལ་ཁབ་དང་མཐའ་གཅིག་ཏུ་དམིགས་བསལ་གྱི་འབྲེལ་ལམ་ཡག་པོ་བཟུང་ཞིང་ཁོང་གི་ཁྱིམ་མི་ཉེ་འཁོར་རྣམས་ཀྱིས་ས་ཕྱོགས་གང་སར་དཔོན་གནས་ཆེ་ཆུང་མང་པོ་བཟུང་།
()     ཙོང་ཆུ་ཉེ་འཁོར་གྱི་ཚོ་བ་རྣམས་དང་འཆམ་མཐུན་མཉམ་གནས་དང་འབྲེལ་ལམ་ཟབ་མོ་བཙུགས་ཏེ།གཡུལ་རྩོད་འཁྲུག་ལོང་རྒྱ་ཆེན་མ་བྱུང་པས་རྒྱལ་སྲས་སྲིད་དབང་གིས་ཚོང་དར་སྤེལ།དཔལ་འབྱོར་ཡར་རྒྱས།འབངས་མི་སེར་གྱི་འཚོ་བ་བདེ་སྐྱེད་ལྡན་པར་བྱེད་ནུས་ཚད་མེད་བཏོན།
ས་བཅད་གཉིས་པ།       རྒྱལ་སྲས་སྲིད་དབང་དང་མཐའ་སྐོར་ས་ཁུལ་གྱི་འབྲེལ་ལམ།
རྒྱལ་སྲས་སྲིད་དབང་འཛུགས་སྐབས་སུ་འཕྲད་པའི་ཐོག་མའི་འཇིགས་ཉེན་དེ་གཙོ་བོ་མི་ཉག་གིས་བསླངས་ཤིང་དེས་རྨ་ནུབ་དོག་ལམ་བཟུང་རྗེས་གཏོར་བཅོམ་གྱི་མདུང་རྩེ་ཐད་ཀར་རྒྱལ་སྲས་ཀྱི་ཕྱོགས་སུ་བསྲིངས་ཏེ་ཙོང་ཆུའི་བཞུར་རྒྱུད་དང་རྨ་ཆུའི་ལྷོ་ངོས་ཀྱི་རྒྱ་ཆེ་བའི་ས་ཆ་རྣམས་བཟུང་སྟེ།སུང་བྱང་མའི་སྟོབས་ཤུགས་ཉམས་དམས་སུ་གཏོང་རྩིས་བྱས།
ཅིན་ཡུག་ཁྲི་ལོ་དང་པོ་སྟེ།སྤྱི་ལོ་1035་ལོར་མི་ཉག་གིས་རྨ་ཆུ་དང་ཙོང་ཆུའི་བཞུར་ཡུལ་ལ་བཙན་འཛུལ་བྱས།མི་ཉག་སི་ཧུ་རྒྱལ་པོས་ཁོང་གི་དམག་སྤྱི་ལིན་ཀོང་སོ་ནོར་(公苏奴尔)་ལ་དམག་དཔུང་ཉིས་ཁྲི་ལྔ་སྟོང་ཁྲིད་དེ་རྒྱལ་སྲས་ལ་རྒོལ་ཏུ་བཅུག།སྐབས་དེའི་གནས་བབ་ཛ་དྲག་པས་རྒྱལ་སྲས་གྱི་ཐང་ཕྱོགས་སུ་གཞིས་སྤར་མོད་གནས་ཡུལ་བརྟན་པོ་མིན་ཞིང་སྟོབས་ཤུགས་མི་འདང་པའི་རྐྱེན་གྱིས་རྒྱལ་སྲས་ཀྱིས་ཚོ་བ་རྣམས་ཀྱི་དཔུང་ཤུགས་གཅིག་ཏུ་སྦྲེལ་ཅིང་ཁོང་གིས་དམག་སྤྱི་གྱི་ཐང་བྱང་ངོས་ཀྱི་མཛོ་མོ་མཁར་ཏུ་མངགས་ཏེ།མི་ཉག་ཚུལ་རྒོལ་ལ་གདོང་ལེན་བྱས།སྐབས་དེར་མི་ཉག་ཕམ་ཉེས་ཆེན་པོ་བྱུང་ཡང་ཀོང་སོ་ནོར་(公苏奴尔)་གྱིས་ཨུ་ཚུགས་ཀྱིས་དམག་དྲངས་པས་སི་ཧུ་རྒྱལ་པོས་མི་ཉག་གི་དམག་དཔུང་རྩ་གཏོར་བྱ་བར་དོགས་ཏེ།ཁོང་རང་ཉིད་ཀྱིས་དངོས་སུ་མཛོ་མོ་མཁར་ལ་རྒོལ།རྒྱལ་སྲས་ཀྱིས་ཟླ་བ་གཅིག་ལྷག་ལ་མཁར་རྫོང་བརྟན་སྲུང་དྲག་པོ་བྱས་ཀྱང་མཐར་གཡོ་ཇུས་འོག་ཚུད་དེ་མཁར་རྫོང་ཤོར།སི་ཧུ་རྒྱལ་པོས་རྒྱལ་ཁའི་སྐབས་དེ་དང་བསྟུན་ཏེ།གྱི་ཐང་དང་ཙོང་ཁའི་ཚོ་བ་རྣམས་ལ་དམག་དྲངས།སྐབས་དེ་ཤེད་ཀྱི་མི་ཉག་ནི་མངའ་ཐང་ཤིན་ཏུ་དར་ཞིང་རྒྱལ་སྲས་ཀྱིས་མང་ཁ་ཉུང་གིས་མ་བརྟན་པར་མཁར་རྫོང་བརྟན་སྲུང་བྱས་ཏེ།མི་ཉག་གི་དམག་དཔུང་དང་ཐད་ཀར་ལག་འཛིང་མ་བྱས་པའི་ཟླ་ཤས་ཀྱི་རིང་ལ་རྒྱལ་སྲས་ལྐོག་ནས་མི་མངགས་གཏོང་བྱས་ཏེ།མི་ཉག་གི་དམག་དཔུང་ལ་མྱུལ་ཞིབ་བྱེད་བཞིན་ཐོལ་རྒོལ་བྱེད་པའི་གླགས་བཙལ།དམག་སྤྱི་ཨན་ཙི་ལོ་(安子罗)་མངགས་ཏེ།མི་ཉག་རྣམས་ཕྱིར་འཐེན་གྱི་འགྲོ་ལམ་བཅད།ཕྱིས་སུ་སླར་ཡང་མི་ཉག་གི་དམག་དཔུང་ཙོང་ཆུ་བརྒལ་སྐབས་ཆུ་བོའི་གཏིང་ཟབ་འབྱེད་པའི་མཚན་མ་འདེབས་ཀྱིན་པ་གསན་པས་ལྐོག་ནས་མི་མངགས་ཏེ།མཚན་མ་དེ་རྣམས་ཆུ་འཇིངས་ཟབ་སར་སྤར་ནས་སི་ཧུ་རྒྱལ་པོ་རྨོངས་སུ་བཅུག།དེ་ནས་གཡུལ་ཆེན་པོ་ཅིག་བཤམ་པས་སི་ཧུ་རྒྱལ་པོ་ཕམ་ཞིང་ཕྱིར་འཐེན་བྱེད་དུས་དཔུང་དམག་གིས་མཚན་མར་གཟིགས་བཞིན་ཆུ་བོ་བརྒལ་བས་དཔུང་དམག་བཅུ་ཆའི་དགུ་ཙམ་ཆུ་བོར་ནུབ་ཤིང་མང་པོ་ཞིག་བཟུང་དམག་ཏུ་གྱུར།ཡང་ཐེངས་ཤིག་སི་ཧུ་རྒྱལ་པོས་རྨ་ཙོང་ཆུ་བོའི་རྒྱུད་དུ་དམག་དྲངས་པར་ཉིན་ཉིས་བརྒྱ་ལྷག་འདས་ཤིང་མཐཪ་དམག་དཔུང་ངལ་བས་དུད་ཞིང་འཇབ་རྒོལ་ཐེབས།དེ་མིན་འཚོ་བའི་རྒྱགས་ཆས་སོགས་དུས་ལྟར་འབྱོར་མ་ཐུབ་པ་བཅས་ཀྱིས་སླར་ཡང་ཕམ་ཉེས་ཚབས་ཆེན་བྱུང་སྟེ།རྨ་ཙོང་ཆུ་བོའི་རྒྱུད་ནས་ཕྱིར་འཐེན་མི་བྱེད་ག་མེད་བྱུང་།
འཆི་འཇིགས་ཀྱི་གཡང་ཁར་དཔྱངས་བའི་སྐབས་སུ་རྒྱལ་སྲས་ཀྱིས་རྨ་ཙོང་ཆུ་བོའི་རྒྱུད་ཀྱི་ཐུ་བྷོད་ཚོ་བ་རྣམས་མཐུན་སྒྲིལ་དང་མཉམ་འབྲེལ་བྱས་ཏེ།སྟོབས་ཤུགས་གཅིག་བསྡུས་ཀྱིས་མི་ཉག་སི་ཧུ་རྒྱལ་པོའི་བཙན་འཛུལ་ལ་རྒོལ་ལན་དྲག་པོ་སྤྲད་པས་གསར་ཏུ་བཙུགས་མ་ཐག་པའི་སྲིད་དབང་རྐང་ཚུགས་ཐུབ་པ་བྱུང་པ་ལས་གཞན།ད་དུང་རྒྱལ་སྲས་རང་གི་མཚན་སྙན་གྱི་བ་དན་ཡང་དགུང་ལ་བསྒྲེངས་པས་སྔར་འཕན་བློ་གྲོས་ཀྱིི་ཚོ་བ་རྣམས་དང་གྲུ་གུའི་མི་ཁྲི་འགའ་ཡང་རྒྱལ་སྲས་ཕྱོགས་སུ་འཁོར།དུས་དེ་ནས་བཟུང་མི་ནག་སི་ཧུ་རྒྱལ་པོས་ཡུལ་ཁམས་འདིར་དམག་འདྲོངས་མ་ཕོད་ལ་རྒྱལ་སྲས་ཀྱི་གཟི་རྔམ་ཆེ་ཆེར་རྒྱས་ཏེ།ཙོང་ཁའི་ཡུལ་ཁམས་རིམ་གྱིས་མངའ་ཐང་དར་རྒྱས་ཀྱི་རྩེ་མོར་བསྙེགས།གཡུལ་འགྱེད་དྲག་པོ་འདིའི་རྐྱེན་གྱིས་ཉེ་འབྲེལ་རྒྱལ་ཁབས་ཀུན་ཀྱིས་ཙོང་ཁའི་ཡུལ་ཁམས་སུ་སྣང་ཆུང་བྱེད་མ་ཕོད་པར་གཅིག་རྗེས་གཉིས་མཐུད་ངང་རྒྱལ་སྲས་སྲིད་དབང་དང་འབྲེལ་ལམ་གྱི་གསེར་ཟམ་བཙུགས།དེ་བཞིན་སུང་དང་།ཅིན(金国)།མི་ཉག་བཅས་རྒྱལ་ཁབ་གསུམ་སྟོབས་ཀྱིས་འགྲེངས་དུས་རྒྱལ་སྲས་ཀྱང་སྣང་འཇོག་མི་བྱེད་ཀ་མེད་དུ་གྱུར་བའི་སྟོབས་ཤུགས་ཤིག་ཏུ་གྱུར།
མི་ཉག་སི་ཧུ་རྒྱལ་པོས་རྨ་ཙོང་ཆུ་བོའི་རྒྱུད་དུ་གཡུལ་བཤམ་པར་ཕམ་ཉེས་བྱུང་རྗེས་སྲིད་བྱུས་བཅོས་བསྒྱུར་བྱས་ཏེ།དྲག་པོའི་དམག་འབའ་ཞིག་མ་ཡིན་པར་ཞི་དྲག་གཉིས་ལྡན་གྱི་ཐབས་ཇུས་སྤེལ།ཅིན་ཡུག་ཁྲི་ལོ་གསུམ་པ་སྟེ།སྤྱི་ལོ་1036་ལོར་མི་ཉག་གིས་ལན་ཀྲིག་གི་ཐུ་བྷོད་ཚོ་བ་གཏོར་ཞིང་ལྷ་ངོས་ཀྱི་མ་ཤན(马衔)རི་བོའི་ཁུལ་དུ་མཁར་རྫོང་བརྩིགས་ཏེ།རྒྱལ་སྲས་དང་སུང་གི་མངའ་རིས་ནང་གི་ཆིན་ཀྲིག་(秦州)གཉིས་བར་གྱི་འབྲེལ་འོང་གི་ལམ་བུ་བཀག་རྗེས་སླར་ཡང་ཙོང་ཆུའི་རྒྱུད་དུ་རྒོལ་རྩིས་བྱས།དེ་ལས་གཞན་ད་དུང་མའོ་ཁྲོན་ཕྱོགས་སུ་མི་མངགས་སྟེ།རྒྱལ་སྲས་དང་ཞེ་འཁོན་ཟབ་པའི་བོན་པོ་ཆུས་ཀྱི་བུ་ཡི་ཧྲིན་ཅིན་ལུང་(一声金龙)་ལྐོག་རྔན་མཐུག་པོས་བསླུས་ཏེ།མི་ཉག་གི་དགོས་འདོད་གྲུབ།ཡི་ཧྲིན་ཅིན་ལུང་གིས་མངའ་ཞབས་ཁྲི་ཙམ་ཁྲིད་དེ་མི་ཉག་སི་ཧུ་རྒྱལ་པོར་མགོ་བཏགས་ཤིང་དེ་དང་གཉེན་གྱི་འབྲེལ་བ་བཙུགས་ཏེ།མི་ཉག་གི་ནུབ་ཀྱི་ཡུལ་ཁམས་སྲུང་།ཇ་ཡིག་ཁྲི་ལོ་གསུམ་པ་སྟེ།སྤྱི་ལོ་1058་ལོར་རྒྱལ་སྲས་ཀྱི་ཚ་ལོ་(擦罗)་ཚོ་བས་ངོ་ལོག་སྟེ།མི་ཉག་ལ་མགོ་བཏགས།དམེ་གཙང་དབུ་ཕན་(没藏讹庞)ཚང་གིས་སྐབས་དེ་དང་བསྟུན་ཏེ།ལིན་ཨ(令阿)་སྣེ་ཁྲིད་པ་བྱེད་བཞིན་གྱི་ཐང་དུ་གཏོར་རྒོལ་བྱས།རྒྱལ་སྲས་ཀྱི་དཔུང་དམག་གིས་མི་ཉག་བཙན་འཛུལ་དམག་ཕྱིར་བསྐྲད་ཅིང་མི་ཉག་དམག་དཔུང་གིས་བཙན་ཁྲིད་བྱས་པའི་ལུང་པོ་(陇逋)་དང་།གོང་ལི(公立)།རྨ་པོ་བཅས་ཐུ་བྷོད་ཚོ་བ་གསུམ་ཀྱི་བོད་དམག་རྣམས་ཕྱིར་བཀུགས།ཇ་ཡུག་ཁྲི་ལོ་བརྒྱད་པ་སྟེ།སྤྱི་ལོ་1063་མི་ཉག་རྒྱལ་རྒོད་ལིང་ཀྲ(谅诈)་ཡིས་དམག་སྟོབས་ཡོངས་རྫོགས་ཧི་ལུང་(陇石)་ཐུ་བྷོད་ཚོ་བར་གཏད་དེ་རྒྱལ་སྲས་ཀྱི་ཙོང་ཁ་ཕྱིའི་ལྕགས་རི་བཞིན་བསྐོར་ཏེ།དེ་ཉིད་ཁེར་རྐྱང་དུ་ཕུད་ཞིང་དེ་ནས་ཝེ་ཀྲིག་(渭州)་ཏུ་དམག་གཞིས་བཙུགས་ནས་ཙོང་ཁར་རྒོལ།སྐབས་དེ་ཤེད་དུ་ལན་ཀྲའོ་(兰州)་དང་།ཞི་ཧྲི་ཀྲིན་(西使镇)་བཅས་སྲུང་བའི་ཐུ་བྷོད་ཀྱི་ཚོ་དཔོན་གཡུ་གཙང་རྨ་དཔལ་(禹藏花麻)་ལ་ཆིན་ཀྲིག་གི་སུང་དམག་གིས་གཏོར་རྒོལ་ཐེབས་ཏེ།ཕྱིར་བསྐྲོད་བྱེད་མ་ནུས་པས་མི་ཉག་ལ་མགོ་བཏགས་ཤིང་མི་ཉག་རྒྱལ་རྒོད་ལིང་ཀྲ་(谅诈)་ཡིས་གོང་མའི་སྲས་མོ་གཡུ་གཙང་དཔལ་(禹藏花麻)་བཙུན་མོ་གནངས་ཏེ།ཁོང་ལ་གོང་མའི་མག་པའི་གོ་ས་བསྩལ།ཀྲི་ཕིན་ཁྲི་ལོ་དང་པོ་སྟེ།སྤྱི་ལོ་1064་ལོར་མི་ཉག་གི་སྐུ་དྲག་རྨ་སྤུན་གཡུ་དང་ཁོང་གི་ཁུ་བོ་ཞི་ཞིན་(溪心)་གཉིས་ཀྱིས་མི་ཉག་གི་ལུང་()་དང་།ཀྲའོ()།ཁུ་རུ་བཅས་རྫོང་མཁར་གསུམ་རྒྱལ་སྲས་ལ་མགོ་བཏགས་མོད་ཕྱིས་སུ་སླར་ཡང་ངོ་ལོག།
ལོ་རྒྱུས་ཁྲོད་དབང་བསྒྱུར་གྲལ་རིམ་གྱིས་མཐའ་འཁོར་གྱི་གྲངས་ཉུང་མི་རིགས་རྣམས་ལ་བསྟར་བའི་སྲིད་བྱུས་ནི་རྩ་བའི་ཆ་ནས་ཞི་དྲག་མཉམ་གནས་དང་།མཐའ་མིས་མཐའ་མི་འདུལ་བའི་(以夷制夷)་སྲིད་བྱུས་འབའ་རེད།དཔོན་གནས་བསྩོལ་བ་དང་དམག་དོན་གྱིས་དྲག་གནོན་བྱེད་པ་ཟུང་དུ་སྦྲེལ་བའི་སྲིད་བྱུས་ཀྱིས་སུང་སྲིད་གཞུང་གིས་མཐའ་ཁུལ་གྱི་རྙོག་ཟིང་ཞི་འཇགས་སུ་གཏོང་བར་བྱེད་ཐབས་འདི་རྒྱུད་འཛིན་བྱས་ཡོད།དེ་དང་སྦྲགས་མཐའ་ཁུལ་གྲངས་ཉུང་མི་རིགས་ཀྱི་ས་གནས་སྲིད་དབང་ཚོས་ཀྱང་རང་ཉིད་ཀྱི་སྲིད་དབང་དར་རྒུད་དང་དེའི་དགེ་ཕན་ལ་གཟིགས་ཏེ།ཡུལ་དབུས་(中原)་སྲིད་གཞུང་གི་རྒྱལ་རབས་བར་གྱི་འབྲེལ་བར་གཙིགས་ཆེན་བྱེད།ལྷག་པར་མི་ཉག་བཙན་རྒྱལ་བྱུང་རྗེས་སུང་སྲིད་གཞུང་ཡིད་སེམས་བློང་བློང་པོར་གྱུར་ཞིང་མི་ཉག་དེ་སུང་གི་ནུབ་བྱང་ཁུལ་ཏུ་འཇིགས་ཉེན་ཆེ་བའི་དགྲའི་གཏེ་བོར་གྱུར།རྒྱུ་མཚན་དེའི་རྐྱེན་གྱིས་སུང་སྲིད་གཞུང་གིས་ཐོག་མར་ལིང་ཇུའི་རོང་དྲུག་ཚོ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ།མི་ཉག་ལ་ཁ་གཏད་བྱེད་དུ་བཅུག་མོད་རོང་དྲུག་ཚོ་བ་ཕམ་ཉེས་བྱུང་རྗེས་སུང་སྲིད་གཞུང་གིས་མིག་ཟུང་ཙོང་ཆུའི་ཕྱོགས་སུ་འཕེན་བཞིན་ཐུ་བྷོད་རྒྱལ་སྲས་སྲིད་དབང་གིས་མི་ཉག་གི་དཔུང་ཤུགས་གནོན་པའི་རེ་ལྟོས་བྱས་པ་མ་ཟད།ད་དུང་རྒྱལ་སྲས་ལ་མཐའ་སྲུང་ལྟ་ཞིབ་དཔོན་སོགས་དོན་གྱིས་སྟོང་པའི་མཚན་དང་གོ་གནས་གནངས།
སུང་རིན་ཙུང་宋仁宗པོ་ཡོན་ཁྲི་ལོ་དང་པོ་(1038)་ལོའི་ཟླ་བཅུ་བར་མི་ཉག་རྒྱལ་ཁབ་ཆེན་མོ་དངོས་སུ་བཙུགས་ཤིང་སི་ཧུ་མི་ཉག་རྒྱལ་རྒོད་ཀྱི་གོང་མ་བྱས་ཏེ།རྒྱལ་ས་ཞིན་ཆན་(兴庆)་བྱས་པས་སུང་སྲིད་གཞུང་འཇིགས་ཤིང་དངངས།མི་ཉག་གི་དམག་ཤུགས་ལྷོ་ཕྱོགས་སུ་འོང་བ་འགོག་ཕྱིར་སུང་གོང་མས་རང་གི་བློན་ཆེན་ཚོས་ངོ་རྒོལ་བྱེད་ཀྱིན་པ་སྣང་མེད་དུ་བཞག་ནས་རྒྱལ་རབས་རིམ་བྱོན་ཁྲོད་མཐའ་སྲུང་སྤྱི་ཁྱབ་དཔོན་གྱི་གོ་གནས་དེ་ཕྱིའི་མི་རིགས་ལ་གཏན་ནས་བསྩལ་མི་ཆོག་པའི་སྲིད་བྱུས་དེ་བཅོས་བསྒྱུར་བྱས་ཏེ།ལོ་དེ་ག་རང་ལ་རྒྱལ་སྲས་ལ་མཐའ་སྲུང་སྤྱི་ཁྱབ་དཔོན་གྱི་གོ་གནས་དང་།ལོ་རེར་དར་གོས་ཡུག་ཆིག་སྟོང་།ཇ་གྲུ་བཞི་མ་ཆིག་སྟོང་།ཇ་སིལ་མ་རྒྱ་མ་ཆིག་སྟོང་ལྔ་བརྒྱ་བཅས་བསྩལ།པོད་ཡོན་ཁྲི་ལོ་གཉིས་པ་1039་ལོའི་ཟླ་གཉིས་པར་སུང་སྲིད་གཞུང་གིས་གསེར་ཡིག་པ་ཙོང་ཁའི་ཡུལ་དུ་མངགས་ཏེ།རྒྱལ་སྲས་ལ་དཔུང་ཤུགས་གཅིག་སྒྲིལ་གྱིས་མི་ཉག་འདུལ་བའི་བཀའ་ཕབས།ཕྱིས་སུ་རྒྱལ་སྲས་ཀྱིས་དཔུང་དམག་བཞི་ཁྲི་ལྔ་སྟོང་ཙམ་གྱི་སྣེ་ཁྲིད་དེ་ཞི་ལིང་མཁར་ལ་རྒོལ་ཡང་མི་ཉག་གི་དམག་དཔུང་གིས་བརྟན་སྲུང་དྲག་པོ་བྱས་པ་མཐོང་བས་ཧོལ་རྒྱུགས་བྱེད་མ་ཕོད་པར་གཡུ་ལོ་(游逻)སོགས་མི་བཅུ་ཁ་ཙམ་བཟུང་སྟེ།སྲོག་བཀུམས་རྗེས་ཕྱིར་འཐེན་བྱས།ལོ་དེའི་ཟླ་དྲུག་པར་སུང་དང་མི་ཉག་བར་གྱི་གཡུལ་འཁྲུག་གི་མེ་ལྕེ་མཆེད་མགོ་བཙུགས་པས་སུང་དམག་ཡང་ཡང་ཕམ་སྟེ།སུང་གི་གནས་བབ་ཉམས་དམས་ཤིང་དེ་ཉིད་ཆག་འཇིག་གི་གཡང་ཁར་འཕངས།སྐབས་འདིར་སུང་སྲིད་གཞུང་གིས་སླར་ཡང་རྒྱལ་སྲས་དྲན་དེ་བཀའ་ཡིག་ཕབ།གལ་ཏེ་སྐབས་བསྟུན་ངང་མི་ཉག་གི་ནུབ་ཕྱོགས་ཁུལ་དུ་དམག་ཆེན་དྲངས་ཏེ།རྒྱལ་ཁའི་ངང་ཕྱིར་ལོག་ཚེ་རྒྱལ་སྲས་ལ་མི་ཉག་ཡུན་ཁྲོན་གྱི་མཐའ་སྲུང་སྤྱི་ཁྱབ་དཔོན་གྱི་གོ་གནས་སྤྲོད་རྩིས་བྱས།རྒྱལ་སྲས་ཀྱིས་ཀྱང་སུང་སྲིད་གཞུང་ལ་སྲི་ཞུ་བྱེད་པའི་ཆོད་སེམས་མངོན་ཏེ།མི་ཉག་དང་གཡུལ་འཐབ་བྱེད་པའི་སྒྲ་སྒྲིག་བྱས།བྱ་ཐབས་ཟད་ཅིང་ཅི་བྱ་གཏོལ་མེད་དུ་གྱུར་པའི་སུང་རིན་ཙུང་(宋仁宗)་ཁང་ཏིན་ཁྲི་ལོ་གསུམ་པ་1040་ལོའི་ཟླ་བརྒྱད་པར་སླར་ཡང་ཏུའུ་ཝུ་(杜娬)་གྱི་ཐང་དུ་མངགས་པས་སྣེ་ལེན་གཟབ་རྒྱས་བྱེད་བྱེད་བཞིན་སྲོག་དང་བསྡོས་ཏེ།མཐའ་མཚམས་སྲུང་བའི་གཡར་དམ་མཛད།ལོ་དེའི་ཟླ་དགུ་བར་ཏུའུ་ཝུ(杜娬)་ཡར་བསྐྱར་ཧི་ཀྲིག་(河州)་ཏུ་མངགས་ཏེ།རྒྱལ་སྲས་ཀྱི་སྲས་ལྡོང་བཙན་དང་མཉམ་འབྲེལ་བྱས་ཏེ།སུང་བོད་གཉིས་ཀྱིས་མི་ཉག་ལ་རྒོལ་བའི་གྲོས་བྱས་ཤིང་སུང་སྲིད་གཞུང་གི་སྐུལ་འདེད་འོག་རྒྱལ་སྲས་ཀྱིས་ལིང་ཇུ་རུ་གཏོར་རྒོལ་བྱས་ཀྱང་རྒྱལ་ཁ་ཆེན་པོ་ལེན་མ་ཐུབ།སྐབས་དེ་ཤེད་དུ་རྒྱལ་སྲས་ལ་སུང་སྲིད་གཞུང་གིས་མའོ་ཁྲོན་གྱི་ཚོ་དཔོན་ཆེན་མོ་དང་།པའོ་ཧྲིན་དང་ཧིག་ཞི་སོགས་ཀྱི་མཐའ་སྲུང་སྤྱི་སྲུང་སྤྱི་ཁྱབ་དཔོན།ཧི་དང་ཐའོ།ལིང་བཅས་ཀྲིག་གསུམ་གྱི་ལྟ་ཞིབ་དཔོན་སོགས་དཔོན་དང་གོ་གནས་རིམ་པ་མང་པོ་གནངས་ཤིང་དམག་སྡེ་དང་དུད་ཁྱིམ།འབུལ་རྟེན་སོགས་ཀྱང་རྒྱལ་སྲས་དང་ཚོ་བ་སོ་སོའི་དཔོན་པོ་རྣམས་ལ་གྱ་ནོམ་པ་དང་ཕུན་སུམ་ཚོགས་པ་རེ་སྤྲད།ཕྱིས་འབྱུང་གི་སུང་གི་གོང་མ་རིམ་བྱོན་རྣམས་གྱིས་རྒྱལ་སྲས་ཀྱི་རྗེས་སྐྱོང་རྣམས་ལའང་དཔེ་དེ་ལྟར་དུ་མཛད།དེ་བཞིན་དཔལ་འབྱོར་དང་ཆབ་སྲིད་བཅས་ཀྱི་ཐད་ནས་འདི་ལྟ་བུའི་རོགས་སྐྱོར་མཛད་པས་ཐུ་བྷོད་ཚོ་བ་ཁྲོད་ཀྱི་རྒྱལ་སྲས་ཀྱི་མཚན་སྙན་དགུང་ལ་གཏད་པ་མ་ཟད།མི་ཉག་ལ་རྒོལ་ལན་དང་རྨ་ཙོང་ཆུ་བོའི་བཞུར་ཡུལ་སྲུང་སྐྱོབ་བྱེད་པའི་ཡིད་ཆེས་ཀྱང་གོང་དུ་སྤེལ།མི་ཉག་གིས་རྨ་ཙོང་ཆུ་བོའི་བཞུར་ཡུལ་བཟུང་འདོད་ཀྱི་ཧམ་སེམས་ཀྱི་མེ་ལྕེ་བཅིལ་བས་ཁུལ་འདིའི་ཐུ་བྷོད་ཚོ་བོར་བློ་བདེ་བག་ཕེབས་ཀྱི་འཚོ་བ་དང་།ཐོན་སྐྱེད་ཀྱི་ཁོར་ཡུག་བྱུང་སྟེ།རྒྱལ་སྲས་ཀྱི་སྲིད་དབང་སྲ་བརྟན་བྱུང་།སུང་གི་ནུབ་མཐའ་ཁུལ་ཞོད་འཇགས་འོང་སྟེ།ནུས་མེད་ཀྱི་སུང་གི་རྒྱལ་རབས་རིམ་བྱོན་གྱི་ཆབ་སྲིད་དང་དམག་དོན་གྱི་དམིགས་ཡུལ་ཡོངས་སུ་འགྲུབ།
སུང་ཡུན་ཙུང་ཀྲིས་ཕིན་ཁྲི་ལོ་གཉིས་པ་1065་ལོའི་དགུར་ཁར་སྙན་གྲགས་བ་དན་ནུབ་བྱང་རྨ་ཙོང་ཆུ་བོའི་བཞུར་ཡུལ་ན་ལྷབ་ལྷུབ་ཏུ་གཡོ་བའི་ཐུ་བྷོད་ཀྱི་ཚོ་དཔོན་རྒྱལ་སྲས་སྐུ་བསྙུངས་ཤིང་དགུང་གྲངས་རེ་དགུ་ལ་སོན།ཁོང་ཉིད་སྐུ་བཀྲོངས་པས་ཁྱིམ་ཚང་ནང་ཁུལ་གྱི་འགལ་བ་དེ་ཛ་ཇེ་དྲག་ཏུ་ཕྱིན་པས་སྲིད་དབང་འདི་ཉམས་རྒུད་དུ་ཕྱིན།ལོ་རྒྱུས་སུ་བཀོད་པ་ལྟར་ན་རྒྱལ་སྲས་ཀྱི་བཙུན་མོ་སྔ་མ་སྟེ།ཀླུ་ལུ་བཙུན་གྱི་བུ་མོ་ཡིན་ལ་ཁོང་ཉིད་ཀླུ་བཙུན་དང་ཁ་གྱེས་རྗེས་སླར་ཡང་སྟོབས་ཤུགས་ཆེ་ལ་མངའ་ཞབས་པ་ཁྲི་དྲུག་བདུན་ལྷག་ཡོད་པའི་རྨ་ཆེན་གངས་རིའི་དཔལ་གཙང་ཡུལ་གྱི་ཚོ་དཔོན་ཆེན་མོ་བྲེ་བོ་ཚང་དང་མནམ་འབྲེལ་བྱས་ཏེ།བྲེ་བོ་ཁྱིམ་རྒྱུད་ཚོང་གི་བུ་མོ་བཙུན་མོ་གསུམ་པར་བསུས།འདི་ལྟར་ཀླུའི་ཁྱིམ་རྒྱུད་ནས་འོང་བའི་བཙུན་མོ་སྔ་མའི་ཐོབ་ཉམས་པས་རིམ་བཞིན་ཁྱིམ་ཚང་ནང་ཁུལ་གྱི་མཐུན་སྒྲིལ་བོར།ཀླུ་བཙུན་འདས་རྗེས་ཙོང་ཁའི་ཡུལ་གྱི་དབང་ཤུགས་ཀྱང་ཆེ་ཆེར་རྒུད་ཅིང་རྒྱལ་སྲས་ལ་གདུང་སྲས་གསུམ་དང་།དེ་དག་ལས་ཀླུ་ཚང་ལ་གདུང་སྲས་གཉིས་བྱུང་སྟེ།ཆེ་བ་ཞང་བཙན་།འབྲིང་བ་རྨ་བཙན་གྲོལ།ཐ་ཆུང་ནི་ལྡོང་བཙན་ཡིན་ལ་བྲེ་བོ་ཁྱིམ་རྒྱུད་ཚང་གི་རེད།ཡབ་ཡུམ་གཉིས་ཀྱིས་ཁོང་སྙིང་ལྟར་གཅེས་ལ་དགུང་ན་དགུའི་སྐབས་སུ་སུང་སྲིད་གཞུང་གིས་ཧེ་ཀྲིག་དཔོན་དུ་བསྐོ་འཇོག་བྱས།ལྡོང་བཙན་དགུང་ན་ཕྲ་བའི་དུས་ཞིག་ནས་སྲིད་དོན་གྱི་ལས་ལ་བྲེལ་ཏེ།རང་གི་ཡབ་དང་ལྷན་ཏུ་གཡུལ་རྭར་ཞུགས་བཞིན་དགྲ་འདུལ་གཉེན་སྐྱོང་བྱས་ཏེ།མཛད་རྗེས་བསྟུད་མར་བཞག་པས་མཚན་སྙན་ཤིན་ཏུ་ཆེ།སུང་གི་མི་རྣམས་ཀྱིས་ཀྱང་ལྡོང་བཙན་དཔའ་ཞིང་མཛངས་ལ་གཡུལ་ལ་མཁས་པས་ཀུན་གྱིས་བཀུར་ཞེས་བརྗོད།རྒྱལ་སྲས་ཀྱི་ཀླུ་ཚང་དང་ཀླུ་ཚང་གིས་སྐྱེས་པའི་གདུང་སྲས་གཉིས་ཕྱིར་འབུད་བཏང་སྟེ།ཀླུ་ཚང་བུ་མོ་རབ་ཏུ་བྱུང་བའི་བཀྱོན་ཕབ་ཅིང་དེ་ཀོ་ཀྲིག(廓州)་སྟེ།དེང་སང་གི་དཔའ་ལུང་ཆུ་འཁོར་དུ་བཞག་པ་མ་ཟད།གདུང་སྲས་གཉིས་བཀག་འཇུག་བྱས།ཅིན་ཡུག་ཁྲི་ལོ་གསུམ་པ་1036་ལོའི་ཟླ་བཅུ་གཉིས་ལ་ཀླུ་ཚང་བུ་མོ་ཕྱོགས་ཁག་གི་ཀླུ་བ་སྐྱེས་(李巴全)ཀྱིས་གདུང་སྲས་གཉིས་ཀྱི་ཡུམ་འཕྲོག་སྟེ།ཀོ་ཀྲིག་ནས་བྲོས།བྱ་བཙན་ཁན་ཀུའུ་(龛谷)་ཕྱོགས་སུ་འབྱོར་ལ་དེ་ནས་ཡང་ཧི་ཀྲིག་ཏུ་འབྱོར།རྨ་བཙན་གྲོལ་དང་དེའི་ཡུམ་ཙོང་ཁར་འབྱོར་ཞིང་ཚོ་བ་སོ་སོ་གཅིག་བསྡུ་བྱས་ཏེ།ས་དེའི་ཚོ་དཔོན་གྱི་གོ་གནས་མུ་མཐུད་དེ་བཟུང་བས་ལྡོང་བཙན་གྱིས་བཏུལ་མ་ཐུབ།དུས་འདི་ནས་བཟུང་རྒྱལ་སྲས་ཀྱི་ཁྱིམ་རྒྱུད་ཁག་གསུམ་དུ་གྱེས་ཤིང་རང་ས་རང་གིས་བཟུང་སྟེ།ཕན་ཚུན་ལ་རྒྱབ་གཏད།སུང་སྲིད་གཞུང་རྒྱལ་སྲས་ཀྱི་ཁྱིམ་ཚང་ནང་ཁུལ་གྱི་འགལ་བ་དང་འཐོར་ཤིག་ལ་རྒྱུས་མངའ་གསལ་བོ་ཡོད་མོད།མི་ཉག་དམག་དཔུང་གི་སྟོབས་ཤུགས་འགོག་རྒོལ་ཇེ་ཞན་དུ་མི་འགྲོ་ཕྱིར་པའོ་ཡོན་ཁྲི་ལོ་གཉིས་པ་སྟེ།སྤྱི་ལོ་1039་ལོའི་ཟླ་བཞི་བར་རྒྱལ་སྲས་ཀྱི་བཙུན་མོ་བྲེ་ཚང་བུ་མོ་ལ་བཙུན་མོ་ཆོ་ལོ་དང་།སྲས་ཆེ་བ་ཏུན་ཀྲིག་(澄州)་གི་ས་གནས་དཔོན་དུ་བསྐོས་ལ་དེ་འདས་རྗེས་ཁོང་གི་བུ་སྨིན་དྲུག་ཉ་བཟང་རྒྱལ་སྙན་སྔར་བཞིན་ཧི་ཀྲིག་河州ཏུ་བསྡད་ཅིང་སྲས་འབྲིང་བ་རྨ་བཙན་གྲོལ་གྱིས་ཧྲིན་ཀྲིག་(顺州)་ས་གནས་དཔོན་གྱི་འགན་འཁུར།དེ་ཉིད་སྐུ་འདས་རྗེས་ཁོང་གི་བུ་བྱ་བཙན་ཆོས་ལྡན་གྱིས་དཔོན་ཤུལ་རྒྱུད་འཛིན་མཛད་དེ་ཧྲིན་ཀྲིག་(顺州)་ས་གནས་དཔོན་གྱི་གོ་གནས་བསྩལ་ཏེ།ཀླུ་ཚང་ཁྱིམ་རྒྱུད་ལ་དམིགས་བསལ་གྱི་གནས་བབ་མཚོན་པའི་གོས་སྨུག་པོ་()གནངས།ཁང་ཏིན་ཁྲི་ལོ་དང་པོ་1040་ལོའི་ཟླ་བཞི་བར་ཙོང་ཁའི་རྨ་བཙན་གྲོལ་གྱིས་སུང་སྲིད་གཞུང་ལ་དཔུང་དམག་ཉིས་སྟོང་ཡོད་པར་སྨྲས་ཏེ།ལིང་ཇུར་གཏོར་རྒོལ་བྱེད་པའི་མོས་བཏོན་ལ་གནས་བབ་འདིའི་སྟེང་ནས་རྨ་བཙན་གྲོལ་མངའ་ཐང་དར་ཏེ།རང་ཉིད་ཀྱི་སྟོབས་ཤུགས་རྒྱས་ཤིང་རྨ་ཙོང་ཆུ་བོའི་རྒྱུད་ཀྱི་ཐུ་བྷོད་ཚོ་བ་རྣམས་གཅིག་གྱུར་བྱེད་པའི་གཙོ་ཤུགས་སུ་གྱུར་པ་མཚོན་ཡོད།ཁང་ཏིན་ཁྲི་ལོ་དང་པོ་1040་ལོའི་ཟླ་བརྒྱད་པར་སུང་སྲིད་གཞུང་གིས་ལིག་ཧོང་(刘涣)གྱི་ཐང་ཏུ་ཕྱག་ལས་གནང་བར་མངགས་ཏེ།ཁོ་ཚོ་ཐམས་ཅད་ཁྱིམ་ཚང་གཅིག་བཞིན་དུ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ།དགྲ་བོར་མཉམ་གཅིག་ཏུ་རྒོལ་བའི་དགོས་འདུན་བཏོན་ཞིང་འདི་ཡིས་རྒྱལ་སྲས་ཀྱི་དབང་ཤུགས་དུམ་བུ་གསུམ་དུ་འཐོར་རྗེས་དེའི་སྲིད་དབང་དངོས་སུ་ཉམས་དམས་སུ་སོང་ཞིང་རྐྱེན་དེའི་དབང་གིས་མི་ཉག་གི་སྟོབས་ཤུགས་འགོག་རྒོལ་དང་ཚོད་འཛིན་བྱེད་པའི་ནུས་ཤུགས་རྒུད་པ་མཚོན་ལ་འདིས་རྨ་ཙོང་ཆུ་བོ་རྒྱུད་ཀྱི་ཐུ་བྷོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་དང་།སུང་སྲིད་གཞུང་གི་གཏན་འཁེལ་བྱས་ཟིན་པའི་སྲིད་བྱུས་ལའང་ཐད་ཀར་ཤུགས་རྐྱེན་ཐེབས་ངེས།
ཅ་ཡུག་ཁྲི་ལོ་གསུམ་པ་1058་ལོར་རྨ་བཙན་གྲོལ་བསྙུངས་ཏེ།བཀྲོངས་ཤིང་ཁོང་གི་སྲས་ཞང་བསྟན་ཆོས་ལྡན་གྱིས་རང་སྐྱོང་བྱེད་མ་ཐུབ་པས་ཀླུ་ཚང་ཁྱིམ་རྒྱུད་ཀྱི་མངའ་ཞབས་རྣམས་ཁྲིད་དེ་སླར་ཡང་རྒྱལ་སྲས་ཕྱོགས་སུ་འཁོར་ཞིང་དེར་མཐོང་ཆེན་མ་བྱས་བས་ཕྱོགས་ཁག་འདིའི་སྟོབས་ཤུགས་རིམ་གྱིས་ཉམས་རྒུད་དུ་ཕྱིན།
ལོ་དེར་ཞང་བསྟན་ཡང་སྙུང་གཞིས་ཟིན་ཏེ་འདས་ཤིང་ཁོང་ལ་གདུང་སྲས་དྲུག་བྱུང་ལ་དེ་དག་ནི་སྨིན་དྲུག་ཉ་བཟང་རྒྱལ་སྙན་དང་།ལྡོང་གོ།སྤྱན་ལྔ་དོན་བཙན།བྱ་དབལ་ཁྲི།དཔལ་བཙན་གྲོལ།དཔལ་བཙན་མོ་བཅས་ཡིན་ལ་བྱ་བཙན་འདས་རྗེས་སྨིན་དྲུག་ཉ་བཟང་རྒྱལ་སྙན་དང་གཅེན་གཅུང་ཚོས་མངའ་ཞབས་རྣམས་ཁྲིད་དེ་ཁན་ཀའོ་龛谷ནས་ཧི་ཀྲིག་河州ཕྱོགས་སུ་གནས་སྤར་ཞིང་ཁོ་ཚོ་ཧི་ཀྲིག河州་ཡུལ་གྱི་ས་བབས་ཁྱད་ཆོས་དང་དགེ་མཚན་སོགས་ལ་རྟེན་ནས་དེ་མ་ཐག་སྐབས་དེ་ཤེད་ཀྱི་ཤན་ཤུགས་ཆེས་ཆེ་བའི་སྟོབས་ཤུགས་ཞིག་ཏུ་གྱུར།
རྒྱལ་སྲས་སྐུ་འདས་རྗེས་ལྡོང་བཙན་གྱིས་གྱི་ཐང་རྒྱལ་པོའི་ཤུལ་བཟུང་ཞིང་རྒྱལ་སྲས་ཀྱི་སྲས་གསུམ་པོའི་ཁྲོད་ལྡོང་བཙན་དཔའ་ཞིང་མཛངས་ལ་སྟོབས་འབྱོར་ཆེ་བས་རྨ་ཆུའི་བྱང་རྒྱུད་ཀྱི་ས་རྣམས་བཟུང་།ལྡོང་བཙན་གྱིས་སྲིད་དབང་བཟུང་རྗེས་རྩ་བས་ཆ་ནས་ཁོས་ཡབ་རྒྱལ་པོ་རྒྱལ་སྲས་ཀྱིས་གཏན་འཁེལ་བྱས་པའི་ཕྱི་ནང་གི་སྲིས་ཇུས་ལག་ཏུ་བསྟར་ཏེ།གྱི་ཐང་སྲིད་དབང་སྲ་བརྟན་དང་ཡར་རྒྱས་སུ་བཏང་།ཞི་ཉིན་ཁྲི་ལོ་དང་པོ་1068་ལོར་སུང་སྲིད་གཞུང་གིས་ལྡོང་བཙན་ལ་ཐའེ་པའོ་(太保)་དང་།དེ་ནས་ཐའེ་ཧྥུ་(太傅)་གོ་གནས་གནངས་ཤིང་ཁོང་གི་ཡུམ་བྲེ་བོ་ཁྱིམ་རྒྱུད་ཚང་ལའང་ཨན་ཁང་ཆིན་ཐའེ་ཅིན་གྱི་ཐོབ་བསྩལ་ལ་ཁོང་གི་སྲས་བློན་པོ་སྤུན(逋毕)་ཅིན་ཀྲིག་གི་ལྟ་ཞིབ་དཔོན་དུ་བསྐོས།ལྡོང་བཙན་གྱིས་སུང་དང་མཉམ་འབྲེལ་བྱས་ཏེ།མི་ཉག་ལ་རྒོལ་བའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་བཞིན་སུང་ལ་རོགས་དམག་མཛད་དེ་མི་ཉག་ལ་རྒོལ་བས་རྩ་བས་ཆ་ནས་སུང་སྲིད་གཞུང་དང་འཆམ་མཐུན་མཉམ་གནས་ཡིན།ཞི་ཉིན་ཁྲི་ལོ་གསུམ་པ་1070་ལོར་མི་ཉག་གིས་ཀན་སུའུའི་དཔལ་ཀྲིག་()དང་ཆན་ཀྲིག་()་གི་ཁུལ་དུ་དམག་དྲངས་ཤིང་ལྡོང་བཙན་གྱིས་སྐབས་དེ་དང་བསྟུན་ཏེ།མི་ཉག་གི་ནུབ་རྒྱུད་ས་ཁུལ་ལ་གཏོར་བཅོམ་བྱས་པས་སུང་ལ་རྒོལ་བའི་མི་ཉག་གི་དམག་དཔུང་ཅི་བྱ་གཏོལ་བྱེད་ཀྱི་གནས་སུ་འཕངས་ཤིང་མཛད་རྗེས་དེའི་རྐྱེན་གྱིས་གསེར་ཐམ་དང་གོས་ལྭའི་བྱ་དགའ་བསྩལ་ལ་ཕྱིས་སུ་ནུབ་འདུལ་སྤྱི་ཁབ་དཔོན་གྱི་གོ་གནས་ཀྱང་གནངས།ཡོན་ཧྤུན་ཁྲི་ལོ་བཞི་པ་1081་ལོར་ལྡོང་བཙན་གྱིས་སླར་ཡར་དམག་དཔུང་ཁྲི་བཅོ་ལྔའི་སྣེ་དྲངས་བཞིན་ཤར་ཕྱོགས་སུ་བསྐྱོད་དེ་སུང་ལ་རོགས་དམག་མཛད་པས་སུང་སྲིད་གཞུང་གིས་ཁོང་གི་རོགས་དམག་མཛད་པའི་བྱས་རྗེས་ལོ་རྒྱུས་བཀོད་འོས་ཞེས་ཝུ་ཝེ་ཝང་(武威郡王)་གི་དཔོན་གནས་བསྩལ་བ་མ་ཟད།ལྡོང་བཙན་གྱིས་གཉོར་སྐྱོང་བའི་བུ་དོད་ཨ་ལི་གོ་ལ་ཡུལ་དེའི་དམག་སྤྱི་ཆེན་མོར་བསྐོ་འཇོག་བྱས།
ཡོན་ཡུག་ཁྲི་ལོ་དང་པོ་1086་ལོར་ལྡོང་བཙན་འདས་ཤིང་ཨ་ལི་གོའམ་ཝུ་ཐུག་གླིང་མགོ་(鄂特凌古)་སྲིད་ཁྲིར་བཞུགས་པས་སུང་སྲིད་གཞུང་གིས་ཧི་ཞིས་མཐའ་སྲུང་སྤྱི་ཁྱབ་དཔོན་དང་ལྟ་ཞིབ་དཔོན།ཉིན་སེ་ཆིན་ཀུང་(宁塞郡公)་བཅས་ཀྱི་དཔོན་གནས་བསྩལ།ལོ་གཉིས་པར་ཁོས་དམག་དཔུང་དྲངས་ཏེ།ཐའོ་ཀྲིག་(洮州)་ལ་འཇབ་རྒོལ་བྱས་ཀྱང་སུང་དམག་གིས་རྒོལ་ལན་སློག་པས་སླར་སྐྱེས་འབུལ་བཏེག་བཞིན་འགྱོད་བཤགས་བྱས་པས་སུང་སྔར་བཞིན་བློ་བདེ།རྒྱལ་སྲས་ཁྱིམ་རྒྱུད་རྣམས་ཨ་ལི་གོས་སྲིད་ཁྲི་བཟུང་པ་དེར་ཤིན་ཏུ་མ་རེངས་པར་རྒྱལ་སྲས་ཀྱི་སྤུན་བཀྲ་ཤིས་གཡུང་ལུང་གི་རྒྱུད་པ་ཞི་པ་འོད་ཀྱི་བུ་ལུང་བཙན་དང་།སྲོང་བཙན་།ཞི་སྲིད་བློ་གསལ(溪赊罗撒)།ཉི་མ་བསྟན་འཛིན་སོགས་རྒྱལ་ཁབ་སླར་གསོའི་དར་ཆ་བསྒྲེངས་བཞིན་མི་རྟ་རྩ་འཛུགས་བྱས་ཏེ།ཨ་ལི་གོའི་དབང་བསྒྱུར་ལ་ངོ་རྒོལ་བྱས།དོན་རྐྱེན་འདིའི་འབྱུང་རྩ་ནི་ཨ་ལི་གོ་ལྡོང་བཙན་གྱི་སྲས་དངོས་མིན་པར་དེ་ནི་ལྡོང་བཙན་གྱི་ཆུང་བྱིས་པའི་དུས་ནས་བསྐྱངས་བའི་བུ་དོད་ཅིག་རེད།དེ་ཡང་(续资治通鉴)་དུ་ཨ་ལི་ཀོ་ཞེས་པ་ནི་ལི་ཡུལ་ཡི་ཐན་(于阗)་གྱི་མི་སྟེ།ལྡོང་བཙན་གྱི་གདུང་རྒྱུད་མིན་ཟེར་ལ་རྒྱུ་མཚན་དེར་རྟེན་ནས་ཁོང་ལ་གྱེན་ལོག་བྱས།ཧྲའོ་ཧྲིན་ཁྲི་ལོ་1096་ལོར་ཨ་ལི་ཀོ་སྐུ་འདས་ཤིང་ཁོང་གི་བུ་བྱ་བཙན་གྱིས་རྒྱལ་སྲིད་མུ་མཐུད་དེ་བསྐྱངས།དེའི་ལོ་གཉིས་པར་སུང་སྲིད་གཞུང་གིས་ཧི་ཞི་མཐའ་སྲུང་དམག་དཔོན་དང་།ལྟ་ཞིབ་དཔོན།ཉིན་སེ་ཆིན་ཀོང་(宁塞郡公)་བཅས་ཀྱི་གོ་གནས་བསྩལ།བྱ་བཙན་གྱིས་ཀྱང་རང་གི་ཡབ་ལྟར་དྲག་གནོན་གྱི་བྱ་ཐབས་སྤྱད་དེ་སྲིད་དབང་བསྐྱངས་པས་ཚོ་བ་སོ་སོས་རྣམས་ཀྱིས་ཁོང་ལ་བློ་སེམས་ཉིས་འགལ་བྱས།ཁོང་གིས་དབྱེན་དང་ཕྲ་མར་ཉན་ཏེ།དཔའ་མཛངས་གཉིས་ལྡན་གྱི་ཞང་པོ་བསོད་ནམས་ལྡོང་བཙན་གྱི་སྲོག་བཀུམས་ཤིང་དེ་མིན་གྱི་མཐོ་རིམ་མི་སྣར་གནོད་འཚེ་བཏང་།དེ་དག་གི་ཁྲོད་དུ་ཆེན་བློ་སྐྱིད་(錢罗结)་ཅེས་པའི་སྐུ་དྲག་ཅིག་འཆི་བདག་གི་འཇིགས་ཉེན་ལས་ཐར་ཏེ།ཧི་ཀྲིག་(河州)་ལ་འབྱོར་ཞིང་དེ་ནས་སུང་གི་ཐའོ་ཞའི་ཨན་ཧྤུ་ཧྲི་(洮西安抚使)་ཝང་ཀྲན་(王瞻)་ལ་མགོ་བཏགས་ཏེ།ཝང་ཀྲན(王瞻)་ལ་གྱི་ཐང་དབང་ཏུ་བསྡུ་པའི་ཇུས་ཕུལ།ཡོན་ཧྥུ་ཁྲི་ལོ་གཉིས་པ་སྟེ།སྤྱི་ལོ་1099་ལོར་སུང་དམག་ཧི་ཀྲིག་ནས་རྨ་ཆུ་བརྒལ་ཏེ།མའོ་ཁྲོན་བླངས་ཤིང་དེ་ནས་བྱ་བཙན་གྱི་ཐང་ནས་སྲོག་ཉེན་ལས་ཐར་ཏེ།མགོ་འདོགས་པར་འབྱོར།སྐབས་དེར་རྒྱལ་སྲས་ཀྱི་མཐོ་རིམ་མི་སྣ་རྣམས་ཀྱིས་སླར་ཡང་ལུང་བཙན་རྒྱལ་པོར་བསྐོས།ཝང་ཀྲན་(王瞻)གྱི་དམག་གྱི་ཐང་དུ་སླེབས་ཤིང་ལུང་བཙན་གྱིས་མགོ་སྒུར།སུང་དམག་གིས་ཙོང་ཆུའི་བཞུར་ཡུལ་བཟུང་རྗེས་མའོ་ཁྲོན་ཧོང་ཀྲིག་湟州ཏུ་བསྒྱུར་ཞིང་གྱི་ཐང་ཧྲན་ཀྲིག་(鄯州)་ཞེས་བཏགས།
ཝང་ཀྲན་(王瞻)གྱིས་རང་གི་དམག་དཔུང་ཁོ་ན་ཁྲིད་དེ།ཡུལ་ཁམས་མང་པོ་དབང་དུ་བསྡུས་ཀྱང་ཕྱིས་ཀྱི་རོགས་དམག་མ་འབྱོར་བས་རྒྱུན་རིང་འདུག་མ་ཕོད།ཟླ་གཉིས་ཀྱི་རྗེས་སུ་ཐུ་བྷོད་ཚོ་བར་མི་ཉག་དཔུང་དམག་ཁྲི་བཅུས་རོགས་དམག་མཛད་པས་གཡུལ་ཐེངས་གཅིག་གིས་ཧྲན་ཀྲིག་(鄯州)་ཕྱིར་འཕྲོག་ཏེ།ཝང་ཀྲན་(王瞻)་གྱི་དམག་དཔུང་ཧོང་ཀྲིག་(湟州)་ཏུ་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་།སྐབས་དེར་སུང་དམག་གིས་སྲིད་བྱུས་བསྒྱུར་ཞིང་སུང་ལ་མགོ་བཏགས་ཟིན་པའི་ལུང་བཙན་ཕྱིར་བོར་ཏེ།ཧི་ཀྲིག་མཐའ་ཁུལ་སྤྱི་ཁྱབ་དཔོན་དང་།ཧྲན་ཀྲིག་(鄯州)་ལྟ་ཞིབ་དཔོན།དེ་མིན་ཀྲའོ་ཧེར་ཏིག་(赵怀德)་ཅེས་པའི་མཚན་གནངས་ལ་ལུང་བཙན་གྱི་སྤུན་སྤང་སྤོས་ཝུ་ཏིན་ཝ་གོ་ཀྲིག་དྲག་པའི་དཔོན་དང་།ཧོང་ཀྲིག་(湟州)་ལྟ་ཞིབ་དཔོན་ཏུ་བསྐོས་ཏེ།མཚན་ལའང་ཀྲའོ་ཧེར་ཡིས་(赵怀义)་བཏགས་ཤིང་མཐར་རྒྱའི་དམག་སྤྱི་ཝང་ཀྲན་(王瞻)་གྱིས་དམག་དཔུང་ཁྲིད་དེ་ཧི་ཀྲིག་ཏུ་ཕྱིར་འཐེན་བྱས།
སུང་ཧྲིན་ཙུང་(宋神宗)་གི་དུས་མགོར་རྒྱལ་ཁབ་ནང་ཁུལ་གྱི་གྲལ་རིམ་འགལ་ཟླ་དང་མི་རིགས་འགལ་ཟླ་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར་བའི་གནས་བབ་ཀྱི་སྐབས་སུ་བློ་ཡངས་ལ་དཀྱེལ་ཆེ་བའི་ཁྲིམས་ལུགས་གསར་བརྗེ་བ་ཝང་ཨན་ཧྲི་(王安石)་སོགས་ཀྱི་སྐྱེས་བུ་ཚོས་ཆབ་སྲིད་ཀྱི་བཅོས་བསྒྱུར་གང་ལེགས་མཛད་དེ་རྒྱལ་ཁབ་སྟོབས་ཤིང་དམག་ཤུགས་དྲག་པོའི་ཕུགས་འདུན་སྒྲུབ་རྩིས་བྱས།སྐབས་དེ་ཤེད་དུ་སུང་སྲིད་གཞུང་གི་གཞུང་ཞབས་བསྡུ་ལེན་གྱི་རྒྱུགས་གཞི་ནང་མ་ཚུད་པར་ཧྲན་ཞི་ཁུལ་ཏུ་འཁྱམ་ཉུལ་བྱས་ཏེ།མཐའ་ཁུལ་གྱི་གནས་བབ་རྩད་གཅོད་བྱེད་པའི་ཝང་ཡུན་(王韶)་སུང་གི་རྒྱལ་སར་འབྱོར་ཞིང་སྲིད་གཞུང་ལ་མཐའ་མི་འདུལ་བའི་ཇུས་ལེའུ་གསུམ་ཞེས་པ་ཕུལ།དེ་ནི་མི་ཉག་འདུལ་བའི་ཐབས་དང་།ནུབ་བྱང་མཐའ་ཁུལ་གྱི་དཀའ་ངལ་ཇི་ལྟར་སེལ་བར་བསམ་འཆར་འཐུས་ཚང་ཞིག་བཏོན།དེ་ཡང་མཐའ་མ་འདུལ་བའི་ཇུས་ཞེས་པར་མི་ཉག་འདུལ་ནུས་ཏེ།གལ་ཏེ་མི་ཉག་འདུལ་སྙིང་འདོད་ཚེ་ཐོག་མར་རྨ་ཙོང་ཆུ་བོའི་བཞུར་ཡུལ་རྣམས་དབང་དུ་བསྡུས་དགོས་ལ།དེ་ལྟར་བྱས་ཚེ་ད་གཟོད་མི་ཉག་ལ་དགྲ་རྒྱབ་ཕྱོགས་ནས་འོང་བའི་སེམས་ངལ་ཆེ་ཞེས་བཀོད་འདུག་ཅིང་ཐབས་ཇུས་འདི་སུང་ཧྲིན་ཙུང་(宋神宗)་གི་ཐུགས་ཐོག་ཏུ་འཁེལ་བས་ཡིས་ཉིན་ཁྲི་ལོ་དང་པོ་1068་ལོའི་ཟླ་བདུན་པར་ཝང་ཡུན་(王韶)་ལ་མཐའ་འདུལ་དཔོན་གྱི་བཀའ་ཡིག་ལྕི་མོ་དང་བཅས་ཆིན་ཀྲིག་ཏུ་སླེབས་ཤིང་དེའི་ལོ་གསུམ་པར་སླར་ཡང་ཐུ་བྷོད་ཚོ་བའི་ཁུལ་ཏུ་ཞིང་ཚོང་ལས་རིགས་དང་མཁར་གྲོང་སོགས་སྤེལ་བའི་འགན་བླངས།ཝང་ཡུན(王韶)་རང་གི་བྱ་བཞག་ལ་བློ་དཀར་པོས་ལོ་ཤས་ནང་དུ་ཆིན་ཀྲིག་(秦州)ཐུ་བྷོད་ཚོ་བའི་དཔོན་པོ་རྣམས་སྐོང་འགུག་དང་།རོགས་སྐྱོབ་མཛད་པས་རྩ་བའི་ཆ་ནས་ཁུལ་འདིའི་ཆབ་སྲིད་གནས་བབ་དབང་དུ་བསྒྱུར་ཞིང་བོད་འབངས་ཁྲི་སུམ་ཅུ་ལྷག་བསྡུས་ཏེ།ས་ཞིང་ལེ་དབར་ཆིག་སྟོང་ཉིས་བརྒྱ་ཙམ་གསར་སྤེལ་བྱས།ཞིས་ཉིན་ཁྲི་ལོ་ལྔ་བ་1072་ལོའི་ཟླ་བདུན་པར་ཝང་ཡུན་(王韶)་གྱིས་དམག་དཔུང་དྲངས་ཏེ།ཝེ་ཡོན་མཁར་རྫོང་(渭源堡)བཟུང་།དེ་ནས་ཡང་ཡུལ་དེའི་ཐུ་བྷོད་ཚོ་དཔོན་ཆེན་མོ་རྨ་བློ་གྲོས་(蒙罗觉)་ཀྱིས་ནུབ་ཡུལ་པན་ཚང་(般擦)བཅོམ་ཞིང་ནང་ཁུལ་ཏུ་མགོ་མི་འདོགས་པར་བསྙད་དེ་དམག་དྲངས།གནད་དོན་འདི་ཞོད་འཇགས་སུ་སོང་རྗེས་སུང་དམག་གིས་ཆིས་ཧྲིན་ཕིན་མཁར་རྫོང་(乞神平堡)བཙན་བཟུང་བྱས།དེ་ནས་ཅུང་མ་འགོར་བར་ཝང་ཡུན་(王韶)་གྱིས་སླར་ཡང་དམག་དྲངས་ཏེ།རྨོ་བ་དང་།ཧྲེ་པ་ཚོ་བ་གཉིས་(水巴)གཏོར་མོད་ཐུ་བྷོད་ཚོ་བ་རྣམས་ས་ཡུལ་བཙན་སར་བཞུགས་ཏེ།ཕྱིར་རྒོལ་བྱས་པས་ཝང་ཡུན་ལ་ཕམ་ཉེས་བྱུང་ཏེ།གཏོར་རྒོལ་གྱི་ལམ་སྣ་བསྒྱུར།ཝང་ཡུན་王韶གྲོ་སྨྱུག་གླིང་(竹牛岭)བརྒལ་ཏེ།དམུ་ཕན་རི་(抹邦山)གཏོར་བཅོམ་བྱས་པ་མ་ཟད།དེའི་ཡུལ་མི་དང་སྦྲ་གུར་མེར་བསྲེགས་པས་ཐའོ་ཞི་(洮西)་འཇིགས་སྐུལ་ཆེན་པོ་ཐེབས།ཧི་ཀྲིག་གྱི་ཐུ་བྷོད་ཚོ་དཔོན་དམུ་བཙན་གྱིས་དཔུང་དམག་ཁྲིད་ཁྲིད་དེ་ཐའོ་ཐོ་གཙང་བོ་བརྒལ་ཞིང་རང་གི་རིགས་མཐུན་གྱི་སྤུན་ཟླ་སྐོང་སྟེ།རྨོ་བ་(抹耳)་དང་སྲིད་པ་ཚོ་བ་སྟོབས་ཤུགས་གསར་དུ་སྒྲིག་སྟེ།སུང་དམག་གི་བཙན་འཛུལ་འགོག་རྒོལ་བྱས།འདི་ལྟ་བུའི་རྣམ་པར་གདོང་ལེན་བྱེད་ཆེད་ཝང་ཡུན་གྱིས་རང་གི་དམག་སྤྱི་ཅིན་སུ་ལིན་(景思立)དང་ཝང་ཚུང་(王存)་གཉིས་ལ་དམག་སྣེ་ཀྲོའོ་ཉིག་ལུན་(竹牛岭)་གི་ལྷོ་ལམ་ཕྱོགས་སུ་བསྐྱོད་དེ་ཟོག་རྫུན་གྱི་རྔམ་གཟི་མངོན་དུ་བཅུག་ཅིང་རང་ཉིད་ཀྱིས་གཙོ་ཤུགས་དམག་དཔུང་དྲངས་ཏེ།ཤར་རོང་ནས་ཝུ་ཧྲིན་རྫོང་(武胜城)ལ་འཇབ་རྒོལ་བྱས་པས་ཐུ་བྷོད་ཚོ་བས་རྒོལ་ལན་སྤྲད་མོད།ཐུ་བྷོད་ཀྱི་དམག་དཔུང་རྣམས་གནས་སྐབས་སུ་བསྡུ་སྒྲིག་བྱས་པའི་ཚོགས་པ་ཞིག་ཡིན་པས་སུང་གི་དམག་དཔུང་རྣལ་མའི་གཏོར་རྒོལ་དེ་ཟློག་མ་ཐུབ་པར་ཚོ་དཔོན་ཆེན་མོ་བྱ་ཡོད་(瞎药)ལ་སོགས་ཀྱིས་མཚན་དཀྱིལ་དུ་མཁར་རྫོང་བསྐྱུར་ནས་བྲོས་ཤིང་ཚོ་དཔོན་ཆོས་བཟང་བསིལ་དབང་ཨ་ཁུ་(曲撒四王阿珂)སུང་མགོ་བཏགས།དམུ་བཙན་གྱིས་གནས་བབ་འདི་མཐོང་བས་ཁུང་ལི་རྫོང་མཁར་(巩令城)་ནས་ཕྱིར་འཐེན་བྱས་ལ་དེའི་སྤུན་རྗེ་བོ་གཡུ་བཙན་(结吴延征)་དང་ཚོ་དཔོན་ཆེན་མོ་ཀླུ་ལུ་བཙན་སྣ་ཁྲིད་(李楞占纳芝)་སོགས་ཀྱིས་སྔ་གཞུག་བྱས་ཏེ།སུང་ལ་མགོ་བསྒུར།
སུང་དམག་གིས་ཝུ་ཧྲིན་མཁར་རྫོང་(武胜城)་བཟུང་རྗེས་ཝུ་ཧྲིན་ཀྲིན་ཐའོ་ཅིན་(镇洮军)་དུ་བསྒྱུར།ཞིས་ཉིན་ཁྲི་ལོ་ལྔ་བ་1072་ལོའི་ཟླ་བཅུ་པར་སུང་གིས་ཀྲིན་ཐའོ་ཅིན་(镇洮军)་ཞིས་ཀྲིག་ཏུ་བསྒྱུར་ཏེ།ཝང་ཡུན་ཞིས་ཧི་ལམ་གྱི་སྤྱི་ཁབ་ལྟ་ཞིབ་དཔོན་དུ་བསྐོས་བས་ཝང་ཡུན་镇洮军གྱིས་སླར་ཡང་སྨིན་དྲུག་ཉ་བཟང་རྒྱལ་གཉན་སོགས་ཚོ་དཔོན་རྣམས་བཀུག་ཅིང་ཧི་ཀྲིག་གཏོར་བའི་ཇུས་བཤམས།ཞིས་ཧི་(熙河)་ས་ཁུལ་གྱི་ཐུ་བྷོད་ཚོ་དཔོན་འགར་ཐོབ་གོ་ས་དང་རྒྱུ་དངོས་སོགས་ཀྱིས་བསླུས་པས་མུའུ་ལིན་ཁྲོན་གྱི་ཚོ་དཔོན་ཆེན་མོ་བོན་པོ་ཁྲང་སི་ཅུའུ་དང་དེ་མིན་གྱི་ཚོ་དཔོན་387་ཙམ་གྱིས་སྔ་གཞུག་བྱས་ཏེ།སུང་ལ་མགོ་སྒུར་ཞིང་གོ་གནས་བླངས་པས་ཧི་ཀྲིག་གི་སྨིན་དྲུག་ཉ་བཟང་རྒྱལ་གཉན་ལ་འདི་ལྟར་ཚབས་ཆེ་བའི་འཇིགས་སྐུལ་ཐེབས།
ཞིས་ཉིན་ཁྲི་ལོ་དྲུག་པ་1073་ལོའི་ཟླ་གཉིས་པར་ཝང་ཧྲའོ་(王韶)གྱིས་དམག་དྲངས་ཏེ།ཧི་ཀྲིག་ལ་གཏོར་རྒོལ་བྱས་ཤིང་སྔ་རྟིང་ངང་ཞང་ཙི་རྫོང་མཁར་(香子城)་དང་ཧི་ནའོ་རྫོང་(河诺城)མཁར་གཉིས་བཟུང་ཞིང་ སྨིན་དྲུག་ཉ་བཟང་རྒྱལ་གཉན་གྱིས་མངའ་ཞབས་པ་སྟོང་ལྷག་ཙམ་སུང་དམག་གིས་དམར་གསོད་བྱས་པས་དམུ་བཙན་གྱིས་མངའ་ཞབས་པ་འགའ་ཁྲིད་དེ་མི་འགྲོ་ག་མེད་བྱུང་པས་སྨིན་དྲུག་ཉ་བཟང་རྒྱལ་གཉན་གྱི་བཙུན་མོ་ཞང་བཙན་མོ་དང་ཁོང་གི་སྲས་སྐྱིད་འབུམ་བློ་ཏང་(续本洛当了)་སུང་དམག་གིས་བཟུང་།ཟླ་བ་དེར་སུང་དམག་གིས་ཧི་ཀྲིག་བཟུང་པ་དང་། སྨིན་དྲུག་ཉ་བཟང་རྒྱལ་གཉན་གྱི་ཧི་ཀྲིག་ནས་ཕྱིར་འཐེན་བྱས་རྗེས་དེའི་མངའ་ཞབས་སྟོང་ཕྲག་ཙམ་གྱིས་ཞང་ཙི་རྫོང་མཁར་མཐའ་བསྐོར་ཏེ།རྒོལ་བས་སུང་དམག་གི་གོ་མཚོན་དང་དམག་རྒྱགས་འབོར་ཆེན་འཕྲོག།ཝང་ཧྲའོ་(王韶)གྱིས་ཅིན་ཐན་ཆུང་(禁田琼)་ལ་མདའ་བ་བདུན་བརྒྱ་ལྷག་ཁྲིད་དུ་བཅུག་སྟེ།རོགས་དམག་ལ་མངགས་མོད་ཉིག་ཅིན་རོང་དུ་འབྱོར་དུས་བོད་དམག་གིས་གཏོར་རྒོལ་ཐེབས་ནས་རྩ་མེད་དུ་གྱུར།ཝང་ཧྲའོ་(王韶)གྱིས་སླར་ཡང་མའོ་ཧྲིག་(渵授)་ལ་དམག་རྟ་ཁྲིད་དེ་མངགས་པ་དེ་ཞང་ཙི་མཁར་བསྐོར་བའི་བོད་དམག་གིས་ཕྱིར་བསྐྲོད་བྱས་ཀྱང་སྐབས་འདིར་སུང་དམག་གིས་ཕྱི་ནང་གཉིས་ནས་བོད་དམག་ལ་གཏོར་རྒོལ་བྱས་པས་བོད་མི་ལྔ་སྟོང་ལྷག་ཤི་རྨས་བྱུང་ཞིང་སྦྲ་གུར་གྲངས་མེད་པ་མར་བསྲེགས།རྗེས་སུ་ཝང་ཡུན་(王韶)་ཐུ་བྷོད་ཀྱིས་གཡུལ་བཙན་ས་དང་འགག་འཕྲང་དོག་མོ་བཟུང་པར་ཁག་བསྙད་དེ་ཅིན་སུའུ་ལི་(景思立)དམག་དྲངས་ཤིང་བོད་མི་སུམ་སྟོང་ལྷག་གི་མགོ་བྲེགས།སུང་དམག་གིས་སྐབས་དེ་ཤེད་དུ་ཧི་ཀྲིག་ཉེ་འཁོར་ཏུ་བོད་དམག་དང་འཐབ་བཞིན་པའི་སྐབས་སུ་སྨིན་དྲུག་ཉ་བཟང་རྒྱལ་གཉན་གྱིས་སྐབས་དེ་དང་བསྟུན་ནས་དམག་དྲངས་ཏེ་ཧི་ཀྲིག་མཁར་ཕྱིར་བླངས་བས་ཞང་ཙི་མཁར་ཡང་ཕབ་ཅིང་འབྲུ་ཆེན་དགོན་གྱི་སུང་དམག་ལ་ཐུ་བྷོད་ཀྱིས་འཇབ་རྒོལ་བྱས་པས་སུང་དམག་གི་མགོ་མཇུག་གཉིས་ཀ་ཅི་བྱ་གཏོལ་མེད་དུ་གྱུར།ཝང་ཡུན་(王韶)ཞིས་ཀྲིག་ཏུ་ཕྱིར་འཐེན་བྱས་རྗེས་ཡང་བསྐྱར་ཧི་ཀྲིག་ལ་རྒོལ་བའི་ཇུས་བཤམས།ཐེངས་འདིར་ཁོས་དམག་འདྲེན་གྱི་ལམ་བུ་བསྒྱུར་ཏེ།དཔུང་དམག་ཐའོ་ཧི་ཆུ་བོ་བརྒལ་ཞིང་ཁང་ལུག་(康乐)་དང་།ཇེ་ཧིག་(结河)་ལིག་ཇ་ཁྲིན་(刘家川)་རྫོང་མཁར་སོགས་བཟུང་ལ་དེ་ནས་ཞང་ཙི་རྫོང་(香子)་དང་།ཧི་ནོ་རྫོང་(河诺)་ཡར་བསྐྱར་ཕབ་སྟེ།གཞོགས་གཉིས་ནས་ཧི་ཀྲིག་མཐའ་བསྐོར།འདི་ལྟ་བུའི་འཆི་གསོན་གྱི་གནས་སུ་ལྷུང་བའི་སྐབས་སུ་ཞིས་ཀྲིག་ཤར་ལྷོ་དང་།མིན་ཀྲིག་རྒྱུད་དུ་སྡོད་པའི་ཐུ་བྷོད་ཚོ་བ་རྣམས་དང་།ལྷག་པར་དུ་སྨིན་དྲུག་ཉ་བཟང་རྒྱལ་གཉན་གྱི་སྤུན་བྱ་དབུ་ཁྲི་(瞎吴叱)་ཚོ་དཔོན་བྱས་པའི་ཐུ་བྷོད་ཚོ་བ་རྣམས་སྨིན་དྲུག་ཉ་བཟང་རྒྱལ་གཉན་གྱི་ཧི་ཀྲིག་གི་ཚོ་བ་རྣམས་དང་དཔུང་རྡང་སྦྲེལ་ཏེ།སུང་དམག་འགོག་རྒོལ་བྱས།འགོག་སྲུང་གི་སྟོབས་ཤུགས་དྲག་པོ་ལྡན་པའི་གནས་བབ་ཁྲོད་སུང་དམག་ལ་ཕྱོགས་གང་སར་ཕམ་ཉེས་ལན་མང་སྤྲད་དེ་འགུལ་བསྐྱོད་བྱེད་མ་ཐུབ།ཕྱིས་སུ་ཝང་ཡུན་གྱིས་སྟག་རྒོད་ནགས་ནས་འདོན་པའི་ཐབས་ཇུས་སྤྱད་དེ།རང་གི་མངའ་ཞབས་རྣམས་ཁྲིད་དེ་ལྷོ་ཕྱོགས་གྱི་ལའོ་གོ་ཧྲན་(露骨山)་བརྒལ་ཞིང་ཐའོ་ཀྲིག་ཏུ་འབྱོར་ཏེ།སྨིན་དྲུག་ཉ་བཟང་རྒྱལ་གཉན་གྱི་སྤུན་དཔའ་བཙན་གྲོལ་གྱི་མངའ་ཁོངས་གཏོར་ཞིང་རིམ་གྱིས་ལྷོ་རི་ཚོ་བའང་བཅོམ།སྨིན་དྲུག་ཉ་བཟང་རྒྱལ་གཉན་གྱིས་རང་གི་སྤུན་ཟླར་རོགས་དམག་མཛད་ཕྱིར་ཚོ་དཔོན་རྒྱལ་པོར་(结彪)མངའ་ཞབས་འགའ་ཁྲིད་དེ་རྫོང་མཁར་སྲུང་དུ་བཅུག་ལ་ཁོང་རང་ཉིད་ཀྱིས་གཙོ་ཤུགས་དམག་དཔུང་ཁྲིད་དེ་སུང་དམག་གི་རྗེས་བསྙེགས་ཏེ་དམག་འདྲེན་པའི་གླེགས་བཙལ།སྐབས་དེ་ཤེད་དུ་ཝང་ཡུན་གྱིས་ལྐོག་ཏུ་དམག་དཔུང་ཁག་བགོས་ཏེ་ཅིན་སི་ལིས་(景思立)་ལ་ཧི་ཀྲིག་གཏོར་དུ་བཅུག་ཅིང་རང་ཉིད་ཀྱིས་སྨིན་དྲུག་ཉ་བཟང་རྒྱལ་གཉན་དང་འཆི་གསོན་གྱི་གཡུལ་བསྲེས་པས་དེ་རྣམས་གཏོར་ཞིང་རིམ་གྱིས་ཧི་ཀྲིག་ཕབ།
ཝང་ཧྲའོ་(王韶)་གྱིས་སླར་ཡང་ཧི་ཀྲིག་ཕབ་རྗེས་ཡང་བསྐྱར་མ་ལན་ཁྲོན་(马练川)་དུ་དམག་དྲངས་ཏེ་བྱ་དབུ་ཁྲི་(瞎吴叱)་བཀུགས་ཤིང་ཏིང་ཀྲིག་(宥州)་འཕྲོག།ཐའོ་ཀྲིག་གི་ལམ་ཁ་ཕྱེ་ལ་མིན་ཀྲིག་(岷州)་ཏུ་དམུ་བཙན་དང་གཡུལ་མ་བསྲེས་པར་མགོ་འདོགས་སུ་བཅུག་ཏེ།གྲོ་ལོ་ཁྲོན་དུ(绰罗川)་གཡུ་འབྲུག་ཚོ་བ་གཏོར་པས་ཐའོ་མིན་ནས་ཞིས་ཀྲིག་ཏུ་བགྲོད་ལམ་ཡངས་པོར་ཕྱེ།དེ་དང་མཐུད་དེ་ཏའི་ཀྲིག་(澄州)་གི་ཆུ་བློན་བཙན་(钦令征)་དང་།ཐའོ་ཀྲིག་(洮州)་གི་གོ་སི་རྒོད་(郭厮敦)་ལ་སོགས་པའི་ཚོ་དཔོན་རྣམས་རྫོང་མཁར་བཞིན་བཀའ་དངས་ལེན་བྱས་ཤིང་ཐའོ་ཀྲིག་ཡུལ་གྱི་དཔའ་བཙན་གྲོལ་གྱིས་ཀྱང་སུང་ལ་མགོ་བཏགས།
ཐེངས་འདིའི་གཡུལ་འགྱེད་ལོ་གཅིག་དང་ཕྱེད་ཀ་ཙམ་ལ་རྒྱུན་བསྲིང་ཞིང་སུང་དམག་གིས་ཞིས་()་དང་།ཧི()།ཐའོ()།མིན()།ཏའེ()།ཏང()་བཅས་ཀྲིག་རྣམས་ཕྱིར་འཕྲོག་ཅིང་ལེ་དབར་ཉིས་སྟོང་གི་ཡུལ་ཁམས་རྒྱ་བསྐྱེད་དེ་ངོ་རྒོལ་བྱེད་མཁན་གྱི་བོད་མི་ཆིག་ཁྲི་དགུ་སྟོང་ལྷག་གི་སྲོག་བཀུམས་ལ་ཚོ་ཁག་ཆེ་ཆུང་གི་བོད་མི་ཁྲི་སུམ་བཅུ་ཙམ་མངའ་འོག་ཏུ་བཅུག།སུང་དམག་ལ་རྒྱལ་ཁབ་ཐོབ་ཀྱང་ཆབ་སྲིད་ཀྱི་གནས་བབ་གཏན་འཇགས་མིན་ལ་ལྷག་པར་ཏུ་སུང་སྲིད་གཞུང་ཁ་བཤད་དོན་ལ་མི་གནས་པར་རང་སྣང་གང་ཤར་ངང་ཉེས་མེད་ཀྱི་སྲོག་བཀུམ་པའི་རྐྱེན་ལས་བྱུང་བའི་འཁོན་སེམས་ཀྱིས་སུང་སྲིད་གཞུང་དང་མགོ་བསྒུར་བའི་ཐུ་བྷོད་ཚོ་བ་རྣམས་ཀྱིས་སུང་ལ་ཡིད་རྟོན་མེད་པར་ཁོང་ཚོ་དང་བར་ཐག་ངེས་ཅན་ཞིག་བཟུང་འདུག།གནས་བབ་འདི་སྐབས་སུ་གྱི་ཐང་གྱི་ལྡོང་བཙན་གྱིས་གོ་སྐབས་དམ་བཟུང་བྱས་ཏེ་དམག་སྤྱི་ཀོས་ཀྲིང་(鬼章)་ལ་དམག་དཔུང་ཁྲི་ཙམ་གྱི་སྣེ་ཁྲིད་དེ་ཧི་ཀྲིག་(河州)་དང་།ཐའོ་ཀྲིག་(洮州)་སོགས་སུ་བསྐྱོད་དེ་ཐུ་བྷོད་ཚོ་བ་རྣམས་གྱེན་ལོག་བྱས་ཏེ།སྨིན་དྲུག་ཉ་བཟང་རྒྱལ་གཉན་དང་ལག་གདང་གཅིག་ཏུ་སྦྲེལ་བཞིན་སུང་ལ་རྒོལ་ནས་ཤོར་ཟིན་པའི་ས་ཆ་རྣམས་ཕྱིར་ལེན་རྩིས་བྱས།དེ་ལྟར་གྱེན་ལོག་བྱེད་པའི་ཀྲའོ་()་དང་།ཁྲང་()་སྲིད་()་བཅས་ཚོ་བ་གསུམ་ནུབ་རིར་འདུས་ཏེ་ཤིང་ནགས་གཅོད་ཀྱིན་པའི་སུང་དམག་ལ་འཇབ་རྒོལ་བྱས་པས་སུང་གི་བློན་ཀྲང་ཅིན་(张晋)་སོགས་མི་བདུན་ཙམ་བསད་ཅིང་སུང་གི་དམག་སྤྱི་ཅིན་སི་ལུས་(景思立)་ཡི་གེ་སྤྲིངས་ཏེ་དེ་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་གིས་དམོད་མོ་མཛད་པས་ཅིན་སི་ལུས་ཁོང་ཁྲོ་བསླང་སྟེ་ཁོ་ལ་རྒོལ་བའི་གླེགས་བཙལ།མཐར་ཀོས་ཀྲིང་(鬼章)ཀྱིས་བསམ་པ་ལྟར་ཅིན་སི་ལུས་(景思立)་ཀྱིས་སྤྲངས་ཡིག་མཐོང་མ་ཐག་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་ཏེ་ཁོང་དང་བློ་ཉེ་བ་རྣམས་ཀྱིས་ཁ་ཏ་ཇི་ལྟར་བྱས་ཀྱང་མ་ཉན་པར་ཀོས་ཀྲིང་(鬼章)་དང་རྒྱལ་ཕམ་འབྱེད་པའི་ཐག་བཅད་དེ་ཐ་པེ་རྫོང་མཁར་(踏白城)དུ་བསྐྱོད་ཅིང་ཀོས་ཀྲིང་(鬼章)་ཀྱིས་དཔུང་དམག་ཁྲི་གཉིས་ཁྲིད་ཅིང་དེ་ཉིད་ཁག་གསུམ་དུ་བགོས་ཏེ།སུང་དམག་འགོག་རྒོལ་བྱས་ཤིང་ཚ་ཚ་འུར་འུར་གྱི་གཡུལ་འགྱེད་དེ་ཉིན་གཅིག་ཙམ་ལ་བསྲེས་པས་སུང་དམག་ལ་ཤི་རྨས་ཚབས་ཆེན་བྱུང་སྟེ་ཕམ་ཉེས་བྱུང་ལ་དམག་སྤྱི་ཅིན་སི་ལུས་(景思立)་དང་།ཝང་ཉིན་(王宁)་ལིས་ཡོན་ཁར་(李元凯)།ད་དུང་སུང་ལ་མགོ་བཏགས་པའི་ཐུ་བྷོད་ཚོ་དཔོན་པོད་གཡུ་(包约)་བཅས་གཅིག་ཀྱང་མ་ལུས་པར་འདས་ཤིང་དཔུང་དམག་སྟོང་ཕྲག་དུ་མ་ཤི་རྨས་བྱུང་།ཐ་པེ་རྫོང་མཁར་(踏白城)་གྱི་གཡུལ་འགྱེད་ནི་སུང་སྲིད་གཞུང་གིས་ཞིས་ཧི་(熙河)་གཡུལ་འགྱེད་བྱས་པ་ནས་བཟུང་ཐུ་བྷོད་ཚོ་བས་སུང་དང་གཡུལ་འགྱེད་པའི་གཞི་རྒྱ་ཆེས་ཆེ་བའི་དམག་འཁྲུག་དང་པོ་དང་བོད་དམག་ལ་རྒྱལ་ཁ་ཤིན་ཏུ་ཆེན་པོ་ཞིག་ཐོབ་པའང་ཡིན་པས་སུང་སྲིད་གཞུང་སྐྱི་གཡའ་བར་བྱས།སྐབས་དེ་ཤེད་དུ་ཝང་ཧྲའོ་(王韶)་བཀའ་འབྱོར་རྒྱལ་སར་སྙེགས་ཀྱིན་པའི་ལམ་བར་ཡིན་ལ་ཐ་པེ་རྫོང་(踏白城)་ཏུ་སུང་དམག་ཕམ་ཉེས་བྱུང་བ་ཐོས་རྗེས་བྲེལ་སྟབས་ཀྱིས་ཆིན་ཀྲིག་(秦州)་ཏུ་ལོག་སྟེ།དམག་དཔུང་ཞིས་ཀྲིག་(熙州)་ཕྱོགས་སུ་ཁྲིད་ཅིང་ཧི་ཀྲིག་(河州)་ཏུ་ཁ་འཐོར་དུ་ཕྱིན་པའི་སུང་དམག་རྣམས་བསྡུ་རུབ་བྱས་ཏེ་ཐུ་བྷོད་ཀྱིས་བཟུང་བའི་འགག་ཕྲེང་རྣམས་གཏོར་བཞིན་ཀོས་ཀྲིང་(鬼章)་ཀྱི་སྟོབས་ཤུགས་ཉམས་དམས་སུ་བཏང་བས་དམུ་བཙན་སུང་ལ་མགོ་བོ་མི་སྒུར་ཐབས་མེད་བྱུང་སྟེ་ཧི་ཀྲིག་སླར་ཡང་ཞོལ་འཇགས་མཛད།
སུང་དམག་ཐ་པེ་རྫོང(踏白城དུ་ཕམ་ཉེས་བྱུང་བས་གནས་བབ་དེ་ལས་ཀྱང་གཏན་འཇགས་མེད་པར་བཟོས།ཧི་ཀྲིག་(河州)་ནུབ་ལྷོའི་མིན་ཀྲིག་(岷州)་གི་ཐུ་བྷོད་ཚོ་བ་རྣམས་དང་ལྷག་པར་དུ་ཚོ་དཔོན་ཆེན་མོ་དགེ་སློང་འོད་བཙུན་(温遵)་སྣེ་ཁྲིད་པའི་རོང་()་དང་།ཀླུ་()་ལུང་()་སོགས་ཚོ་བ་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ།མིན་ཀྲིག་(岷州)་ལ་རྒོལ།སུང་གི་དམག་སྤྱི་གོ་ཙུང་ཡུས་(高遵裕)་ཀྱིས་སུང་གི་དམག་དཔུང་དང་སུང་ལ་མགོ་བཏགས་པའི་བོད་ཀྱི་དམག་སྤྱི་པའོ་ཧྲིན་(包顺)་མངའ་ཞབས་ཁྲིད་དེ་མཉམ་འབྲེལ་ངང་རྒོལ་ལན་སྤྲད་དེ་མིན་ཀྲིག་(岷州)་འཇིགས་ཉེན་ལས་གྲོལ་ཞིང་བོད་མི་མང་པོ་དམར་གསོད་བཏང་།དེ་དག་ལས་ལྷག་འཕྲོར་གྱུར་རྣམས་བོད་ཀྱི་དཔའ་རྟུལ་ཞེས་པའི་རུ་དཔུང་དུ་བཅུག་སྟེ།དགེ་སློང་འོད་བཙུན་བཙན་གྱིས་སུང་ལ་མགོ་འདོགས་སུ་བཅུག།
ཐུ་བྷོད་ཚོ་བ་རྣམས་ཀྱིས་ཧི་ཀྲིག་ཏུ་མཉམ་འབྲེལ་ངང་སུང་ལ་ངོ་རྒོལ་བྱས་པ་དེར་ཕམ་ཉེས་བྱུང་ཡང་ཀོས་ཀྲིང་(鬼章)་གཙོ་ཤུགས་དཔུང་མི་ཕྱིར་འཐེན་བྱས་མེད་པས་ཁོང་གིས་སྔར་བཞིན་ས་བབས་ཀྱི་དགེ་མཚན་བེད་སྤྱད་དེ་ཚོ་བ་རྣམས་མཉམ་འབྲེལ་བྱས་ཏེ་སུང་དམག་ལ་མུ་མཐུད་དེ་གཏོར་རྒོལ་བགྱིས་པས་ཡུལ་དེའི་གནས་བབ་གཏན་འཇགས་མེད་པར་སུང་སྲིད་གཞུང་གི་རྒྱུན་ལྡན་གྱི་སྒྲིག་གཞི་རྣམས་འཆོལ།སྐབས་དེ་ཤེད་དུ་ཀོས་ཀྲིང་(鬼章)་ཀྱིས་ཡང་ཡང་གཏོར་རྒོལ་བྱས་པས་སུང་དམག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་འཕངས་ཤིང་སུང་གི་མཐའ་ཁུལ་གྱི་དཔོན་རིགས་ཚོས་ཐབས་ཤེས་ཡོད་དགུ་རྩལ་དཀྲུགས་བྱས་ཏེ་ཀོས་ཀྲིང་(鬼章)་འདུལ་བའི་སྟོང་སེམས་བཅངས།དཔེར་ན་དམག་ཤུགས་དྲག་པོ་བཀོལ་ཏེ་དྲག་གནོན་བྱེད་པའམ་སུང་ལ་མགོ་བཏགས་པའི་བོད་དམག་མངགས་ཏེ་མཐའ་མིས་མཐའ་མི་འདུལ་བའི་དམིགས་འབེན་སྙེགས་ཞིང་ཞོར་ལ་དགེ་སྒྲུབ་འཛིན་བཟུང་དང་ལྐོག་བསོད་བྱེད་པར་བྱ་དགའ་གྱ་ནོམ་པ་སྤྲོད་པའམ།ཡང་ན་གལ་ཏེ་ཀོས་ཀྲིང་(鬼章)་རང་ཉིད་ཀྱིས་མགོ་བཏགས་ཚེ་དཔོན་གནས་མཐོ་པོ་སོགས་བྱ་དགའ་གྱ་ནོམ་པ་སྤྲོད་རྒྱུ་བྱས་སྟེ་ལོ་ངོ་དུ་མ་འདས་ཀྱང་གནས་བབ་སྔར་བཞིན་རང་སོར་ལྷག་སྟེ།ཅི་བྱ་གཏོལ་བྲལ་དུ་གྱུར་བས་མཐར་ཞིས་ཉིན་ཁྲི་ལོ་བཅུ་བ་1077་ལོར་དགེ་སྒྲུབ་ཀོ་ཀྲིག་ལྟ་ཞིབ་དཔོན་དུ་བསྐོ་འཇོག་བྱས།
ལྡོང་བཙན་གྱིས་ཀོས་ཀྲིང་(鬼章)་མངགས་ཏེ་ཞིས་དང་ཧི་ཀྲིག་ས་ཁུལ་གྱི་ཐུ་བྷོད་ཚོ་བ་རྣམས་མཉམ་འབྲེལ་བྱས་ཤིང་སྔར་གྱི་ཤོར་ཟིན་པའི་ས་རྣམས་ཕྱིར་འཕྲོག་སྟེ།རྒྱལ་ཁ་ཕྲན་བུ་བླང་ཡང་སུང་དམག་གི་མཐར་ཐུག་གི་ལག་ཡར་གྱུར་མ་ཐུབ།སུང་དམག་གིས་ཞི་དྲག་གཉིས་ལྡན་གྱི་ཐབས་ལམ་སྤྱད་དེ་ཐུ་བྷོད་ཀྱི་དམག་དཔུང་འཐོར་ཤིག་གཏོར་བའམ་མགོ་འདོག་ཏུ་བཅུག་ལ་འདི་ལྟ་བུའི་གནས་བབ་ཁྲོད་ཀོས་ཀྲིང་(鬼章)་ཀྱིས་མངའ་ཞབས་རྣམས་ཁྲིད་དེ་ཀོས་ཀྲིང་(岷州)་ནས་ཕྱིར་འཐེན་བྱས་ཤིང་ཕྱིས་སུ་ལྡོང་བཙན་གྱིས་སླར་ཡང་རིམ་གྱིས་སུང་དང་འབྲེལ་བ་སླར་གསོ་བྱས་ལ་སུང་ཡང་འདི་ལྟར་མི་བྱེད་ག་མེད་བྱུང་།འདི་ལྟར་སྒྲུབ་པས་ཕྱོགས་གཉིས་ཀར་དགེ་ཕན་ཆེ།
ཁྲུང་ཉིན་ཁྲི་ལོ་དང་པོ་(1102)་ལོར་སུང་སྲིད་གཞུང་གིས་ཙོང་ཆུ་དང་།རྨ་ཆུའི་ཡུལ་དུ་བཞུགས་པའི་ཐུ་བྷོད་ཀྱི་ཚོ་དཔོན་ཀྲའོ་ཧེར་ཏིག་(赵怀德)ཞི་སྲིད་བློ་གསལ་(溪赊罗撒)་དང་དགྲར་ལངས་སུ་བཅུག་མོད་ཀྲའོ་ཧེར་ཏིག་(赵怀德)་གིས་རྐང་འཛུགས་མ་ཐུབ་པས་རྨ་ཆུའི་ལྷོ་ངོས་ཀྱི་ཐུ་བྷོད་ཚོ་བའི་ཁྲོད་མི་འགྲོ་ཐབས་མེད་བྱུང་།ལོ་ངོ་དུ་མའི་རྗེས་སུ་ཀྲའོ་ཧེར་ཏིག་(赵怀德)་ཝང་ཧུ་(王厚)་རྒྱུད་དེ་སུང་སྲིད་གཞུང་དང་འབྲེལ་བ་སླར་གསོ་བྱས་ཤིང་ཁོང་སུང་གི་རྒྱལ་ས་ཁེར་ཧྥུན་(开封)་དུ་བསླེབས་ཏེ་སུང་སྲིད་གཞུང་གིས་ཁོང་ལ་ཨན་ཧྭ་ཆིན་ཝང་རྒྱལ་པོའི་(安化郡王)གོ་གནས་བསྩལ།ཀྲའོ་ཧེར་ཏིག་(赵怀德)་བྲོས་བྱོལ་ཏུ་ཕྱིན་པ་དེས་རྨ་ཚོང་ཆུ་བོའི་ཡུལ་རྣམས་བདག་མེད་ངང་ལུས་སུ་བཅུག་པས་སུང་སྲིད་གཞུང་གིས་ཝང་ཀྲན་(王瞻)་གྱི་མངའ་ཞབས་པ་ཝང་ཧུ་(王厚)་ཁྲིད་དེ་སླར་ཡང་མཚོ་སྔོན་ཤར་ཕྱོགས་སུ་བསྐྱོད་དེ་ཁྲུང་ཉིན་ཁྲི་ལོ་གསུམ་པ་1104་ལོར་སུང་དམག་གིས་ཧྲན་ཀྲིག་(鄯州)་དང་།་ཡུལ་རྣམས་ཕྱིར་བླངས་ལ་སུང་གི་ལྟ་སྲུང་དཔོན་ཐུང་ཀོན་(童贯)་ཡང་དམག་དཔུང་དང་ལྷན་དུ་ཧྲན་ཀྲིག་ལ་འབྱོར་ཞིང་ལོ་དེར་ཧྲན་ཀྲིག་(鄯州)་ཟི་ལིང་ཀྲིག་(西宁州)་ཏུ་བསྒྱུར།དེ་ལྟ་ནའང་མི་ཉག་གི་རོགས་སྐྱོར་འོག་ཐུ་བྷོད་ཚོ་བས་ཟི་ལིང་ས་ཁུལ་སོགས་ལ་ལྷོད་མེད་དུ་རྒོལ་པས་ཙོང་ཆུའི་བཞུར་ཡུལ་གྱི་སུང་གི་དབང་བསྒྱུར་དེ་རླུང་ཁའི་མར་མེ་ལྟར་འཇིག་ལ་ཉེ།དེ་བཞིན་སྐབས་དེ་ཤེད་དུ་བྱང་ཕྱོགས་ཀྱི་ཉིས་ཀྲིན་མི་རིགས་ཏེ་མན་ཇུས་ཀྱིས་བཙུགས་པའི་ཅིན་(金国)་རྒྱལ་ཁབ་ཀྱིས་ལྷོ་ཕྱོགས་སུ་དཔུང་ཆེན་བཤམས་ཏེ།སུང་གི་རྒྱལ་ས་ཁད་ཧྥིན་(开封)་ལ་སླེབས་པས་སུང་སྲིད་གཞུང་གིས་ནུབ་བྱང་ཁུལ་ལ་སྲིད་དབང་བསྒྱུར་ཐབས་མ་བྱུང་།ཅན་ཡན་ཁྲི་ལོ་དང་པོ་1127་ལོར་ཅིན()དམག་གི་བཙན་འཛུལ་ཧྲན་ཞི་ནང་ཁུལ་དུ་བསླེབས་ཤིང་ལོ་དེའི་ཟླ་དྲུག་པར་སུང་སྲིད་གཞུང་གི་རྒྱལ་སྲས་ཀྱི་གདུང་རྒྱུད་ལུང་བཙན་གྱི་སྤུན་གཡུ་མང་ལྡོང་བཙན་ཨན་ཧྭ་ཅིན་རྒྱལ་པོར་(安化郡王)་གོ་གནས་བསྩལ་དེ་མཚན་ལ་ཀྲའོ་ཧེར་ཨིན་བཏགས་ཤིང་ཙོང་ཆུ་དང་རྨ་ཆུའི་བཞུར་ཡུལ་ལ་དབང་བསྒྱུར་ལ་འདི་ནས་བཟུང་ཧི་ཀྲིག་(河州)་དང་ཙོང་ཆུའི་བཞུར་ཡུལ་ལ་ལོ་ངོ་ཉི་ཤུ་རིང་དབང་བསྒྱུར་བའི་སུང་རྒྱལ་རབས་ཀྱི་སྟོབས་ཤུགས་ཕྱིན་འཐེན་ཏེ་སུང་བྱང་མ་ཉམས།
ཅིན་()་གྱིས་སུང་བྱང་མ་རྩ་མེད་བཟོས་རྗེས་བཙན་འཛུལ་གྱི་དཔུང་སྣེ་རྒྱའི་ཡུལ་དབུས་ས་ཆ་ནས་ནུབ་ཁུལ་དུ་བསྒྱུར།སྤྱི་ལོ་1130་ལོར་ཅིན་()་གྱི་གཙོ་ཤུགས་དམག་གི་གཡོན་རུའི་དམག་སྤྱི་ཙུང་ཧྥུ་(宗輔)་ཧྲན་ཞིས་(དེང་གི་ཀན་སུའུ་དང་།མཚོ་སྔོན།ཉིན་ཞ་བཅས་འདུས།)བརྒྱུད་དེ་ཞིས་ཀྲིག་(熙州)་བཟུང་།ལོ་གཉིས་པར་ཅིན་()་གྱི་དམག་སྤྱི་ཙུང་པུ་ཨ་ཧོ་པུ(阿卢补)་གཉིས་ཀྱིས་མུ་མཐུད་དེ་ནུབ་བསྐྱོད་བྱས་ཏེ།ཀོང་()་དང་བ་ཙེ།()།ཧི་()།གྲོ་ཚང་()།ཟི་ལིང་(西宁)་ལན་ཀྲིག()་ཆུ་འཁོར།()་རྨ་ཆེན་གངས་སོགས་སྔ་ཕྱིར་ཅིན་གྱི་དབང་འོག་ཏུ་བཅུག་ལ་དེ་ནས་བཟུང་ཅིན་ཡོན་(泾源)་དང་ཞིས་ཧི་(熙河)་ལམ་བུ་གཉིས་ཅིན་དམག་གིས་དབང་བསྒྱུར་བྱས།ཅིན་མིའི་()་དྲག་པོའི་དཔུང་ཤུགས་ཀྱི་འཇིགས་སྐུལ་འོག་ཀྲའོ་ཧེར་ཏིག་(赵怀德)་ཀྱང་ཟི་ཁྲོན་དབུས་ཁུལ་དུ་བྲོས་ཤིང་ཕྱིས་སུ་ཟི་ཁྲོན་ལིང་ཀྲུང་དུ་བསླེབས་ཏེ་སུང་ལྷོ་མར་མགོ་བཏགས་ཤིང་འདི་ནས་བཟུང་ཙོང་ཁ་རྒྱལ་བོའི་སྲིད་དབང་མཇུག་སྒྲིལ་ལ་ཀན་སུའུ་ཧྲིལ་པོར་མིན་ཀྲིག་(岷州)་འབའ་ཞིག་ལས་དེ་མིན་གྱི་ས་ཆ་གཞན་རྣམས་ཅིན་(金国)་གྱིས་བཟུང་།
སྐབས་དེ་ཤེད་དུ་མི་ཉག་གིས་རྨ་ཆུའི་བྱུང་རྒྱུད་བཟུང་ཞིང་ཅིན་(金国)གྱིས་རྨ་ཆུའི་ལྷོ་ངོས་དབང་དུ་བསྡུས་ཏེ་ཕྱོགས་གཉིས་གས་ས་དེའི་ཐུ་བྷོད་ཀྱི་དམག་ཤུགས་ལ་རྟེན་རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་བྱེད་ཀྱིན་ཡོད་།རྨ་ཆུའི་ལྷོ་ངོས་སུ་གྲོན་ལིང་(庄浪)་དང་ཆའོ་ཅ་(乔家)་ཀོས་ཧུའུ་(鬼戶)མུའུ་པོ་(木波)་པ་ཡང་(把羊)་པིན་ལིས་(丙离)་ལོ་ལུས་(鲁黎)་ལུང་ཕུ་(陇逋)་སོགས་ཚོ་ཆེན་པོ་རྣམས་མཆིས་ལ་ཞི་ཨན་རྫོང་(析安城)་ཏུ་སྡོད་པའི་གྲོན་ལིང་ཚོ་བའི་མངའ་ཞབས་སུ་གཏོགས་པའི་ཚོ་བ་རྣམས་ནི་ཁྲེ་ཀྲིག་མིན(吹折门)་མུས་ཙང་མིན་(密臧门)་ལུང་ཕུ་མིན་(陇逋门)་འཕང་པེ་ཚོ་བ་སོགས་མཆིས།ཀྲའོ་ཁྲུན་ཀྲོང་(赵醇忠)་ངམ་ཀྲའོ་ཧྲིན་ཀྲོང་(赵顺忠)སྟེ།དཔལ་བཙན་གྲོལ་གྱི་སྲས་ཀྲའོ་ཡོང་སྐྱིད་(赵永吉)་དང་།ཚ་བོ་ཀྲའོ་ཧྲི་ཁྲང་(赵世昌)་བཅས་ཀྱིས་སུང་སྲིད་གཞུང་ནས་དཔོན་གནས་བླངས་ཤིང་ཅིན་གྱིས་རྨ་ཆུའི་ལྷོ་ངོས་བཟུང་རྗེས་ཕོ་ཉ་མངགས་ཏེ་ཞིས་ཀྲིག་(熙州)་དང་ཧི་ཀྲིག་(河州)་ཏུ་བསྐྱོད་དེ་ཐུ་བྷོད་ཚོ་བ་རྣམས་བཀུགས་ལ་ཀྲའོ་ཧྲི་ཁྲང་(赵世昌)་གིས་ཅིན་རྒྱལ་ཁབ་ཀྱིས་བསྩལ་བའི་དཔོན་གནས་ཀྲུང་དབྱི་ཞའོ་ཧྥུ་(忠翌校尉)་ཞེས་པའི་དཔོན་གནས་བཞེས།རྗེས་སུ་ཀྲའོ་ཧྲི་ཁྲིང་(赵世昌)་དང་ཀེ་ལོ་(鬼芦)་ཚོ་བའི་དཔོན་པོ་གཉིས་ཅིན་ཙང་(京臧)་གཉིས་བར་ལ་འགལ་བ་བྱུང་བས་ཅིས་ཚང་(京臧)་གིས་ཀྲའོ་ཧྲི་ཁྲང་ལྐོག་གསོད་བྱས་མོད་ཀྲའོ་ཧྲི་ཁྲང་(赵世昌)་ཅིན་གོང་མས་མངགས་བཅོལ་དཔོན་ཡིན་པས་ཅིན་དམག་གིས་ཅིས་ཙང་(京臧)་བཟུང་སྟེ།བ་ཙེ་(临洮)་རུ་མགོ་བྲེགས།ཅིན་གོང་མས་ཀྲའོ་ཧྲི་ཁྲང་(赵世昌)་གི་བུ་ལ་ཕ་ཤུལ་འཛིན་དུ་བཅུག་སྟེ།པ་ཡང་(把羊)ཚོ་བའི་ཚོ་དཔོན་བྱས།སུང་ལུང་ཞིན་ཁྲི་ལོ་གཉིས་པ་སྟེ།སྤྱི་ལོ་1164་ལོར་སུང་དམག་གིས་ཐའོ་ཀྲིག་(洮州)གཏོར་ཞིང་ཡུལ་འདིར་བཞུགས་པའི་ཀྲའོ་ཧྲི་ཁྲང་(赵世昌)གི་གདུང་སྲས་ཇེ་ཧྲི་ཅའོ་(结什角)་རང་ཉིད་ཀྱི་ཡུམ་དང་བཅས་བྲེ་བོ་ཚང་གི་ཕྱོགས་སུ་བྲོས་ཤིང་བྲེ་ཚང་ཚོ་བོའི་དཔོན་པོ་སྤོ་ཐུབ་(播逋)་དང་དམུ་པོ།ལུང་པོ།འཕང་པེར།པུ་ལིས་ཚོ་བ་བཞི་ཡིས་ཇེ་ཧྲི་ཅའོ་ (结什角)་དམུ་པོ་སོགས་ཚོ་བ་བཞིའི་ཚོ་དཔོན་དུ་བསྐོས་ཏེ།མཚན་ལ་རྒྱལ་སྲས་བཏགས།སུང་ཆན་ཏའོ་ཁྲི་ལོ་དང་པོ་སྟེ།སྤྱི་ལོ་1165་ལོར་མངའ་ཞབས་རྣམས་ཁྲིད་དེ་ཅིན་རྒྱལ་ཁབ་ལ་མགོ་བཏགས།འདི་ནི་རྒྱལ་སྲས་སྲིད་དབང་འཐོར་ཤིག་ཏུ་སོང་རྗེས་རྒྱལ་སྲས་ཀྱི་གདུང་རབས་ཕྱི་མས་ཅིན་གྱི་རོགས་སྐྱོར་ལ་རྟེན་ནས་བཙུགས་པའི་ས་གནས་སྲིད་དབང་ཆུང་ངུ་ཞིག་སྟེ།དེ་ཡུལ་ཁམས་དེ་ས་ལེ་དབར་བརྒྱད་སྟོང་ཙམ་དང་དུད་གྲངས་ཁྲི་བཞི་ལྔ་ཙམ་གྱིས་གྲུབ་ཅིང་ས་གནས་སྲིད་དབང་ཆུང་ངུ་འདིའི་ས་ཁམས་གནས་བབ་ནི་དེང་གི་ཀན་ལྷོ་ཁུལ་གྱི་ལྷོ་རྒྱུད་ས་ཆ་ཡིན།སུང་ཆན་ཏའོ་ཁྲི་ལོ་དྲུག་པ་སྟེ།སྤྱི་ལོ་1170་ལོར་ཇེ་ཧྲི་ཅའོ་ (结什角)་གྱི་ཚ་བོ་ཀྲའོ་ཧྲི་ཀའོ་(赵师古)་སྟེ་ཀྲའོ་ཐའེ་ཡང་(赵铁养子)་གི་གདུང་སྲས་ཀྱིས་ཚོ་བ་བཞིའི་མངའ་ཁོངས་མུ་མཐུད་དབང་བསྒྱུར་ཏེ།ཞོན་ཝུ་(宣武)་དམག་སྤྱིའི་གོ་གནས་བསྩལ།


















         
         





         


No comments:

Post a Comment